རྟོག་བཟོས་དངོས་ཡོད་ཁོར་ཡུག་ཅེས་པ་ནི་གློག་ཀླད་ཀྱི་ལད་ཟློས་ལ་བརྟེན་ནས་གསུམ་ལྡན་བར་སྟོང་བྱུང་བའི་རྟོག་བཟོས་འཇིག་རྟེན་ཞིག་ཡིན་ཞིང་།དེས་བཀོལ་མཁན་གྱི་མཐོང་ཚོར་སོགས་ཀྱི་ཚོར་དབང་གི་ལད་ཟློས་འདོན་སྤྲོད་བྱས་ཏེ།བཀོལ་མཁན་གྱི་ཚོར་བ་ནི་རང་ཉིད་ཀྱི་ཡུལ་དང་འདྲ་བ་དང་།དུས་ཐོག་དང་ཚད་བཀག་མེད་པའི་སྒོ་ནས་གསུམ་ལྡན་བར་སྟོང་ནང་གི་བྱ་དངོས་ལ་ལྟ་ཞིབ་བྱེད་ཐུབ་པ་ཞིག་ཡིན།

དངོས་དོན་རྟོག་བཟོ་ཉེ་འཆར་གསར་དུ་ཐོན་པའི་མཐོ་གསར་་ལག་རྩལ་ཞིག་ཡིན་ཅིང་། དངོས་དོན་རྟོག་བཟོ། ཞེས་པ་ནི་གློག་ལས་ལ་བརྟེན་ནས་དཀྱུས་ཞེང་དཔངས་གསུམ་ལས་གྲུབ་པའི་འཇིག་རྟེན་གྱི་ཞིང་ཁམས་ཤིག་རྟོག་བཟོ་བྱས་པ་ཟེར། ། བེད་སྤྱོད་གཏོང་མཁན་གྱི་མཐོང་ཚོར་དང་ཐོས་ཚོར་དེ་བཞིན་རེག་ཚོར་བཅས་འབྲེལ་བའི་ཚོར་དབང་ཞིག་རྟོག་བཟོ་བྱས་ནས་བེད་སྤྱོད་གཏོང་མཁན་དངོས་ལ་མྱོང་བ་དངོས་སྦྱིན་པ་མ་ཟད་ཕྱོགས་གསུམ་གྱི་དངོས་པོ་ཡོངས་ལ་ལྟ་ཞིབ་ལེགས་པར་བྱེད་ཆོག