དམིགས་བརྩེ་མ།
དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས།། དྲི་མེད་མཁྱེན་པའི་དབང་པོ་འཇམ་པའི་དབྱངས།། འདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག ། གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ།། བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས།།
དམིགས་བརྩེ་མ།
རྩོམ་སྒྲིགའདི་ནི་རྗེ་ཙོང་ཁ་པར་བསྟོད་བསྔགས་བྱེད་པའི་ཚིགས་བཅད་ཅིག་སྟེ། ཐོག་མར་རྗེ་ཙོང་ཁ་པ་ནས་རང་ཉིད་ཀྱི་བླ་མ་རྗེ་བཙུན་རེད་མདའ་བར་བསྟོད་པ་ཡིན་མོད། རྗེ་རེད་མདའ་བས་བསྟོད་བསྔགས་འདི་ང་ལ་འོས་པ་མི་འདུག་གསུངས་ནས་ཚིག་རྐང་རྗེས་མ་གཉིས་རྗེ་ཙོང་ཁ་པར་ཚིག་བསྒྱུར་གནང་སྟེ་ཚུར་འབུལ་བར་མཛད། བསྟོད་བསྔགས་འདིར་ཤོ་ལོ་ཀ་གཅིག་ཡོད་པ་དེ་ལ་ཡོངས་གྲགས་སུ་གསོལ་འདེབས་དམིགས་བརྩེ་མ་ཟེར། །
ནང་དོན་འདིའི་རེ་བ།གཙང་མ་བཟོས་པ། . ཁྱེད་ཀྱིས་ཐུབ་ན་ནང་དོན་འདིར་བཟོ་བཅོས་ལེགས་པར་གྱིས། |
- དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས།།
- དྲི་མེད་མཁྱེན་པའི་དབང་པོ་འཇམ་དཔལ་དབྱངས།།
- བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག།
- གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ།།
- བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས།།
གོང་གི་ཀུན་མཁྱེན་བླ་མ་ཙོང་ཁ་བ་ཆེན་པོའི་གསོལ་འདེབས་འདི་ནི། ཙོང་ཁ་བ་ཆེན་པོས་ཐོག་མར་རང་གི་བླ་མ་རེད་མདའ་བ་ལ་ཕུལ་བའི་གསོལ་འདེབས་ཤིག་ཡིན། དེ་ཡང་འདི་ལྟར་ཕུལ་ཡོད་དེ། དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས།། དྲི་མེད་མཁྱེན་པའི་དབང་པོ་འཇམ་པའི་དབྱངས།། བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག ། གངས་ཅན་མཁས་པའི་གཙུག་རྒྱན་རེད་མདའ་བ།། གཞོན་ནུ་བློ་གྲོས་ཞབས་ལ་གསོལ་བ་འདེབས།། ཞེས་ཕུལ་བ་ན། བླ་མ་རེད་མདའ་བ་ནས། གསོལ་འདེབས་འདི་ནི་རྗེ་བླ་མ་བློ་བཟང་གྲགས་པ་རང་ལ་འོས་པ་ཡིན་ཅེས་འདོན་པ་ཁ་བསྒྱུར་ནས་གནང་བ་འདི་ལྟར། དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས།། དྲི་མེད་མཁྱེན་པའི་དབང་པོ་འཇམ་པའི་དབྱངས།། བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག ། གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ།། བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས།། ཞེས་སོ།། དུས་ཕྱིས་མདོ་སྨད་ཕྱོགས་སུ་རྗེ་གསར་རྐང་པའི་རྗེས་འཛིན་རི་ཁྲོད་པའི་ནང་དུ་གསོལ་འདེབས་འདི་ཅུང་ཟད་ཁ་བསྒྱུར་ནས་འདོན་སྲོལ་ཅིག་ཡོད་པ་ནི།