ན 1.བོད་ཡིག་གསལ་བྱེད་བཅུ་གཉིས་པ་འདིའི་ང་རོ་འདོན་ཚུལ་ལ་སྐྱེ་གནས་སོ་སྣ་དང་བཅས་པ་དང༌། བྱེད་པ་ལྕེ་རྩེ། ནང་གི་རྩོལ་བ་སོ་ལྕེ་ཕྲད་པ་དང༌། ཕྱིའི་རྩོལ་བ་སྲོག་ཆུང་སྒྲ་ལྡན། 2.མིང་གཞིའི་ཤིན་ཏུ་མོའི་ཡི་གེ་ཞིག 3.རྗེས་འཇུག་གི་མ་ནིང་ཡི་གེ་ཞིག 4.མིའི་ལོ་གྲངས་ཀྱི་ཚོད་དེ།

              (དཔེར་ན།) ལོ་ན་མཐོན་པོ། ཕྲུ་གུ་ནར་མ་སོན་པ།  

5.ལོ་ལྔ་ལོན་པའི་རྟ་དྲེལ་གྱི་ལོ། 6.ཆུ་རླན་ཆེ་བའམ་ཆུ་འཁྱིལ་མང་པོ་ཡོད་པའི་སྤང་ལྗོངས།

              (དཔེར་ན།) རྐྱང་ཁ་དཀར་རྨིག་བཞི་ན་ལ་ཟུག   

7.ཚིག་ཕྲད་ན་ཡིག 1>དམིགས་ཀྱིས་དབྱེ་བ།

              (དཔེར་ན།) དངོས་སུ་ན། མདོར་བསྡུས་ན། ཡིན་གྲང་ན་ཞེས་པ་ལྟ་བུ།  

2>རྒྱུ་མཚན་སྟོན་པ།

              (དཔེར་ན།) མེ་ཡོད་ན་དུ་བ་འབྱུང༌། ས་བོན་བཏབ་ན་འབྲས་བུ་སྐྱེ་ཞེས་པ་ལྟ་བུ།  

3>རྒྱུ་མཚན་དོན་གྱིས་སྟོན་པ།

              (དཔེར་ན།) ནད་མེད་ན་སྨན་པ་ཅིའི་ཕྱིར་བསྟེན། ཆང་མ་བཏུང་ན་ར་བཟི་དོན་མེད། ཆུ་མེད་ན་ཉ་ག་ལ་ཡོང༌ཞེས་པ་ལྟ་བུ།  

4>ཚིག་འགལ་བར་སྟོན་པ།

              (དཔེར་ན།) ཁོ་རང་མཁས་པ་ཡིན་པར་གྲགས་ནའང་བཟང་ངན་གྱི་དབྱེ་བ་འབྱེད་མི་ཤེས་པའི་རྨོངས་པ་ཞིག་རེད་འདུག་ཅེས་པ་ལྟ་བུ།   

5>འོས་པར་དཀའ་བ།

              (དཔེར་ན།) ཁྱི་ལའང་འཇིགས་ན་སེང་གེ་ལ་བཤད་མི་དགོས། མི་རྒན་པས་འཁུར་མི་ཐུབ་ན་ཕྲུ་གུས་ལྟ་ཅི་སྨོས། ནད་པ་དེ་ཕར་ཚུར་འགྲོ་ཐུབ་ན་ཡར་ལང་ཐུབ་པ་སྨོས་ཅི་འཚལ་ཞེས་པ་ལྟ་བུ། 

6>ཕྱི་ཚིག་ངེས་པར་བྱེད་པ།

              (དཔེར་ན།) དུད་འགྲོ་རྣམས་ཤིན་ཏུ་རྨོངས་ན་མིའང་དེ་ལྟར་འདུག  འབྲོག་པས་ཞིང་འདེབས་མི་ཤེས་ན་སོ་ནམ་པས་ཞིང་ཁ་འདེབས་མི་ཤེས་པའང་འདུག་ཅེས་པ་ལྟ་བུ།  

7>སྨོན་པ།

              (དཔེར་ན།) བདེ་བ་དང་ལྡན་ན་ཅི་མ་རུང་ཞེས་པ་ལྟ་བུ། 

8>ཐེ་ཚོམ་སྟོན་པ།

              (དཔེར་ན།) ས་བོན་ནི་བཏབ་ཟིན་ན་འདི་ལས་མྱུ་གུ་འབྱུང་ངམ་མི་འབྱུང༌། སྨན་བཏང་ཡོད་ན་ནད་ཨེ་སོས་མི་སོས། གདན་འདྲེན་ཞུས་ཟིན་ན་ཁོ་ཡོང་ངམ་མི་ཡོང༌ཞེས་པ་ལྟ་བུ།  

8.ལ་དོན་ཞིག

"https://bo.wikipedia.org/w/index.php?title=ན་&oldid=122787"ལས་སླར་རྙེད་སོང།