ནག་ཆུ་གྲོང་ཁྱེར་ནི་བོད་རང་སྐྱོང་ལྗོངས་ཀྱི་བྱང་ཕྱོགས་སུ་ཡོད་པ་དང་། ཤར་ཕྱོགས་ཆབ་མདོ་དང་འབྲེལ་ནས་ཡོད། སའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་བཞི་ཅུ་ལྷག་ཡོད་པ་དང་། ནག་ཆུའི་ཡུལ་ཕྱོགས་དེར་བྱང་ཐང་ཞེས་འབོད་པ་ཡིན། ཆ་སྙོམས་ཀྱི་མཚོ་ངོས་ལས་མཐོ་ཚད་ནི་སྨི་སུམ་སྟོང་ལྔ་བརྒྱ་ནས་བཞི་སྟོང་ལྔ་བརྒྱའི་བར་ཡོན་ནོ།

གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་། 那曲地区

ཕྱི་ཡིག་གི་མིང་། Nagqu City

སྲིང་འཛིན་ས་ཁུལ་རིགས་དབྱེ། གྲོང་ཁྱེར།

ཁོངས་གཏོགས་ས་ཁུལ། ཀྲུང་གོ་བོད་རང་སྐྱོངས་ནག་ཆུ་གྲོང་ཁྱེར།

མངའ་ཁོངས། རྫོང་༡༠དང་ཁུལ་༡ཡོད།

སྲིད་གཞུང་གནས་ཡུལ། གསེར་རྙེད་ཆུས་(ཆུད་)

ས་ཁོངས་ཁ་པར་ཨང་རྟགས། ༠༨༩༦

སྦྲག་སྲིད་ཨང་རྟགས། ༨༥༢༠༠༠

གནས་ཡུལ། བོད་རང་སྐྱོང་ལྗོངས་ཀྱི་བྱང་་ཕྱོགས།

"https://bo.wikipedia.org/w/index.php?title=ནག་ཆུ།&oldid=143888"ལས་སླར་རྙེད་སོང།