པཎ་ཆེན་ལུང་རིགས་རྒྱ་མཚོ་

ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷུན་པོའི་ཁྲི་ཐོག་གསུམ་པ་འདེ་ཉིད་རབ་བྱུང་བདུན་པའི་ས་ཁྱི(༡༤༡༨)ལོར་ལ་སྟོད་བྱང་དུ་སྐུ་འཁྲུངས། རྗེ་དགེ་འདུན་གྲུབ་པ་དང་། འདུལ་འཛིན་པ། རྗེ་བཙུན་བཟང་པོ་བཀྲ་ཤིས་ལ་སོགས་པའི་མཁས་གྲུབ་མང་པོའི་དྲུང་ལས་མདོ་སྔགས་ཀྱི་ཟབ་ཆོས་མང་དུ་གསན། རབ་ཆུང་བརྒྱད་པའི་ས་ཁྱི(༡༤༧༨)ལོར་བཀྲས་ལྷུན་དགོན་གྱི་ཁྲིར་ཕེབས་ནས་ལོ་བཅུའི་རིང་གདན་ས་བསྐྱངས། བླ་གྲང་སྟེང་དུ་དགའ་ལྡན་ལྷ་ཁང་དང་དེའི་ཀ་སྦུག་རྩེ་གསོལ་ཐབ། དེའི་ཉེ་འགྲམ་གྱི་ནང་ཆུང་གཉིས་བཅས་ཁང་མིག་བརྒྱད་དང་། ལྕགས་བྱི(༡༤༨༠)ལོར་འདུ་ཁང་སྟེང་དུ་གཉེར་གཏད་གནས་བཅུ་ལྷ་ཁང་གསར་བཞེངས་མཛད། དེ་ནས་གདན་ས་པཎ་ཆེན་ཡེ་ཤེས་རྩེ་མོ་ལ་གཏད་དེ་དབེན་པར་ཐུགས་དམ་ལ་བཞུགས། འདས་ལོ་མ་གསལ།