པན་ཆེན་བདེ་ལེགས་ཉི་མ་

རྗེ་འདི་ནི་བྱང་དུ་ཀྲེ་བའི་རིགས་སུ་སྤྱི་ལོའི་དུས་རབས་བཅུ་དྲུག་པའི་དཀྱིལ་ཙམ་དུ་འཁྲུངས། སྐུ་གཞོན་དུས་བཀྲ་ཤིས་ལྷུན་པོའི་ཐོས་བསམ་གླིང་དུ་ཆོས་ཞུགས་མཛད་ནས་གཞུང་ཆེན་བཀའ་པོད་ལྔ་པ་གསན་བསམ་མཛད། དེ་རྗེས་དབུས་སུ་ཕེབས་ནས་ཕར་ཕྱིན་དང་། ཚད་མའི་སྐོར་སོགས་སེ་ར་རྗེ་བཙུན་པའི་དྲུང་དུ་གསན་པས་མཁས་པར་གྱུར། བྱང་པ་རབ་འབྱམས་པ་ཞེས་ཐུགས་རྒྱུད་འབྱོངས་པའི་ཚད་དུ་བྱེད། དེ་ནས་ངམ་རིང་སྤང་འབུལ་གྲྭ་ཚང་གི་བཤད་ཉན་མཛད། སེ་ར་བྱེས་ཀྱི་བླ་མར་ཕེབས་ནས་འདུལ་བའི་སྤྱི་དོན་དང་། མཛོད་ཀྱི་སྤྱི་དོན་དང་། ཕར་ཕྱིན་སྤྱི་དོན་སོགས་ལེགས་བཤད་མང་དུ་བརྩམས། སྙན་པའི་གྲགས་པ་ཕྱོགས་མཐར་ཁྱབ། རྒྱལ་དབང་བསོད་ནམས་རྒྱ་མཚོས་སེ་རའི་ཁྲི་པར་ཕེབས་དགོས་གསུངས་ཀྱང་སྤྱན་མི་གསལ་བས་དགོངས་ཞུ་མཛད་ འཁྲུངས་འདས་དང་མཛད་རྣམ་ཞིབ་པ་མ་རྙེད།