བ་རག་ཨོ་པྰ་མ།

བ་རག་ཨོ་པྰ་མ་(སྤྱི་ལོ་༡༩༦༡ལོའི་ཟླ་བ་༨པའི་ཚེས་༤ཉིན་འཁྲུངས་པ་དང་)ཁོང་ནི་ཨ་མི་རི་ཁའི་ཆབ་སྲིད་མཁས་ཅན་ཞིག་རེད། ཁོང་ལ་སྤྱི་ལོ་༢༠༠༩ལོར་ནོར་བྷེལ་བྱ་དགའ་རག་པ་རེད།

བ་རག་ཨོ་པྰ་མ།

ཕ་ཡུལ་དུ་ལོག་པ་དང་ཁྲེ་ཁ་ཀའོ་(Chicago)རུ་ལོག་པར་དགའ་སྤྲོ་ཚད་མེད་སྐྱེས། ཕ་ཡུལ་དུ་ལོག་པ་དངོས་གནས་སྐྱིད་བྱུང་། ཁྱེད་རང་ཚོས་མཐོང་བཞིན་པ་ལྟར། ང་ད་ལྟ་"རྐང་འཐེང་དུ་གྱུར་བའི་བྱ་གག་"ལྟ་བུའི་སྲིད་འཛིན་ཞིག་ཡིན། རྒྱུ་མཚན་ཡང་། ད་ནས་བདག་གི་བཀའ་བཀོད་ལ་ཉན་མཁན་མེད་པས་ཡིན། དེ་ནི་དཔེར་ན་ཚོགས་ར་འདིའི་མི་རེ་རེར་འདུག་སྟེགས་རེ་རེ་ཡོད་པ་ལྟ་བུ་རེད།

ང་དང་མེ་ཤིལ་(Michelle La Vaughn Obama)གཉིས་ཀྱིས། ཉེ་བའི་གཟའ་འཁོར་གཉིས་རིང་ཕྱོགས་སོ་སོ་ནས་འབྱོར་བའི་སྨོན་འདུན་དང་བཀྲ་ཤིས་བདེ་ལེགས་ཞུས་པ་རྣམས་ལ་ཡིད་འགུལ་ཆེན་པོ་ཐེབས་སོང་ཞེས་བཤད་རྒྱུ་ཡིན། དོ་ནུབ། ངས་རྣམ་པ་ཚོར་བཀའ་དྲིན་ཆེ་ཞེས་བཤད་འོས། ང་ཚོ་ཕན་ཚུན་ངོ་འཕྲད་མྱོང་མེད་སྲིད་ལ། བསམ་ཚུལ་ཡང་ཐ་དད་ཡིན་སྲིད་མོད། འོན་ཀྱང་། ཨ་རིའི་མི་རྣམས་ཀྱིས་བདག་ལ་བཟུང་བའི་བསམ་པ་རྣམ་དག་ལ་བཀའ་དྲིན་ཞུ། ཁྱེད་ཚོས་ང་རང་ཨ་རིའི་སྲིད་འཛིན་ཞིག་ལ་འགྱུར་དུ་བཅུག་པ་ཡིན་ལ། ཁྱེད་ཚོས་ང་རང་སྔར་ལས་བཟང་བའི་མི་ཞིག་ཏུ་བསྒྱུར་བ་ཡིན།  ང་རང་ལོ་ན་ཉི་ཤུ་ལྷག་ཡིན་སྐབས་ཁྲེ་ཁ་ཀའོ་ལ་སླེབས་ཤིང་། སྐབས་དེར་ངས་ད་དུང་རང་ཉིད་སུ་ཡིན་པ་དང་མི་ཚེའི་དོན་སྙིང་ལ་འཚོལ་ཞིབ་བྱེད་ཀྱིན་ཡོད། སྐབས་དེར་བདག་གིས་ལས་དོན་སྒྲུབ་ཡུལ་གནས་འདི་དང་ཐག་རིང་པོ་མེད་ལ། ཏག་ཏག་ཧྲང་ལམ་འདིའི་སྟེང་ནས་བདག་གིས་དད་འདུན་གྱི་སྟོབས་ཤུགས་དང་བར་ཆད་ལ་གདོང་གཏོད་པའི་ལ་རྒྱ་ཤེས་ཚོར་བྱུང་བ་ཡིན། ཕལ་བའི་མི་རྣམས་ད་གཟོད་མཉམ་འདྲིས་ཡང་དག་དང་མཐུན་སྒྲིལ་མཉམ་གནས་ཡོང་ལ། ང་ཚོས་ད་གཟོད་བཅོས་སྒྱུར་གཏོང་ཐུབ་པ་ངས་ཤེས་ཡོད། བདག་གིས་སྲིད་འཛིན་བྱས་པའི་ལོ་ངོ་བརྒྱད་ཀྱི་ནང་ལའང་སྔར་བཞིན་གནས་ལུགས་འདིར་ཡིད་ཆེས་བརྟན་པ་བཟུང་བ་ཡིན།

འདི་ང་རང་ཉིད་ཀྱི་དད་འདུན་ཙམ་མིན་པར་ཨ་རིའི་མི་ཡོངས་རྫོགས་ཀྱི་སེམས་སྒྲ་ཡིན། ཨ་རིའི་གཞན་དང་མི་འདྲ་བའི་ཁྱད་ཆོས་ནི་ང་ཚོར་སྔར་ལས་བཟང་བར་འགྱུར་བའི་ནུས་པ་ཡོད་པ་དེ་ཡིན།

རང་མོས་རང་དབང་གིས་འདེམས་བསྐོ་བྱས་པའི་སྲིད་འཛིན་ཞིག་གི་དབང་ཆ་སྲིད་འཛིན་རྗེས་མ་ལ་བརྒྱུད་སྤྲོད་བྱེད་པའི་གོ་རིམ་ནི་བརྟན་འཇགས་དང་སྒྲིག་རིམ་ཡོད་པ་ཞིག་ཡིན་ལ། འདི་ནི་ཧ་ཅང་གལ་ཆེན་རེད། ངས་ཐྲིམ་ཕུ་ལ། ངའི་ཆབ་སྲིད་ཚོགས་པས་ཐེངས་འདིའི་བརྗེ་བསྐོའི་གོ་རིམ་སྔོན་ཆད་སྲིད་འཛིན་པོ་ཧྲི་ཡིས་ང་ལ་དབང་ཆ་གཏད་པ་ལྟར་ཧ་ཅང་བརྟན་འཇགས་ཡིན་པར་ཁག་ཐེག་ནན་མོ་བྱེད་ཅེས་བཤད་པ་ཡིན། རྒྱུ་མཚན་ཡང་། ང་ཚོ་མི་རེ་རེ་ནས་དང་ཐོག་མ་འོངས་པར་ཨ་རིའི་སྲིད་གཞུང་ལ་ད་ལྟ་ང་ཚོ་འཕྲད་བཞིན་པའི་གནད་དོན་རྣམས་ཐག་གཅོད་པའི་ནུས་པ་ཡོད་པར་ཁག་ཐེག་བྱེད་དགོས་པས་ཡིན།

ཨ་རིའི་ལོ་རྒྱུས་ཀྱི་ཁྲོད་དུ། ནང་ཁུལ་གྱི་མཐུན་སྒྲིལ་ལ་གཏོར་བཤིག་ཐེབས་པའི་དུས་སྐབས་འགའ་རེ་བྱུང་མྱོང་ཞིང་། དུས་རབས་འདིའི་དུས་མགོ་ནི་ཨ་རིའི་སྤྱི་ཚོགས་ཀྱི་མཐུན་སྒྲིལ་ལ་འཇིགས་སྐུལ་ཐེབས་པའི་དུས་སྐབས་ཤིག་ཡིན། འཛམ་གླིང་གི་རྒྱལ་ཁབ་སོ་སོའི་འབྲེལ་བ་སྔར་ལས་ཇེ་དམ་དུ་སོང་ནའང་། སྤྱི་ཚོགས་ཀྱི་འདྲ་མཉམ་མ་ཡིན་པའི་གནད་དོན་སྔར་ལས་མངོན་ཆེན་དུ་གྱུར་ལ། འཇིགས་སྐུལ་རིང་ལུགས་ཀྱི་འཇིགས་སྐུལ་ཡང་སྔར་ལས་ཚབས་ཆེན་དུ་གྱུར་ཡོད། རྒྱུ་རྐྱེན་འདི་རྣམས་ཀྱིས་ཨ་རིའི་བདེ་འཇགས་དང་ཁྲིམས་ལུགས་ལ་ཉམས་ཚོད་ལེན་པར་མ་ཟད། ཨ་རིའི་མང་ཚོགས་ཀྱི་སྒྲིག་གཞི་ལའང་འཇིགས་སྐུལ་ཐེབས་ཡོད། འབྱུང་འགྱུར། ང་ཚོས་ཇི་ལྟར་དམངས་གཙོའི་འགྲམ་སློང་འདི་དག་དང་ལེན་བྱེད་པ་ནི། ང་ཚོས་ཡང་དག་པའི་སྒོ་ནས་མི་རབས་རྗེས་མ་ལ་སློབ་གསོ་སྤྲོད་ཐུབ་མིན་དང་། མུ་མཐུད་དུ་ལས་སྒྲུབ་ཀྱི་ལས་གནས་གསར་སྐྲུན་བྱེད་པ། ཨ་རིའི་རྒྱལ་ཁོངས་ཀྱི་བདེ་འཇགས་སྲུང་སྐྱོབ་བྱེད་པ་བཅས་ལ་འབྲེལ་ནས་ཡོད།

སྨན་བཅོས་ཉེན་སྲུང་གི་སྲིད་ཇུས།Edit

མིག་སྔར། ཨ་རིའི་སྤྱི་ཚོགས་ཉེན་སྲུང་ལ་མ་ཞུགས་པའི་མི་གྲངས་སྡུར་ཚད་འབོར་ཆེན་མར་ཆག་ཡོད་ལ། སྨན་བཅོས་བདེ་སྲུང་གི་འགྲོ་གྲོན་གྱི་འཕེལ་ཚད་འདས་པའི་ལོ་ངོ་ལྔ་བཅུའི་ནང་གི་ཆེས་དམའ་བའི་ཚད་ལ་ལྷུང་ཡོད། གལ་ཏེ་མི་སུ་ཞིག་གིས་སྨན་བཅོས་ཉེན་སྲུང་གི་སྲིད་ཇུས་ཤིག་འདོན་ཐུང་ཅིང་། མ་ཚད་ལག་བསྟར་བྱས་པ་བརྒྱུད་སྲིད་ཇུས་གསར་བ་དེ་སྲིང་གཞུང་སྔ་མས་བཏོན་པའི་སྨན་བཅོས་ཉེན་སྲུང་བཅོས་སྒྱུར་དང་བསྡུར་ན་ཕན་ནུས་བླ་ལྷག་ཏུ་ཐོན་པ་བདེན་དཔང་བྱ་ཐུབ་པ། གང་ཐུབ་ཀྱིས་རིན་གོང་དམའ་མོས་ཨ་རིའི་རྒྱ་ཆེའི་མི་དམངས་ཡོངས་ལ་ཁྱབ་པར་བྱ་ཐུབ་ན། ངས་མངོན་གསལ་གྱི་སྒོ་ནས་སྨན་བཅོས་ཉེན་སྲུང་གི་སྲིད་ཇུས་གསར་པ་གང་དེར་རྒྱ་སྐྱོར་བྱ་ངེས།རིགས་རྒྱུད་དང་སྤོས་དམངས་ཀྱི་གནད་དོན།  ཨ་རིའི་སྲིད་འཛིན་འདེམས་བསྐོ་ཆེན་མོ་མཇུག་དྲིལ་རྗེས། འགའ་ཞིག་གིས་ཨ་རི་ནི་རིགས་རྒྱུད་ཕྱི་མའི་དུས་རབས་སུ་སླེབས་ཟིན་པར་སྙམ་ཡོད། འདི་འདྲའི་རིགས་རྒྱུ་མཉམ་འདྲེས་ཀྱི་རེ་སྨོན་དེ་བཟང་པོ་ཡིན་ནའང་དོན་དངོས་སུ་མངོན་འགྱུར་ཡོང་བ་སྲིད་མཐའ་ཙམ་ཡིན། མིག་སྔར། རིགས་རྒྱུད་ཀྱི་གནད་དོན་ནི་སྔར་བཞིན་སྤྱི་ཚོགས་ཁ་བྲལ་སློང་བྱེད་ཀྱི་གནད་དོན་ཆེན་པོ་ཞིག་ཡིན། ང་རང་མི་སྒེར་གྱི་ཉམས་མྱོང་ངོས་ནས་བལྟས་ན། དེང་སྐབས་ཨ་རིའི་སྤྱི་ཚོགས་ཀྱི་རིགས་རྒྱུད་ཀྱི་གནད་དོན་དེ་ལོ་ཉི་ཤུ་དང་སུམ་ཅུའི་སྔོན་དང་བསྡུར་ན་ལེགས་བཅོས་ཆེན་པོ་ཡོང་ཡོད། སྤྱི་ཚོགས་ཀྱི་ཡར་རྒྱས་དེ་སྡོམ་རྩིས་ཨང་ཀའི་ཁྲོད་ནས་མཚོན་པ་མ་ཟད། ཆབ་སྲིད་ཀྱི་འདུ་ཤེས་མི་འདྲ་བའི་ཨ་རིའི་གཞོན་རབས་རྣམས་ཀྱི་སྤྱོད་ཚུལ་འཛིན་སྟངས་ནས་ཀྱང་མཐོང་ཐུབ།  ཡིན་ནའང་། ང་ཚོའི་ལས་དོན་ནམ་ཡང་མཇུག་དྲིལ་མེད་ལ། ང་ཚོ་མི་རེ་རེ་ལ་ལས་དོན་མང་པོ་བསྒྲུབ་རྒྱུ་ཡོད། གལ་ཏེ་དཔལ་འབྱོར་གྱི་གནད་དོན་རེ་རེ་ནི་ཧུར་བརྩོན་ལྡན་པའི་ཨ་རིའི་འབྱོར་འབྲིང་གྲལ་རིམ་དང་རིགས་རྒྱུད་ཚོགས་པ་ཉུང་ཤས་བར་གྱི་འགལ་བར་བརྟེན་ནས་འགྲེལ་བཤད་བརྒྱབ་ན། རིགས་རྒྱུད་སོ་སོའི་བཟོ་པའི་གྲལ་རིམ་གྱིས་ལྷག་མའི་ངལ་རྩོལ་འབྲས་བུ་ཉུང་ཙམ་བརྩོན་ལེན་བྱེད་པའི་ཆེད་དུ་དཀའ་སྡུག་མང་པོ་མྱོང་དགོས་ཤིང་། ཕྱུག་པོ་རྣམས་ཀྱིས་གོམ་གང་མདུན་སྤོས་ཀྱིས་ཁོ་ཚོའི་ཁོར་ཡུག་ཆུང་ཆུང་དེར་འཇུག་པ་ཉུང་དུ་གཏོང་ངེས་ཡིན། གལ་ཏེ་ང་ཚོས་སྤོས་དམངས་ཀྱི་མི་རྒྱུད་ང་ཚོ་དང་མི་འདྲ་བ་ཙམ་གྱི་དབང་གིས་བྱིས་པ་འདི་དག་ལ་མ་འཇོག་བྱེད་པར་དང་ལེན་མ་བྱས་ན། དེ་ནི་ང་ཚོས་ཀྱང་ཨ་རིའི་མིའི་ཕྱི་རབས་པའི་རེ་བ་གཅོག་གིན་ཡོད་པ་རེད། རྒྱུ་མཚན་ཡང་སྤོས་དམངས་ཀྱི་མི་རྒྱུད་འདི་དག་གིས་མ་འོངས་པར་ཨ་རིའི་གླ་ཕོགས་ཁྱབ་ཁོངས་སུ་སྡུར་ཚད་ཆེན་པོ་འཛིན་པས་ཡིན།

གྲངས་ཉུང་རིགས་རྒྱུད་ཀྱི་གནད་དོན།Edit

མི་ནག་དང་གྲངས་ཉུང་རིགས་རྒྱུད་གཞན་རྣམས་ཀྱི་ཐད་ནས། མཉམ་གཅིག་ཏུ་འབད་བརྩོན་བྱས་ནས་ཨ་རིའི་མི་མང་པོ་འཕྲད་ཀྱིན་པའི་གནད་དོན་དག་ཐག་གཅོད་དགོས། འདི་དཀའ་དམངས་དང་སྤོས་དམངས། ཞིང་གྲོང་གི་དབུལ་པོ་དང་ལུས་པོ་གཞན་བསྒྱུར་གྱི་མི་ཁོ་ན་ཙམ་མིན་པར། ཕར་བལྟས་ཚོད་ལ་སྤྱི་ཚོགས་ཀྱི་ལྟ་སྐྱོང་སྣ་ཚོགས་མྱོང་རོལ་བྱེད་བཞིན་པའི་མི་དཀར་དར་མའང་གཏོགས་པ་ཡིན། རྒྱུ་མཚན་ཡང་ཁོང་ཚོ་ཚང་མ་སྤྱི་ཚོགས་ཧྲིལ་པོའི་དཔལ་འབྱོར་དང་རིག་གནས། ཚན་རྩལ་བཅས་ལ་བྱུང་བའི་འཕོ་འགྱུར་ཆེན་པོའི་འགྲན་རྩོད་ལ་གདོང་གཏུག་དགོས་པས་ཡིན།

ཆབ་སྲིད་ནི་ལྟ་ཚུལ་གྱི་འགྲན་སྡུར་ཞིག་ཡིན་ལ། དམངས་གཙོའི་སྒྲིག་གཞིའི་འཆར་འགོད་འདུ་ཤེས་ཀྱང་ཡིན། འོན་ཀྱང་། གལ་ཏེ་ཆབ་སྲིད་ཚོགས་པ་རེ་རེ་ལ་སྤྱི་ཚོགས་ཀྱི་ཐུན་མོང་ལྟ་ཚུལ་མེད་ཅིང་། བརྡ་འཕྲིན་གསར་པ་ལ་ཤེས་རྟོགས་བྱེད་མོས་མེད། འགྲན་ཟླས་བཏོན་པའི་བསམ་འཆར་གནས་ལུགས་དང་ལྡན་པ་རྣམས་ལ་ངོས་ལེན་མི་བྱེད། ཚན་རིག་གི་སྒྲུབ་བྱེད་ལ་བརྟེན་ནས་བློ་རིག་ལྡན་པའི་སྒོ་ནས་བསམ་གཞིགས་མི་བྱེད་ན། རྩོད་གླེང་དེ་ཡི་ཁྲོད་དུ་ཉན་མཁན་མེད་པར་འགྱུར་ལ་ཕྱོགས་གཉིས་ནས་ཐུན་མོང་གི་ལྟ་ཚུལ་དང་མཐུན་ཐབས་འབྱུང་མི་སྲིད།

ཁོར་ཡུག་སྲུང་སྐྱོབ།Edit

གལ་ཏེ་ང་ཚོས་སྔར་ལས་ཧུར་བརྩོན་གྱིས་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱེད་ཐབས་མ་སྤྱད་ན། ང་ཚོའི་ཕྱི་རབས་པ་རྣམས་ལ་ཡང་བསྐྱར་ཁོར་ཡུག་གི་འགྱུར་ལྡོག་ལ་བགྲོ་གླེང་སྤེལ་བའི་དུས་ཚོད་མེད་པར། ཁོར་ཡུག་འགྱུར་ལྡོག་གིས་བསླངས་བའི་མཇུག་འབྲས་ངན་པ་སྟེ། རང་བྱུང་གནོད་འཚེ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་མཚམས་ཆད་པ། ཁོར་ཡུག་གིས་དཀའ་ངལ་ཐེབས་པའི་མི་དམངས་ཀྱིས་དཀའ་ཁག་གཡོལ་ཐབས་འཚོལ་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་པར་བྲེལ་བར་འགྱུར་ངེས། ད་ལྟ། ང་ཚོས་ཇི་ལྟར་ཆེས་ལེགས་པའི་ངང་ནས་ཁོར་ཡུག་འགྱུར་ལྡོག་གི་གནད་དོན་ཐག་གཅོད་པར་བགྲོ་གླེང་སྤེལ་འོས། ཡིན་ནའང་། གལ་ཏེ་ང་ཚོས་ཁོར་ཡུག་གི་གནད་དོན་ཡོད་པར་རྩ་བ་ནས་ཁས་མ་བླངས་ན། དེ་ནི་མི་རབས་རྗེས་མ་རྣམས་ལ་ངོ་རྒོལ་བྱས་མས་མི་ཚད། ལོ་རྒྱུས་ཀྱི་སྔོན་ཐོན་མི་སྣ་རྣམས་ཀྱིས་གསར་སྐྲུན་འཚོལ་ཞིབ་དང་དངོས་ཡོད་གནས་ཚུལ་ཐག་གཅོད་པའི་སྙིང་སྟོབས་ལ་ངོ་རྒོལ་བྱས་པ་རེད།

འཇིགས་སྐུལ་འཇབ་རྒོལ།Edit

འདས་པའི་ལོ་ངོ་བརྒྱད་ཀྱི་རིང་། ཕྱི་ཕྱོགས་ཀྱི་འཇིགས་སྐུལ་རིང་ལུགས་པས་རྩ་འཛུགས་བྱས་པའི་ཨ་རིའི་རྒྱལ་ཁོངས་ནས་འཆར་གཞི་འཐེན་པ་དང་ལག་བསྟར་ལེགས་འགྲུབ་བྱུང་བའི་འཇིགས་སྐུལ་འཇབ་རྒོལ་གཅིག་ཀྱང་བྱུང་མེད། ནམ་ཡང་ལས་གནས་བརྟན་སྲུང་བྱས་པའི་འཇིགས་རྒོལ་ལས་དོན་མི་སྣ་རྣམས་ཀྱི་ངོས་ནས་བཤད་ན། ཁྱེད་ཅག་གི་བཀོད་འདོམས་དམག་དཔོན་གྱི་འགན་ཁུར་བ་ནི་བདག་གི་མི་ཚེ་གཅིག་གི་གཟི་བརྗིད་ཡིན།

ང་ཚོ་ཏང་ཤོག་གང་ཞིག་ཏུ་གཏོགས་ཀྱང་། ང་ཚོ་ཚང་མས་ཨ་རིའི་དམངས་གཙོའི་ཆབ་སྲིད་ལམ་ལུགས་གསར་འཛུགས་བྱེད་པར་ནུས་ཤུགས་འདོན་འོས། ང་ཚོའི་དམངས་གཙོའི་རྩ་ཁྲིམས་ནི་ཕུལ་བྱུང་གི་གྲུབ་འབྲས་ཤིག་ཡིན་ལ། གོང་མ་ལྷས་གནང་བའི་ལེགས་སྐྱེས་ཀྱང་ཡིན། འོན་ཀྱང་འདི་ནི་ཤོག་བུ་རྐྱང་པ་ཞིག་སྟེ་རྩ་ཁྲིམས་རང་སྟེང་ན་ནུས་ཤུགས་གང་ཡང་ལྡན་མེད། རྩ་ཁྲིམས་ཀྱི་ནུས་ཤུགས་ནི་ང་ཚོ་ཨ་རིའི་མི་རྣམས་ཀྱིས་མཉམ་ཞུགས་དང་འདེམས་བསྐོ། གྲོས་ཆོད་བྱས་པ་བརྒྱུད་ནས་བསྩལ་བ་ཡིན།

ཨ་རིའི་མི་ནི་ཧུར་བརྩོན་ངང་ཆབ་སྲིད་ལ་འཇུག་པའི་སྤྱི་དམངས་དེ་ཡིན་འོས་ལ། ཆབ་སྲིད་ལ་འཇུག་པ་དེ་ནམ་རྒྱུན་གྱི་འཚོ་བའི་ཆ་ཤས་སུ་གྱུར་ཡོད། ཁྱད་པར་དུ་གལ་ཏེ་མི་འགའ་ཞིག་གིས་མིག་སྔའི་ཨ་རིའི་ཆབ་སྲིད་ཀྱི་ད་ལྟའི་གནས་སྟངས་ལ་ཡིད་མི་མགུ་ན། གལ་ཏེ་ཁྱེད་རང་སྦྲེལ་དྲྭའི་ཐོག་ནས་ངོ་མི་ཤེས་པའི་མི་དང་རྩོད་གླེང་བྱེད་པར་སུན་པ་སྐྱེས་ན། དངོས་ཡོད་འཚོ་བའི་ཁྲོད་ནས་ལྟ་ཚུལ་མི་འདྲ་བའི་མི་དང་རྩོད་གླེང་བྱེད་པར་བསམ་བློ་གཏོང་ཆོག  གལ་ཏེ་ཁྱེད་ཀྱི་གནད་དོན་འགའ་ཞིག་ཐག་གཅོད་དགོས་པར་འདོད་ན། བྱེད་ཐབས་སྤྱད་དེ་ནུས་ཤུགས་རྩ་འཛུགས་བྱེད་ཆོག  གལ་ཏེ་ཁྱེད་རང་འདེམས་བསྐོ་བྱས་ཟིན་པའི་སྲིད་གཞུང་གི་དཔོན་པོར་མོས་འཐད་མེད་ན། མི་གཞན་པ་རྣམས་ཀྱི་རྒྱབ་སྐྱོར་འཐོབ་ལེན་བྱས་ནས་རང་ཉིད་བདམ་ཐོན་འགྲན་བསྡུར་ལ་ཞུགས་ཆོག

བཀའ་དྲིན་ཞུ་ཚིགEdit

མེ་ཤིལ་ལགས། འདས་ཟིན་པའི་ལོ་ངོ་ཉེར་ལྔའི་རིང་། ཁྱོད་ནི་བདག་གི་ཆུང་མ་དང་བྱིས་པའི་མ་ཡུམ་ཡིན་པས་མི་ཚད། བདག་གི་གྲོགས་ཆེས་བཟང་ཤོས་དེའང་ཡིན། ཁྱོད་ཀྱིས་རང་ཉིད་ཀྱིས་འཐོབ་ལེན་བྱས་པ་མིན་པའི་འགན་འཁྲི་དང་དུ་བླངས། འོན་ཀྱང་ཁྱོད་ཀྱི་ཕུལ་བྱུང་དང་སྙིང་སྟོབས། རྩེད་མཚར་བཅས་ཀྱིས་ཐོབ་ཐང་འདི་ལ་ཁྱོད་རང་ཉིད་ཀྱི་རྟགས་ཐམ་བཞག་ཡོད།

༼ཨོ་བྷ་མ་རང་གི་བུ་མོའི་ཕྱོགས་སུ་འཁོར་ནས།༽ བུ་མོ་ཁྱེད་གཉིས་བློ་རིག་བཀྲ་ཞིང་མཛེས་སྡུག་ལྡན། ཆེས་གཙོ་བོ་ནི་ཁྱེད་གཉིས་ལ་བྱམས་བརྩེ་ལྡན་ཞིང་སྤྲོ་སེམས་འཁོལ། འདས་ཟིན་པའི་ལོ་ངོ་འགའི་རིང་ལ། ཁྱེད་གཉིས་འོད་འདུའི་གློག་ཞུས་ངལ་བར་མ་བྱས། ངའི་མི་ཚེའི་ཁྲོད་དུ། ང་རང་ཁྱེད་གཉིས་ཀྱི་ཨ་ཕར་གྱུར་བར་ང་རྒྱལ་སྐྱེས་ཡོད།

༼སྲིད་འཛིན་གཞོན་པ་པའེ་ཏིན་(Joseph Robinette“Joe”Biden)ལགས་ལ་བཀའ་དྲིན་ཞུ།༽ ཕིན་སུའུ་བེ་ནེས་ཡ་ཁུལ་གྱི་སི་ཁི་ལན་ཏིན་ནས་དྷི་ལོ་ཝ་ཁུལ་བར། ཁྱོད་ནི་ང་རང་ཨ་རིའི་སྲིད་འཛིན་ལ་བདམས་ཐོན་བྱུང་རྗེས་འོས་མི་འདོན་པའི་ཁྲོད་ཀྱི་འོས་མི་དང་པོ་དེ་ཡིན་ལ། ང་རང་གི་གདམ་གསེས་ཡག་ཤོས་ཀྱང་ཡིན། པའེ་ཏིན་ནི་རང་ཁྱིམ་གྱི་ནང་མི་བཞིན་སྤུན་གྲོགས་བཟང་པོ་ཞིག་ཡིན།

༼ལས་སྒྲུབ་མི་སྣ་རྣམས་ལ་བཀའ་དྲིན་ཞུ།༽ ཁྱེད་ཚོས་འཛམ་གླིང་འདིར་བཅོས་སྒྱུར་བྱས་པ་ཡིན། དོ་དགོང་། ང་གར་སྟེགས་འདི་དང་ཁ་འབྲལ་སྲིད་ཀྱང་། ང་རང་རྒྱལ་ཁབ་འདིར་སྲིད་འཛིན་ཡིན་དུས་ལས་ཀྱང་ལྷག་པར་དུ་སྤྲོ་བ་བརྟས་ཡོད།

ཁྱེད་རང་བདག་ལ་ཨ་རིར་བཅོས་སྒྱུར་བྱེད་པའི་ནུས་པ་ཡོད་པར་ཡིད་ཆེས་པར་མ་ཟད། ཁྱེད་རང་ཉིད་ལའང་རྒྱལ་ཁབ་འདིར་བཅོས་སྒྱུར་གཏོང་བའི་ནུས་པ་ཡོད་པར་ཡིད་ཆེས་བྱེད་པའི་སྨོན་འདུན་ཞུ། ཡིག་སྒྱུར་པ།  ཚུལ་བློ།

མི་ཚེ།Edit

པར་རིས་བར་འཁྱམས།Edit

ད་དུང་གཟིགས།Edit

ཨོ་བྷ་མ་

OBAMA.

ཕྱི་ཕྱོགས་དྲ་མཐུད།Edit