བར་རིམ་ངམ་བར་གྱི་བང་རིམ་

File:རླུང་ཆེན་བང་རིམ།.jpg

གསལ་བཤད། རྩོམ་སྒྲིག

ས་ངོས་ནས་སྟོང་སྨིས་༥༠~༨༥མཐོ་བའི་རླུང་ཁམས་ཆེན་པོའི་བང་རིམ་ལ་བར་གྱི་བང་རིམ་ཟེར། བར་གྱི་བང་རིམ་གྱི་དྲོད་ཚད་ནི་མཐོ་ད་འཕར་བ་ང་སྦྲགས་ས་མར་ཆག་གི་ཡོད་ལ། ཕན་ཚུན་བལྟོས་རྒྱུག་བྱེད་པ་ཡང་ཡོད། འོན་ཀྱང་མཁའ་དབུགས་ཧ་ཅང་ཉུང་བ་དང་རླངས་པའི་འདུ་ཚད་ཉུང་བས། གནམ་གཤིས་ཀྱི་འགྱུར་ལྡོག་འབྱུང་གི་མེད། བར་གྱི་བང་རིམ་ཀླད་ཀྱི་དྲོད་ཚད་༡༠༠°Cཡས་མས་ཡོད། བར་གྱི་བང་རིམ་དང་དེའི་ཡན་ཆད་ཀྱི་རླུང་གི་འདུས་རྡུལ་དེ་ཉི་མའི་སྨུག་ཕྱིའི་འོད་ཟེར་དྲག་པོ་འཕྲོས་པའི་འོག་ཏུ་མང་ཆེ་བ་གློག་ལྡན་འདུས་རྡུལ་ལ་གྱུར་ཏེ། གློག་གྱེས་བང་རིམ་ཆགས་ཡོད། དེས་ས་ངོས་ཀྱི་སྐུད་མེད་གློག་རླབས་ལྡོག་འཕྲོ་བྱེད་ཐུབ་པས། ས་སྟེང་གི་གླིང་བརྒལ་སྐུད་མེད་རླུང་འཕྲིན་གཏོང་རྒྱུ་དེ་ལ་བརྟེན་ནས་མངོན་འགྱུར་བྱེད་ཀྱི་ཡོད།[༡]

པར་རིས་བར་འཁྱམས། རྩོམ་སྒྲིག

ཟིན་ཐོ་འམ་དཔྱད་གཞི། རྩོམ་སྒྲིག

དཔྱད་གཞིའི་དཀར་ཆག:

  1. "བར་སྣང་དང་ནམ་ཟླ།" ༼ཀྲུང་གོའི་བྱིས་པའི་ཤེས་བྱ་ཀུན་བཏུས།༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༧

དཔྱད་གཞིའི་དཀར་ཆག། རྩོམ་སྒྲིག

ད་དུང་གཟིགས། རྩོམ་སྒྲིག

ཕྱི་ཕྱོགས་དྲ་མཐུད། རྩོམ་སྒྲིག