བལ་ཡུལ་གྱི་རྩ་ཁྲིམས།

ད་ལྟའི་བལ་ཡུལ་རྒྱལ་ཁབ་ཀྱི་རྩ་ཁྲིམས་སམ། རྩ་ཁྲིམས་ ༢༠༧༢ ཉིས་སྟོང་དོན་གཉིས་པ་ནི། ཝི་ཀྲམ་སམྺཏ྄་ ༢༠༧༢ ཟླ་བ་ ༠༦ ཚེས་ ༠༣ སྤྱི་ལོ་ ༢༠༡༥ ཟླ་བ་ ༠༩ ཚེས་ ༢༠ ནས་བཟུང་སྟེ་ལག་བསྟར་གཏན་འབེབས་བྱུང་བ་ཞིག་ཡིན། རྩ་ཁྲིམས་གསར་པ་འདི་གཏན་ཁེལ་བྱུང་བའི་ཉིན་ནས་བཟུང་། བལ་ཡུལ་ནང་གི་རྩ་ཁྲིམས་ ༢༠༦༣ ཉིས་སྟོང་རེ་གསུམ་པ་དེ་ཉིད་རང་སྟོབས་ཀྱིས་རྩི་མེད་དུ་གྱུར།