བེ་ཏ།
བེ་ཏ་ནི་ཤིང་ཏོག་རིགས་གཅིག་རེད།
ལོ་རྒྱུས།
རྩོམ་སྒྲིགབེ་ཏ་ཤིང་ལ་སྔོན་ཆད་བོད་ཀྱིས་བེ་ཏ་ཅེས་འབོད་པར་མ་ཟད་དཔེ་རྙིང་དག་ན་ཡང་བེ་ཏ་ཅེས་གསལ། འོན་ཀྱང་དེང་སང་རྒྱ་གར་དང་རྒྱ་གར་དུ་གཞི་ཆགས་པའི་བོད་པའི་ཁྲོད་དུ་འདི་ལ་ཀོ་ཀོ་ན་ཀྲི་ཟེར། ཡང་ན་ཀོ་ཀོ་ན་རེ་ཡ་ཡང་ཟེར། དེ་ཡང་བེ་ཏའི་སྡོང་བོ་མང་ཆེ་བ་ས་དམའ་སར་སྐྱེ། རྒྱ་མཚོའི་འགྲམ་ངོགས་སུ་མང་པོ་ཡོད། རྒྱ་གར་བས་བཤད་རྒྱུན་ཅིག་ལ་ཁྱིམ་ཚང་གཅིག་ལ་བེ་ཏ་ཤིང་བཅུ་ཙམ་ཡོད་ན་འཚོ་བ་ལ་དགའ་ངལ་མེད་ཟེར་སྲོལ་ཅིག་ཀྱང་འདུག དེ་ཡང་འདིའི་ལོ་མ་སྔོན་པོས་ཕྱག་མ་བཟོས་ནས་བཙོང་ཆོག་ལ། ལོ་མ་རྐམ་རློམ་གཉིས་ཆ་ཁང་པའམ་སྤྱིལ་བུའི་ཐོག་འཁེབ་དུ་འགེབ་ཆོག འབྲས་བུ་ནི་མི་ཡི་མགོ་ཙམ་ཡོད་པ་དེའི་ནང་དུ་བཏུང་བ་ཡོད། བྲོ་བ་ཞིམ་ལ་གཟུགས་པོར་ཕན། འབྲས་བུའི་ལྐོག་ངོས་སུ་ཡོད་པའི་ཟས་རིག་དཀར་པོ་དེ་ནི་འོ་མའི་བྲོ་བ་ཡོད། འོན་ཀྱང་དེ་རྐམ་རྗེས་སྣུམ་བཙགས་ནས་ཟས་རིགས་བཟོས་ན་ཡང་འགྲིག་པར་མ་ཟད་། སྣུམ་དེ་རྒན་གཞོན་ཚང་མའི་གཟུགས་པོ་ལ་བྱུག་ནས་སྐུ་མཉེས་བྱེད། ཡང་ཤིན་ལྐོག་སྐམ་རྗེས་དེའི་ནང་དུ་རྩྭ་འཆིང་བ་ཅིག་ཡོད། དེའི་མིང་ལ་བལ་བ་ཛ་ཡང་ཟེར། དེའི་གདན་ནི་འཕྲོད་རྟེན་ལ་བཟང་བར་མ་ཟད་རིན་གོང་ཡང་ཆེ། འདི་ལྟར་བེ་ཏ་ཤིང་འདི་སྟེང་ན་ཆ་ཚང་འཇིག་རྟེན་མི་སྡེ་ལ་བེད་སྤྱོད་བྱེད་འོས་ཅིག་མ་གཏོགས་གད་སྙིག་ཅི་ཡང་མེད་པའི་ཤིང་སྡོང་ཞིག་ཡིན།། ཅེས་རྒྱལ་ཁམས་སྐོར་བའི་རི་ཁྲོད་པ་བསོད་ནམས་ཡེ་ཤེས་ནས།
ཟིན་ཐོ་འམ་དཔྱད་གཞི།
རྩོམ་སྒྲིགཡང་ས་ཆ་ལ་ལའི་བེ་ཏའི་ཤིང་གི་སྟེང་དུ་ལོ་མ་གཅིག་བཅད་དེ་དེ་ལ་རྫ་མ་ཆུང་ཆུང་ཅིག་བཟེད་ནས་ལོ་མའམ་ཡལ་ཀ་བཅད་པའི་ཤུལ་དེ་ནས་བེ་ཏའི་ཆང་ལེན་གྱི་ཡོད། བེ་ཏའི་ཆང་དེ་ནི་བོད་ཀྱི་ཆང་སེར་ལྟ་བུའི་བྲོ་བ་ཡོད་ན་ཡང་བཟི་ཁ་ཆེན་པོ་མེད། གལ་ཏེ་ཁྱེད་རང་རྒྱ་གར་ལྷོ་ཕྱོགས་དགོ་བ (Goa)ལྟ་བུ་ལ་ཕྱོགས་བསྐྱོད་སོང་ན། རྒྱ་མཚོ་འགྲམ་ན་བེ་ཏའི་འབྲས་དང་བེ་ཏའི་ཆང་ཤིང་སྡོང་སྟེང་ནས་ད་ལྟ་བླངས་ནས་འཐུང་རྒྱུ་ཡོད། འོན་ཀྱང་ཐོག་མ་ཉིད་ནས་གོང་ཚད་འདྲི་དགོས་པ་ལས་ཁོང་ཚོས་ཕབས་ཚར་བའི་རྗེས་ལ་གོང་ཆེན་པོ་རྒྱག་རྒྱུ་རེད། རྒྱ་གར་བ་སོགས་ཤར་ལྷོ་ཨེ་ཤི་ཡར་གནས་པ་རྣམས་ཀྱིས་བེ་ཏའི་འབྲས་བུ་བཅགས་ནས་དཀོན་མཆོག་གི་རྟེན་གྱི་མདུན་དུ་མཆོད་པ་བྱས་པ་དང་ཉིན་རེའི་སྐྱབས་འཇུག་ཞུ་ནས་ལས་ལ་ཞུགས། ཨ་མདོ་བསོད་ནམས་ཡེ་ཤེས་ནས།
དཔྱད་གཞིའི་དཀར་ཆག།
རྩོམ་སྒྲིགད་དུང་གཟིགས།
རྩོམ་སྒྲིགཕྱི་ཕྱོགས་དྲ་མཐུད།
རྩོམ་སྒྲིག-