བོད་ཀྱི་ལྷ་མོའི་འཁྲབ་གཞུང་བརྒྱད་

ལྷ་མོའི་འཁྲབ་གཞུང་གི་རྣམ་ཐར་བརྒྱད་པོ་ནི་བོད་མི་རིགས་ཀྱི་རྩོམ་རིག་སྒྱུ་རྩལ་བང་མཛོད་ནང་གི་མཆོག་ཏུ་གྱུར་པའི་ནོར་བུ་ཞིག་ཡིན་ཞིང་། རྣམ་ཐར་དེ་རྣམས་སོ་སོའི་ནང་དོན་རྒྱ་ཆེ་ཞིང་གཏིང་ཟབ་ལ་སྐྱེ་བོ་ཀུན་གྱི་ཡིད་དབང་འཕྲོག་ནུས་པའི་སྒྱུ་རྩལ་གྱི་ཁྱད་ཆོས་ཕུན་ཚོགས་ལྡན་པས་རྒྱ་ཆེའི་བོད་རིགས་རྣམས་ཀྱིས་མཐོང་ཐོས་ལམ་དུ་དུས་ཡུན་རིང་པོར་སོང་རུང་དུ་དུང་གཟིགས་འདོད་དང་གསན་འདོད་ཇེ་ཆེར་འཕེལ་ཏེ་བསམ་བློ་རིག་གནས་ཀྱི་འཚོ་བཅུད་ཤིན་ཏུ་བཟང་པོར་འཛིན་བཞིན་ལགས།

ལྷ་མོའི་འཁྲབ་གཞུང་གི་རྣམ་ཐར་བརྒྱད་པོ་ནི་སྣང་ས་འོད་འབུམ་ འགྲོ་བ་བཟང་མོ་ གཟུགས་ཀྱི་ཉི་མ་ པདྨ་འོད་འབར་ རྒྱ་བཟའ་བལ་བཟའི་རྣམ་ཐར་ གཅུང་པོ་དོན་ཡོད་དང་དོན་འགྲུབ་ ཆོས་རྒྱལ་ནོར་བཟར་ དྲི་མེད་ཀུན་ལྡན་ སོགས་ཡིན་ནོ།