བྲག་དཀར་བསྡུས་གྲྭ

བྲག་དཀར་བསྡུས་གྲྭ་་ཞེས་པ་སྔར་ཧོར་བྲག་འགོ་དགེ་ཐར་ལུང་པའི་རྩོད་གྲྭ་དང་ད་ལྟ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་བསྡུས་གྲྭའི་སློབ་དེབ་ཅིག་རེད།

མཚན་ཆ་ཚང་།Edit

ཚད་མ་སྡེ་བདུན་གྱི་བསྡུས་གཞུང་བློ་གྲོས་པད་ཚལ་བཞད་པའི་ཉིན་བྱེད།

ནང་དོན་གནད་བསྡུས།Edit

ལས་དང་པོ་པ་ལ་ཕན་པའི་ཕྱིར་རིགས་ལམ་ཆུང་ངུའི་རྣམ་གཞག་བཤད་པ་དང་། དབང་པོ་འབྲིང་ལ་རིགས་ལམ་འབྲིང་གི་རྣམ་གཞག་བཤད་པ། དབང་པོ་རབ་ལ་རིགས་ལམ་ ཆེན་པོའི་རྣམ་གཞག་བཤད་པའོ། །

མཛད་པ་པོ།Edit

བྲག་དཀར་སྤྲུལ་སྐུ་བློ་བཟང་བསྟན་འཛིན་སྙན་གྲགས།

དཔེ་སྐྲུན་བྱས་ཚུལ།Edit

སྤྱི་ལོ༡༩༨༢ ལ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭས་དར་མདོའི་དཀར་མཛེས་གསར་འགྱུར་ཁང་དུ་པར་དུ་བསྐྲུན།

བསྡུས་གཞུང་འདིའི་ཁུངས།Edit

བོད་ཡིག་སློབ་གྲྭའི་པར་མའི་ཤོག་ངོས༡༡༧ ཕྲེང་༡༥ ནས། སྟག་ཚང་ར་བ་སྟོད་པའི་བསྡུས་གྲྭ་དང་གཞན་ཡང་མཁས་གྲུབ་ཆེན་པོ་དུ་མས་མཛད་པའི་བསྡུས་གཞུང་རྣམས་ ལས་ཉེ་བར་བཏུས་ཤིང་ཚིག་དོན་གྱི་གསལ་ཁ་གཏོད་དགོས་པ་དང་། སྦྱོར་བ་བརྩི་ཚུལ་གྱི་སྙིང་པོའི་གནད་འགག་དཔྱད་དཀའ་བ་རྣམས་ལ་དཔྱད་ཚུལ་ཟོར་ཅི་བདེ་བྱས་ ནས་བསྡུས་གཞུང་རྒྱ་ཆེན་པོ་རྒྱ་མཚོ་ལྟ་བུ་ལ་བདེ་བླག་ཏུ་འཇུག་པའི་གྲུ་གཟིངས་ལྟ་བུ་ཞིག་ཏུ་བཀོད་པ། ཞེས་གསུངས་པ་ལྟར་བསྡུས་གཞུང་ འདི་སྦྱངས་མྱོང་ན་རྭ་སྟོད་བསྡུས་གྲྭ་སྦྱོང་བ་དང་ཁྱད་མེད་པ་ཡིན་པའི་གསུང་རྒྱུན་ཡོད་དོ། །

རྩོད་པ་ལ་དགའ་བ་རྣམས་ལ་གདམས་པའི་གསུང་།Edit

བོད་ཡིག་སློབ་གྲྭའི་པར་མའི་ཤོག་ངོས༡༠༡ ཕྲེང་༩ ནས། མི་ཚེ་ཧྲིལ་པོར་རྩོད་པ་ལ་ཞུགས་ནས་གོ་སྟོབས་ཀྱིས་རང་རྒྱུད་ཇེ་དུལ་དུ་མི་འགྲོ་བར་ཇེ་གྱོང་དུ་སོང་ན་ངལ་བ་འབྲས་ བུ་མེད་པ་ཕྱི་མ་རྣམ་སྨིན་ངན་པ་མྱོང་བའི་རྒྱུར་སོང་ན་རང་གིས་ རང་ཕུང་བར་འགྱུར་བ་ཡིན་པས་བསམ་པ་རྣམ་དག་གི་རྩོད་ཚུལ་འདི་འགངས་ཆེ་བ་མཁྱེན་པར་མཛོད་ཅིག ཞེས་སོ། །

ད་དུང་གཟིགས།Edit

·སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ།