མ་ལེ་ཞི་ཡ་ནི་ཤར་ལྷོའི་ཨེ་ཤ་ཡའི་གླིང་གི་རྒྱལ་ཁབ་ཅིག་ཡིན་པ་དང་། རྒྱལ་ཕྲན་༡༣ཡོད་པའི་མནའ་འབྲེལ་རྒྱལ་ཁབ་ཅིག་ཡིན། ལྷོ་རྒྱ་ནག་རྒྱ་མཚོ་ཡིས་དེ་དུམ་བུ་གཉིས་སུ་བགོས་ཡོད་ལ། དེ་ཡི་སྐམ་ས་ནི་མ་ལེ་ཕྱེད་གླིང་ཕྲན་སྟེང་དུ་ཡོད་པ་དང་། དེ་ཡི་ནུབ་ཕྱོགས་མཚོ་ངོགས་སུ་མཱ་ལ་ཁའི་ཆུའི་དོག་ལམ་དང་ཤར་ཕྱོགས་མཚོ་ངོགས་སུ་ལྷོ་རྒྱ་ནག་རྒྱ་མཚོ་ཡོད། སྐབས་འགར་ཤར་མ་ལེ་ཞི་ཡ་ཞེས་འབོད་པའི་རྒྱལ་ཁབ་ཀྱི་ཕྱོགས་གཞན་དེ་ནི་ལྷོ་རྒྱ་ནག་རྒྱ་མཚོ་རུ་ཡོད་པའི་བྷོར་ནེའོ་གླིང་ཕྲན་གྱི་བྱང་ཕྱོགས་སར་ཡོད། མ་ལེ་ཕྱེད་གླིང་ཕྲན་དུ་ཡོད་པའི་ཁལ་ལུང་ཕུ་ནི་མ་ལེ་ཞི་ཡའི་རྒྱལ་ས་ཡིན། སྤྱི་མཐུན་རྒྱལ་ས་ཉེ་ཆར་ཕུ་ཐྲ་ཇ་ཡ་རུ་སྤོས་ཡོད་ལ་དེ་ནི་ཆེད་དུ་འཛིན་སྐྱོང་ལ་བཟོ་བཀོད་བྱས་པའི་གསར་བཙུགས་གྲོང་ཁྱེར་ཞིག་ཡིན།

བལ་ཡུལ།
དར་ཆ། རྒྱལ་རྟགས།
རྒྱལ་ཁབ་ཀྱི་སྐད་ཡིག
ས་ཁུལ་རིམ་པའི་སྐད་ཡིག།
་མ་ལེ་སྐད་ཡིག་
དབྱིན་ཡིག་དང་ཏ་མེལ་སྐད་ཡིག་ རྒྱ་ཡིག་
[རྒྱལ་ས།] [ཁལ་ལུང་ཕུ་]
[འཛིན་སྐྱོང་རྒྱལ་ས།] [ཕུ་ཐྲ་ཇ་ཡ་]
[སྲིད་གཞུང་།] སྤྱི་མཐུན་སྲིད་གཞུང་།

་མ་ལེ་ཞི་ཡའི་མི་རིགས་ཁག

རྩོམ་སྒྲིག

རྒྱལ་ཁབ་དེ་རུ་མི་རིགས་སྣ་མང་དང་རིག་གཞུང་སྣ་མང་འཛོམས་ལ་མི་མང་ཕལ་ཆེ་བ་མ་ལེ་མི་རིགས་ཡིན་པ་དང་། རྒྱ་རིགས་དང་རྒྱ་གར་མི་རིགས་ཀྱང་ཡོད། མ་ལེ་ཞི་ཡའི་གཞུང་འབྲེལ་སྐད་ཡིག་ནི་ལ་དན་གསལ་བྱེད་ཡིག་ཕྲེང་ནང་བྲིས་ཡོད་པའི་མ་ལེ་སྐད་ཡིག་ཡིན། དབྱིན་ཡིག་ནི་ཆེ་མཐོང་འཇོག་པའི་སྐད་ཡིག་ཅིག་ཡིན་ལ་ད་མེལ་སྐད་ཡིག་དང་རྒྱ་ཡིག་ཀྱང་རྒྱུན་དུ་བཀོལ་སྤྱོད་བྱེད་ཀྱིན་ཡོད། མ་ལེ་ཞི་ཡའི་ནང་ཁྱོན་སྐད་ཡིག་༡༣༠ཡོད་དེ། སྐད་ཡིག་༩༤མ་ལེ་ཞི་ཡའི་བྷོར་ལེའོ་ནང་དང་༤༠ཕྱེད་གླིང་ཕྲན་ནང་བཀོལ་གྱིན་ཡོད། ཁ་ཆེའི་ཆོས་ལུགས་ནི་གཞུང་འབྲེལ་གྱི་ཆོས་ལུགས་ཡིན་མོད། འོན་ཀྱང་མ་ལེའི་མི་སེར་མིན་པ་ཚོས་ཆོས་ལུགས་གཞན་རྣམས་ཉམས་ལེན་བྱེད་པའི་རང་དབང་ཡོད།

ལོ་རྒྱུས།

རྩོམ་སྒྲིག

རྒྱ་ནག་དང་རྒྱ་གར་གྱི་དབུས་སུ་མ་ལེ་ཞི་ཡ་ནི་གནའ་བོའི་ཚོང་ལས་ཀྱི་ཡུལ་ཞིག་ཡིན། ཡོ་རོབ་པ་རྣམས་གནས་དེར་བསླེབས་པ་དང་མཱ་ལ་ཁ་ཚོང་ལས་གྲུ་ཁ་གལ་ཆེན་ཞིག་ཏུ་གྱུར།

སྤྱི་ལོ་༡༧༨༦ལོར་ཕེ་ནང་ནས་འགོ་བཙུགས་ཏེ་མ་ལེ་ཞི་ཡའི་རྒྱལ་ཕྲན་རྣམས་དབྱིན་ཇི་གོང་མའི་རྒྱལ་ཁབ་ཀྱི་མི་སེར་སྤེལ་ཡུལ་ཞིག་ཏུ་གྱུར། སྤྱི་ལོ་༡༩༦༣ལོར་མ་ལ་ཡ་དང་སིང་གྷ་ཕོར། བྷོར་ནེའོ་ཆ་ཤས་མཉམ་དུ་སྦྲེལ་ནས་མ་ལེ་ཞི་ཡ་གྲུབ། སྤྱི་ལོ་༡༩༦༥ལོར་སིང་གྷ་ཕོར་མནའ་འབྲེལ་རྒྱལ་ཁབ་ལས་ཕུད་པ་དང་རང་བཙན་ཁྱབ་བསྒྲགས་བྱས།

མ་ལེ་ཞི་ཡའི་ཆབ་སྲིད་ལམ་ལུགས།

རྩོམ་སྒྲིག

མ་ལེ་ཞི་ཡ་ལ་རྒྱལ་ཕྲན་༡༣ཡོད་པ་རྣམས་ནི། ཇོ་ཧོར་དང་ཁེ་དྲ། ཁི་ལན་དན། མཱ་ལ་ཁ། ནེ་གྷི་རི་སེམ་བྷི་ལན། ཕ་ཧིང་། ཕི་རག ཕིར་ལེ་སི། ཕེ་ནང་། ས་བྷ། ས་ར་ཝག སི་ལན་གྷོར་དང་དི་རིན་གྷ་ནུ། སྤྱི་མཐུན་མངའ་ཁོངས་གསུམ་སྟེ་ཁལ་ལུང་ཕུ་དང་ཕུ་ཐྲ་ཇ་ན། ལ་བྷོན་བཅས་ཡིན། རྒྱལ་དར་སྟེང་གི་སྐར་མའི་རྩེ་ཚེག་གི་གྲངས་ཁ་རྣམས་ཀྱིས་མ་ལེ་ཞི་ཡའི་རྒྱལ་ཕྲན་རྣམས་མཚོན་ཡོད། ཡིན་ན་ཡང་དེ་ལ་སྐར་མ་༡༤ཡོད། རྒྱུ་མཚན་ནི་རྒྱལ་དར་གསར་བཟོ་བྱེད་པའི་སྐབས་སུ་སིང་གྷོ་ཕོར་ཡང་མ་ལེ་ཞི་ཡའི་ནང་གི་རྒྱལ་ཕྲན་ཞིག་ཡིན། རྩེ་ཚེག་༡༤ཡིས་ད་ཆ་ཝེ་ལ་ཡ་ཕིར་སི་ཁུ་དོན་(Wilayah Persekutuan)ཞེས་པའི་སྤྱི་མཐུན་མངའ་ཁོངས་རྣམས་མཚོན་གྱི་ཡོད། མ་ལེ་ཞི་ཡ་རྒྱལ་ཁབ་ཀྱི་དབུ་ཁྲིད་ལ་ཡཱང་དྲི་ཕིར་དོན་ཨ་གྷིང་(Yang Di-Pertuan Agong)ཞེས་གྲགས་ལ་དེ་མིན་མ་ལེ་ཞི་ཡའི་རྒྱལ་བོ་ཡང་ཟེར། གོ་གནས་དེ་ད་ལྟ་ཁེ་དྲའི་བཙན་པོ་ཨབ་དྲུལ་ཁ་ལེམ་གྱིས་བཟུང་ཡོད། མ་ལེ་ཞི་ཡའི་སྲིད་གཞུང་གི་དབུ་ཁྲིད་ནི་སྲིད་བློན་ཡིན་པ་དང་ད་ལྟའི་སྲིད་བློན་ནཱ་ཇེབ་དུན་ར་ཙག་ལགས་ཡིན། མ་ལེ་ཞི་ཡ་རྒྱལ་ཁབ་ལ་གྲོས་ཚོགས་ཤིག་དང་ཁྲིམས་ཁང་ལམ་ལུགས་ཀྱང་ཡོད་ལ། ཤར་ལྷོའི་ཨེ་ཤ་ཡའི་རྒྱལ་ཁབ་མཐུན་ཚོགས་གསར་འཛུགས་བྱེད་མཁན་གྱི་ཁོངས་མི་ཡིན། མ་ལེ་ཞི་ཡའི་དཔལ་འབྱོར་རྒྱུན་ཆད་མེད་པར་འཕེལ་གྱིན་ཡོད་ལ་དེ་འབྲེལ་གྱིས་ཤར་ལྷོ་ཨེ་ཤ་ཡའི་རྒྱལ་ཁབ་ཕྱུག་པོ་ཞིག་ཀྱང་ཡིན།

ཆོས་ལུགས།

རྩོམ་སྒྲིག

མ་ལེ་ཞི་ཡ་ནི་ཆོས་ལུགས་སྣ་མང་འཛོམས་པའི་སྤྱི་ཚོགས་ཤིག་ཡིན་པ་དང་ཁ་ཆེའི་ཆོས་ལུགས་ནི་རྒྱལ་ཁབ་ཀྱི་གཞུང་འབྲེལ་ཆོས་ལུགས་ཡིན། སྤྱི་ལོ་༢༠༠༩ལོའི་སྲིད་གཞུང་གི་མི་འབོར་ཞིབ་བཤེར་གྱི་ཨང་གྲངས་ལ་གཞིག་ན་ཆོས་ལུགས་གཙོ་བོ་བཞི་ནི། ཁ་ཆེའི་ཆོས་ལུགས་(མི་མང་གི་བརྒྱ་ཆ་༥༥)དང་ནང་པ་སངས་རྒྱས་ཆོས་ལུགས།(བརྒྱ་ཆ་༢༦) ཡི་ཤུ་ཆོས་ལུགས།(བརྒྱ་ཆ་༩དང་མང་ཆེ་བ་མ་ལེ་ཞི་ཡའི་ཤར་ཕྱོགས་ཏེ་བྷོར་ནེའོ་ལྟ་བུའི་ནང་ཡོད།) ཧིན་རྡུའི་ཆོས་ལུགས།(བརྒྱ་ཆ་༡༠) མ་ལེ་ཞི་ཡ་ནི་སངས་རྒྱས་ཆོས་ལུགས་ཀྱི་མཁའ་དབུགས་ཆེས་ཆེར་སྟུག་པའི་རྒྱལ་ཁབ་ཅིག་ཡིན། འབྲེལ་ཡོད་ཡིག་ཆ་ལྟར་ན་ནང་ཆོས་དུས་རབས་གཉིས་པའི་སྐབས་སུ་ཚོང་ལས་བརྒྱུད་དེ་མ་ལེ་ཞི་ཡར་དར་མགོ་བརྩམས་ཡོད་ལ། ད་ལྟ་ཡང་མ་ལེ་ཞི་ཡའི་མཚོ་ཁའི་གྲུ་ལམ་དག་གི་མིང་སྔར་བཞིན་གནའ་བོའི་རྒྱ་གར་གྱི་སྐད་སོར་བཞག་བྱས་ཡོད་པ་ལས་ཀྱང་ལོ་རྒྱུས་ཀྱི་གསང་བའི་ཟུར་ཞིག་རྟོགས་ཐུབ་པར་སྙམ། ལོ་རྒྱུས་སྨྲ་བ་དག་གིས་མ་ལེ་ཞི་ཡར་ནང་ཆོས་དར་བར་རྒྱུ་རྐྱེན་གསུམ་ཡོད་པར་བཞེད་དེ། གཅིག་ནི་ཀྲུང་གོའི་གནས་སྤོ་ཡུལ་མི་བརྒྱུད་དེ་དར་བ་དང་། གཉིས་ནི་རྒྱ་གར་གྱི་གནས་སྤོ་ཡུལ་མི་བརྒྱུད་དེ་དར་བ། གསུམ་ནི་ཚོང་ལས་བརྒྱུད་དེ་དར་བ་རེད། དོན་དུ་རྒྱ་གར་གྱི་གནས་སྤོ་ཡུལ་མི་དང་ཚོང་ལས་བརྒྱུད་དེ་མ་ལེ་ཞི་ཡར་དར་བ་སངས་རྒྱས་ཆོས་ལུགས་གཅིག་པུ་མ་ཡིན་པར་ཧིན་རྡུའི་ཆོས་ལུགས་ཀྱང་ཐབས་ལམ་དེ་དག་བརྒྱུད་དེ་དར་བར་བཞེད། དེ་ཕྱིན་བར་སྐབས་ཤིག་ལ་སངས་རྒྱས་ཆོས་ལུགས་དང་ཧིན་རྡུའི་ཆོས་ལུགས་གཉིས་མ་ལེ་ཞི་ཡའི་གཙོ་རྒྱུགས་རིག་གནས་སུ་གྱུར་བ་རེད།

གྲོང་ཁྱེར་

རྩོམ་སྒྲིག
 

མ་ལེ་ཞི་ཡའི་གྲོང་ཁྱེར་ཆེན་པོ་པིན་ཁྲིན་ནི་ཡུལ་སྐོར་ལྗོངས་རྒྱུ་བ་མང་པོ་ཞིག་གིས་ས་དགེ་བཅུད་འཛོམས་ཀྱི་གནས་མཆོག་ཅིག་ཏུ་ངོས་འཛིན་བྱེད། པིན་ཁྲིན་དུ་ཐེག་ཆེན་ཆོས་ལུགས་སུ་གཏོགས་པའི་དགོན་པ་མང་པོ་ཞིག་ཡོད་ལ། དགོན་པ་དེ་དག་གི་བཟོ་བཀོད་ལ་ས་གནས་རང་གི་ཁྱད་ཆོས་བླ་ལྷག་ལྡན། གནས་འདིའི་དགོན་པ་མང་པོ་ཞིག་ནི་ཐེག་དམན(ཉན་ཐོས་སྡེ་བ)དང་ཐེག་ཆེན་གཉིས་མཉམ་གནས་བྱས་མྱངས་བའི་ལོ་རྒྱུས་ཀྱི་དན་རྟགས་སུ་འཁུམས། པིན་ཁྲིན་གྲོང་ཁྱེར་ན་མིང་དུ་གྲགས་པའི་དག་ཞིང་དགོན་ཞེས་པའི་དགོན་པ་ཆེན་པོ་ཞིག་ཡོད་ལ། དགོན་པ་དེ་ནི་མ་ལེ་ཞི་ཡ་ཙམ་མ་ཟད་ཡ་གླིང་ལྷོ་ཤར་དུའང་ཆེས་ཆེ་བའི་ཐེག་ཆེན་གྱི་དགོན་པ་ཡིན་པར་གྲགས། དགོན་པ་འདིར་རྒྱལ་ཁབ་དང་གྲུབ་མཐའ་མི་འདྲ་བའི་ཆོས་ལུགས་པ་མང་པོས་མཉམ་དུ་སྒྲིབ་སྦྱོང་དགེ་སྒྲུབ་ཀྱི་ལས་ལ་བྲེལ་བཞིན་མཆིས་པས་དཀྱིལ་ཡངས་དང་སྣ་མང་གི་རིག་གནས་ཁོར་ཡུག་ཅིག་ངང་གིས་ཆགས་འདུག དགོན་པ་འདིའི་མིང་དུ་གྲགས་པའི་སྤྱན་རས་གཟིགས་ཀྱི་འབག་སྐུ་ཆེན་པོ་དེའི་སྤྱིའི་མཐོ་ཚད་ལ་ཁང་བརྩེགས་བཅུ་གསུམ་ཙམ་ཡོད་ལ་གཟི་བརྗིད་དང་ངོ་མཚར་གྱིས་བརྟས་པའི་བཟོ་བཀོད་འདི་མ་ལེ་ཞི་ཡའི་པེན་ཁྲིན་གྲོང་ཁྱེར་གྱི་ཚབ་མཚོན་བཟོ་བཀོད་ཅིག་ཏུ་གྱུར་ཡོད་པ་རེད།

རིག་གཞུང་།

རྩོམ་སྒྲིག

མ་ལེ་ཞི་ཡ་ནི་མ་ལེ་མི་རིགས་བརྒྱ་ཆ་༦༥དང་གདོན་མའི་ཚོ་ཁག་གཞན་རྣམས་ཏེ་རྒྱ་མི་རིགས་བརྒྱ་ཆ་༢༥། རྒྱ་གར་མི་རིགས་བརྒྱ་ཆ་༧བཅས་ཚུད་པའི་མི་རིགས་སྣ་མང་དང་རིག་གཞུང་སྣ་མང་། སྐད་ཡིག་སྣ་ཚོགས་འཛོམས་པའི་སྤྱི་ཚོགས་ཤིག་ཡིན། མ་ལེ་ཞི་ཡའི་ཁྲིམས་ལུགས་འོག་ཁྲིམས་མཐུན་གྱི་མ་ལེ་མི་རིགས་སུ་གྱུར་དགོས་ན་ངེས་པར་དུ་ཁ་ཆེ་བ་བྱེད་དགོས་པ་ནས་བཟུང་། ཚོགས་སྡེ་ཆེ་ཤོས་སུ་གྲུབ་པའི་མ་ལེ་མི་རིགས་ཡོངས་ཁ་ཆེ་བ་ཡིན་ལ། ཆབ་སྲིད་ངོས་ཐད་ནས་མ་ལེ་མི་རིགས་ཀྱིས་གོ་བབ་གལ་ཆེན་བཟུང་ཡོད་པ་དང། ཁོ་ཚོའི་ཕ་སྐད་ནི་མ་ལེ་སྐད་ཡིག་ཡིན།

དུས་ཆེན་

རྩོམ་སྒྲིག

ཝེ་སད་དུས་ཆེན་ནི་མ་ལེ་ཞི་ཡའི་ཆེས་ཤུགས་རྐྱེན་ཆེ་པའི་ནང་བསྟན་གྱི་དུས་ཆེན་ཞིག་རེད། ནང་ཆོས་དར་ཁྱབ་ཆེ་བའི་རྒྱལ་ཁབ་སོ་སོར་དུས་ཆེན་འདི་རོལ་བའི་སྲོལ་ཡོད་ནའང་། དུས་ཆེན་འདིའི་མིང་ལ་འབོད་སྟངས་མི་འདྲ་བ་མང་པོ་མཆིས། མ་ལེ་ཞི་ཡིའི་ནང་ཆོས་དད་ལྡན་པ་དག་གིས་འབོད་བཞིན་པའི་ཝེ་སད་དུས་ཆེན་ནི་པྲ་ཀྲི་ཏིའི་སྐད་"Visakha"ལས་འགྱུར་བར་བཞེད། དོན་དུ་དེ་ནི་བོད་ཀྱི་ས་ག་ཟླ་བའི་དུས་ཆེན་དང་གཅིག་མཚུངས་སུ་སྣང་། སྤྱི་ལོ་1950ལོར་འཛམ་གླིང་ནང་ཆོས་མཛའ་འབྲེལ་ཚོགས་པས་སི་རི་ལན་ཁ་ནས་བསྡུས་པའི་སྐབས་དང་པོའི་ནང་ཆོས་གྲོས་ཚོགས་སྟེང་ཝེ་སད་དུས་ཆེན་གྱི་སྐོར་ལ་གྲོས་ཐག་བཅད་ཅིང་ཡ་གླིང་ཤར་ལྷོའི་ནང་ཆོས་དར་ཁྱབ་ཆེ་བའི་རྒྱལ་ཁབ་ཀུན་གྱིས་ཝེ་སད་དུས་ཆེན་ཉིན་གཞུང་ཕྱོགས་ནས་ངལ་གསོའི་གནང་བ་སྟེར་དགོས་པའི་རེ་འཆར་བཏོན། ཝེ་སད་དུས་ཆེན་ལ་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁས་ལེན་ཐོབ་པས་རྒྱལ་སྤྱིའི་སྟེང་ཝེ་སད་དུས་ཆེན་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཝེ་སད་དུས་ཆེན་ཞེས་འབོད་བཞིན་མཆིས།

མ་ལེ་ཞི་ཡ་ནི་སའི་གོ་ལའི་ཐིག་དམར་དང་ཉེ་བས་དུས་བཞིའི་དབྱེ་མཚམས་མི་གསལ་ཞིང་ཞོགས་པ་དང་ས་སྲོད་ཀྱི་ཚ་གྲང་ལ་བར་ཁྱད་ཆེན་པོ་མེད། མ་ལེ་ཞི་ཡའི་གནམ་གཤིས་ཚ་རྒྱུད་ནགས་ཆར་དང་ཚ་རྒྱུད་དུས་རླུང་གི་ཁོངས་སུ་གཏོགས་ལ། ལོ་ཧྲིལ་པོའི་ཆར་བ་འབབ་ཚད་མང་ཞིང་ཆ་སྙོམས་ཀྱི་དྲོད་གྲངས་26~30℃ཡིན།

དཔལ་འབྱོར།

རྩོམ་སྒྲིག

འཛམ་གླིང་གསར་དར་ཚོང་རའི་དཔལ་འབྱོར་མ་ལག་གྲུབ་པའི་མ་ལེ་ཞི་ཡ་ནི་འཕེལ་རྒྱས་ཀྱི་གོམ་འགྲོས་ཅུང་མགྱོགས་པའི་རིག་གནས་སྣ་མང་ཅན་གྱི་རྒྱལ་ཁབ་ཅིག་ཡིན་ལ། མ་ལེ་ཞི་ཡའི་ཡུལ་སྐོར་དང་རིག་གནས་ཞབས་ཞུའི་ལས་རིགས་འཛམ་གླིང་སྔོན་གྲས་སུ་ཚུད་ཡོད།

མི་འབོར།

རྩོམ་སྒྲིག

པར་རིས་བར་འཁྱམས།

རྩོམ་སྒྲིག


ཟིན་ཐོ་འམ་དཔྱད་གཞི།

རྩོམ་སྒྲིག

དཔྱད་གཞིའི་དཀར་ཆག།

རྩོམ་སྒྲིག

ད་དུང་གཟིགས།

རྩོམ་སྒྲིག

ཕྱི་ཕྱོགས་དྲ་མཐུད།

རྩོམ་སྒྲིག