མངོན་པ།
མངོན་པ་ཞེས་པ་དོན་གཉིས་ལ་འཇུག་སྟེ། ༡ བྱ་ཚིག་ཅིག གསལ་བ་དང་མཐོང་བའམ་རིག་པ་ལ་གོ དཔེར་ན་ཕ་གི་ནས་ཁང་པའི་ཟུར་ཞིག་མངོན་པ་ལྟ་བུ། ༢ མིང་ཚིག་ཅིག ལེགས་སྦྱར་སྐད་ཨ་བྷི་ཞེས་པ་བསྒྱུར་ན་མངོན་པ་ལ་འཇུག དེ་ནི་ནང་དོན་རིག་པའི་བརྡ་ཆད་ཅིག་རེད། མྱ་ངན་ལས་འདས་པ་ལ་མངོན་དུ་ཕྱོགས་པ་སོགས་རྒྱུ་མཚན་བཞིས་མིང་དེ་སྐད་དུ་གྲགས་པར་བཤད་དོ། །