མཆིན་ཚད་ཁ་པ་
མཆིན་ཚད་ཁ་པ་ནི་མཆིན་ཚད་ཁ་པའི་ནད་དུག་གིས་བསླངས་བ་ཡིན་ཞིང་། མཆིན་པར་གཉན་ཚད་རྒྱས་བ་དང་ནུས་པ་ཉམས་པ་གཙོ་ཡིན་པའི་འགོས་ནད་ཅིག་ཡིན། ནད་འདི་གཙོ་བོ་ཁྲག་ལས་འགོ་བ་དང་ཨ་མ་ལས་བྱིས་པར་འགོ་བ། ཕོ་མོའི་ལུས་འབྲེལ་ལས་འགོ་བ་བཅས་ཡིན་ལ། དེའི་ཁྱད་ཆོས་ནི་མཆིན་ཚད་ཁ་པ་བྱུང་སྐབས་དམིགས་གསལ་གྱི་ཁྱད་པར་མེད་ཀྱང་བྱིས་པ་དང་ན་གཞོན་ལོ་ཆུང་གི་རིགས་ལ་འགོས་ནད་དེ་བྱུང་བ་མང་བ་དང་། འགོས་ནད་དེ་ཡོད་པའི་ནད་པ་ནི་བུད་མེད་ལས་སྐྱེས་པ་མང་།