མཚོ་སྔོན
ནང་དོན་འདིའི་རེ་བ།གཙང་མ་བཟོས་པ། . ཁྱེད་ཀྱིས་ཐུབ་ན་ནང་དོན་འདིར་བཟོ་བཅོས་ལེགས་པར་གྱིས། |
དེ་ཡང་མདོ་སྨད་ཀྱི་ཡུལ་ཁམས་འདི་ལ། མི་ཉག་དང་ཧོར་སོག་གི་སྟོབས་ཤུགས་མངའ་ཐང་ཆེས་ཆེར་དར་བའི་སྐབས་འགར་དེ་དང་དེའི་དབང་འོག་ཏུ་ཚུད་པ་ལྟ་བུའི་ལོ་རྒྱུས་འབྱུང་མོད་ཀྱང༌། དོན་དངོས་པོའི་གནས་ལུགས་ལ་རྒྱ་སོག་གང་གིའང་ཆ་ཤས་ཤིག་མིན་ལ། ཁྲིམས་འགོ་རང་འཛིན་ལྟ་བུའི་རྒྱལ་ཕྲན་ལོགས་སུ་ཡོད་པ་ཞིག་ཀྱང་མ་ཡིན་པར། སྔོན་དུས་རབས་བདུན་པའི་སྐབས་བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོས་བོད་ཀྱི་བརྟན་གཡོ་མཐའ་དག་གཅིག་བསྒྲིལ་མཛད་པ་ནས་བཟུང་ད་བར་བོད་རྒྱལ་ཁབ་ཀྱི་ཡན་ལག་ཏུ་གནས་པ་ཞིག་ཡིན།
མདོ་སྨད་པའི་རིགས་རྒྱུད་ནི།
རྩོམ་སྒྲིགརི་རྩེ་མོ་གསུམ་དེ་ལྡོང་ལ་ཐོབ།། ལྡོང་ཞྭ་མགོ་མཐོ་བ་དེ་ཡི་དོན།། ཞེས་ཆེས་ཤིན་ཏུ་སྔ་མོའི་དུས་ནས་ཡོད་པའི་ངག་སྒྲོས་མ་ཉམས་པར་ཡོད་པ་བཞིན་རིགས་རུས་ཕལ་ཆེ་བ་ནི། བོད་ཀྱི་རུས་ཆེན་བཞིའི་ཡ་གྱལ་ལྡོང་གི་རིགས་ཡིན་ལ། མདོ་ཁམས་ལྡོང་ཤུལ་བཅོ་བརྒྱད་དུ་གྲགས་པས་ཀྱང་དཔོག་ནུས་པ་ཞིག་གོ། གངས་ཅན་བོད་ཀྱི་ཡུལ་ལ་ཡུལ་ཁམས་ཆེན་པོ་གསུམ་དུ་ཕྱེ་བའི་མདོ་སྨད་ཀྱི་ཡུལ་འདི་ལ་ཡང་ནང་གསེས་ཀྱིས་དབྱེ་བ་བྱེད་ཚུལ་མི་འདྲ་བ་མང་ནའང༌། དེབ་ཐེར་རྒྱ་མཚོ་སོགས་ལས་ཆུ་ཀླུང་རྨ་ཆུ་བགྲོད་ཚུལ་གྱི་དབང་གིས་མདོ་སྨད་འདི་ལ་ལྷོ་བྱང་གཉིས་ཕྱེ་ནས་ལོ་རྒྱུས་རྒྱས་པར་གསུངས་འདུག་པས། འདིར་ཡང་གསུངས་ཚུལ་དེ་གཞིར་བཞག་ནས་བསྡུས་ཙམ་ཞིག་འགོད་པར་འདོད་དེ།
ཆུ་ཀླུང་ཆེན་པོ་ཁག།
རྩོམ་སྒྲིགརྨ་ཆུ་ནི། འཛམ་གླིང་སའི་ཐིག་ལེ་འདིར་ཤིན་ཏུ་གྲགས་ཆེ་བའི་ཆུ་ཀླུང་ཆེན་པོ་ MISSISSIPPI, AMAZON, DANUBE, NIGER, CONGO, INDUS, GANGES, MEKONG, YELLOW, YANGTZE རྣམས་ལས་ YELLOW ཞེས་པ་འདི་ཡིན་ལ། YANGTZE བྱ་བ་འབྲི་ཆུ་སྟེ། འདི་ཡང་མདོ་སྨད་ཡུལ་སྟོད་ནས་འབབ་ཅིང་ཁམས་བརྒྱུད་ནས་རྒྱ་ནག་ཏུ་འབབ་ལ། འཛམ་གླིང་རིལ་པོ་འདིར་གྲགས་ཆེ་བའི་ཆུ་ཀླུང་ཆེན་པོ་དེ་རྣམས་ལས་ཕྱི་མ་ལྔ་པོ་དེ་བོད་ཀྱི་ཡུལ་ནས་འབབ་པས། སྔོན་གྱི་ཡིག་རྙིང་ཁག་དུ་མར། ཆུ་བོ་ཐམས་ཅད་ཀྱི་འགོ། རི་མཐོ། ས་གཙང་ཞེས་བསྔགས་པ་ཡང་དོན་ལ་གནས་པར་ཁུམས་སོ།།
འབྲུ་ཆུ་ལ་ཆུ་མགོ་ལྷོ་བྱང་གཉིས་ལས་གཉིས་ཀ་མདོ་སྨད་སྤྱིའི་སྟོད་ཕྱོགས་ལྷོ་བྱང་གཉིས་ནས་འབབ་ནའང་སྐྱེ་དགུ་མདོ་ནས་ཁམས་ཀྱི་ཡུལ་གཞུང་བརྒྱུད་ནས་བགྲོད་པས་མདོ་སྨད་ཀྱི་ཆུ་ཀླུང་གྲས་སུ་བྱེད་པའི་ཐ་སྙད་ཆེར་མེད།
རྨ་ཆུ་ནི།
རྩོམ་སྒྲིགཨ་ཆེན་གངས་འདབས་དང༌། རྨ་ཆེན་གངས་སྟོད་ཕྱོགས་ནས་ཆུ་ཕྲན་དུ་མ་རིམ་གྱིས་འདྲེས་ཏེ་རྨ་གཡང་ཕྱུག་མོ་གཞུང་དུ་འབབ་ཅིང༌། དེ་ནས་རིམ་གྱིས་མདོ་སྨད་ཀྱི་ཡུལ་གཞུང་བརྒྱུད་ནས་འབབ་པ་ཡིན། རྨ་ཆུའི་བགྲོད་དབྱིབས་ནི་དེབ་ཐེར་རྒྱ་མཚོ་སོགས་ན་ནོར་བུ་དགའ་བ་འཁྱིལ་བའི་དབྱིབས་ལྟ་བུར་བགྲོད་པར་གསུངས་ལ། དེའི་ཚུལ་ནི། མཚོ་སྐྱ་རེངས་དང་སྔོ་རེངས་གི་གཞུང་བརྒྱུད་རིམ་གྱིས་ཤར་ལྷོའི་ཕྱོགས་སུ་འབབ་ཅིང༌། གཉན་པོ་གཡུ་རྩེ་ཞེས་བྱ་བའི་རི་བོ་མཁའ་ལ་བསྙེགས་པ་ལྟ་བུ་དེའི་གཡོན་ངོས་ནས་བགྲོད། དེ་ནས་མི་རིང་བ་ན་བྱང་དུ་འཁྱོགས་ནས་རྐ་ཆུ་དང༌། དམེ་ཆུར་རིམ་བཞིན་འདྲེས། དེ་ནས་རིམ་གྱིས་ནུས་བྱང་ངོས་རིང་པོར་བགྲོད་པས་རྨ་ཆུའི་ཁུག་པ་གཅིག་དང༌། དེ་ནས་གྱ་མ་གྱུའི་ཚུལ་དུ་བྱང་ངོས་སུ་བགྲོད་པས་གཤི་ཆུ་དང་རྩེ་ཆུར་འདྲེས། རྭ་རྒྱ་ནས་འབལ་མདོ་དང་འབལ་མདོ་ནས་ཤར་ངོས་སུ་འབབ་པས་ན་མདོ་སྨད་ཁུལ་འདིར་རྨ་ཆུའི་ཁུག་པ་གཉིས་ཡོད་ལ། ནོར་བུ་དགའ་བ་འཁྱིལ་བའི་དབྱིབས་ལྟར་བགྲོད་ཚུལ་ཡང་དེ་ལྟར་ཡིན་པར་མངོན། ཁུག་པ་གཉིས་པ་རྫོགས་ནས་རིམ་གྱིས་ཟི་ལིང་ཙོང་ཆུ་དང༌། དཔའ་རི་འཇུ་ལག་གི་ཆུ་དང་འདྲེས་ཤིང༌། འདྲེས་མཚམས་འདི་ནས་བོད་ཀྱི་ས་མཚམས་ཡང་རྫོགས་པ་ཡིན།
དེ་ལྟ་བུའི་རྨ་ཆུའི་བགྲོད་ཚུལ་གྱི་དབང་གིས་མདོ་སྨད་འདི་ལ་ལྷོ་བྱང་གཉིས་སུ་ཕྱེ་བར་སྣང༌།
ལྷོ་རྒྱུད་རྨ་ཆུའི་ཁུག་པ་གཉིས་པའི་ནུབ་སྟོད་དུ་བསང་གི་གྱེ་མོ་གོང་བ་ཞེས་བྱ་བ་ནས་ཁག་ཆུ། བསང་ཆུ། ཆུ་ནག་ཅེས་བྱ་བའི་ཆུ་ཀླུང་གསུམ་འབབ་ཅིང༌། ཁག་ཆུ་རིམ་གྱིས་ཀླུ་ཆུ་དང་འདྲེས། ཆུ་ནག་མགོན་ཤུལ་ཆུ་དམར་དང་འདྲེས་ནས་རོང་བོའི་དགུ་ཆུར་འབབ། བསང་ཆུ་ནི་བླ་བྲང་དགོན་པའི་མདུན་བརྒྱུད་ཀ་ཇུ་དང༌། ཀ་ཇུ་ནས་མ་ཧཱ་ཀ་ལ་དང་འདི་ནས་རྨ་ཆུར་འབབ།
རོང་བོ་དགུ་ཆུ་ནི།
རྩོམ་སྒྲིགརེབ་གོང་དུ་ལྷོ་ནས་བྱང་དུ་བཞུར་བའི་ཆུ་རྒྱུད་ཅིག་ཡིན། དེ་ཡང་དགུ་ཆུ་ཞེས་པའི་ཐོགས་དོན་ནི། རྫོང་དམར་ཁོག་གི་ཆུ་དམར། ས་ནག་གཞུང་གི་ཆུ་ནག ཀླུ་ཚང་ཁོག་གི་བཙན་ཆུ། ཨ་ཡངས་སྟག་མོའི་རྫོང་ཆུ། རྭ་རྩེ་ཕུའི་སྤང་ཆུ། གསེར་ལྗོངས་ཁོག་གི་ཤ་ཆུ། མ་མོའི་ཕུག་གི་གྱོ་ཆུ། ཟ་ལུང་ཁོག་གི་ནོའུ་ཆུ། འཛམ་གླིང་ཁོག་གི་གློང་ཆུ་བཅས་འདུས་པ་ཡིན་པས་སམ། ཡང་ན། སྟོད་ན་ཀ་རོང་ཡ་རོང་བདེ་རོང་གསུམ། བར་ན་ཚ་རོང་བ་རོང་བསེ་རོང་གསུམ། སྨད་དུ་ཐེའུ་རོང་ནོའུ་རོང་དགུ་རོང་སྟེ་རོང་དགུའི་ཆུ་བོ་རྣམས་གཅིག་ཏུ་འདུས་ཤིང་འབབ་པས་ན་དེ་ལྟར་ཐོགས་པར་བཤད། གང་ལྟར་ཡུལ་མདོ་སྨད་དུ་གྲགས་ཆེ་བའི་ཆུ་བོ་ཞིག་སྟེ། ཆུ་དེའི་རྒྱུད་དུ་རེབ་གོང་ཉིན་སྲིབ་གཉིས་སུ་ཕྱེས་པའི་ཡུལ་སྡེ་ཆལ་མར་རྡལ་ཡོད་ཅིང་། རོང་བོ་དགོན་ཆེན་གྱིས་གཙོས་གནས་ཆེན་ཡང་ཚར་དུ་བསྒྲིགས་པ་ལྟར་ཡོད་དོ།།
ཀླུ་ཆུ་ནི་
རྩོམ་སྒྲིགཀླུའི་ཆབ་བྲག་ནས་འཐོན་པས་དེ་ལྟར་གྲགས་ཤིང༌། ཤིས་ཚང་ཚོ་བཅུ་གཉིས་སུ་གྲགས་པའི་གཞུང་བརྒྱུད་ནས། ཆས་པ་ས་འཛིན་ཡུལ་འཛིན།། ཆས་ཕྲུག་གནམ་གྱི་སྐར་མ།། ཞེས་གྲགས་པའི་ཡུལ་ཆེན་པོ་བརྒྱུད་ཅོ་ནེའི་རྒྱལ་ས་ཡོངས་འདུས་རྒྱལ་ཁབ་ཏུ་གྲགས་པ་དང༌། དེ་ནས་རིམ་གྱིས་བྱང་དུ། མེན་ཇུ། ཤིང་ཀུན། མགལ། སྤེལ་ལེ་སོགས་བརྒྱུད་རྨ་ཆུར་འབབ་ཅིང་འདི་ནི་ཆུ་ཀླུང་ཆེན་པོ་ཞིག་ཀྱང་ཡིན།
སྟག་ཚང་ལྷ་མོ། འབྲིང་ཁོག གཟའ་ཚོང༌། ས་སྐྱིད་བཅས་ཡུལ་དེ་དག་གི་ཆུ་རྣམས་འདྲེས་ཤིང་རིམ་གྱིས་རྒྱལ་བཟང་གནམ་རྩེའི་རིའི་འདབས་བརྒྱུད་ནས་རྒྱའི་ཡུལ་དུ་བགྲོད། ཟུང་ཇུའི་རྒྱ་ཆུ། དམུ་དགེ་རོང་ཆུ་ནག ཚ་ཁོ་ཁྲི་བཅུའི་གཞུང་གི་ཆུ་རྣམས་དང༌། རྡོ་ཁོག་གི་ཆུ། མགོ་ལོག་སྨ་ཆུ་བཅས་དང༌། སྨད་ངོས་ཀྱི་ར་ཆུ་དང༌། ཚ་བ་ཁག་གསུམ་གྱི་ཆུ་ཀླུང་བཅས་ཆུ་ཀླུང་ཆེས་མང་དུ་འདུས་པ་རྒྱལ་མོ་དངུལ་ཆུ་ཞེས་གྲགས་པ་སྟེ་རྒྱའི་ཡུལ་དུ་བགྲོད། མགོ་ལོག་རྫ་ཆུ་ནི། ཨ་ཆེན་གངས་ཀྱི་ལྷོའི་རྫ་རྒྱུད་ལས་འབབ་ཅིང༌། རིམ་གྱིས་ཁམས་ཁུལ་དཀར་མཛེས། ཉག་རོང༌། ལི་ཐང་སོགས་བརྒྱུད་རྒྱའི་ཡུལ་ཐང་ཀང་ཟེར་བའི་ཕྱོགས་ནས་འབྲི་ཆུར་འབབ། མདོར་ན་དེ་ལྟར་བཤད་པའི་ཆུ་ཀླུང་དེ་དག་ནི་མདོ་སྨད་ལྷོ་བྱང་གཉིས་ལས་ལྷོའི་ཁུལ་དུ་ཡོད་པའི་ཆུ་ཀླུང་རྣམས།
མདོ་སྨད་བྱང་ཕྱོགས་ཀྱི་ཆུ་ཀླུང་གྲགས་ཆེ་བ་ནི།
རྩོམ་སྒྲིགཙོང་ཆུ། འཇུ་ལག་ཆུ། ཆུ་ནག་བཅས་ཡིན་ལ། འཇུ་ལག་ཆུ་ནི། ཡོངས་གྲགས་ལ་དཔའ་རི་འཇུལག་ཆུ་ཟེར་ཞིང༌། རྣམ་ཐར་ལོ་རྒྱུས་སོགས་ན་མཚོ་ཁྲི་ཤོར་རྒྱལ་མོ་དང༌། ཡོངས་གྲགས་སུ་མཚོ་སྔོན། སོག་སྐད་དུ་ཀོ་ཀོ་ནོར་ཞེས་འབོད་པ་འདྀའི་བྱང་ངོས་སུ་གླང་ཆེན་གྱི་ཁྱུ་འདྲ་བའི་གངས་རི་མང་དུ་ཡོད་པ་དེ་དག་གི་ཤར་ལྷོའི་ཕྱོགས་ནས་འབབ་ཅིང༌། ཕོ་རོད། བ་རི། སྟག་ལུང་སོགས་རྒྱུད་རྨ་ཆུར་འབབ། ཆུ་ནག་ནི་མཚོ་སྔོན་གྱི་བྱང་སྟོད་ཙམ་ནས་འབབ་ཅིང༌། གན་ལིན་ཤིས་གསུམ་དུ་གྲགས་པའམ། སུ་གྲུའུ་དང་གན་གྲུའུ་ཞེས་གྲགས་པའི་ཡུལ་གྲུ་འདི་གཉིས་ཀྱི་དབར་ནས་བྱང་དུ་བགྲོད་པར་མངོན།
ཙོང་ཆུ་ནི།
རྩོམ་སྒྲིགམཚོ་མགོར་གྲགས་པ་ཚ་གན་ཐོ་ལོ་གེའི་ཕྱོགས་དང༌། སྟོད་ནས་བུ་ཧ་དང་ཨུ་ལན་ཧོ་ཤོ་སོགས་ཀྱི་ཆུ་རྣམས་འདྲེས་པའི་རྒྱུན་ལ་བཤད་པ་སྣང་མོད། གང་ལྟར་ཡངའདི་ནི་ཙོང་ཁའི་ཡུལ་གྱི་གཞུང་ཆུ་ཡིན་ལ། ཟི་ལིང་མཁར་དང༌། དམར་གཙང་བྲག་གི་མདུན་བརྒྱུད་རྨ་ཆུར་འབབ། མཚོ་སྔོན་ལོ་རྒྱུས་སོགས་ན། མཚོ་སྔོན་གྱི་སའི་ཆར་ཁུར་ལུག་གི་སྟོད་དུ་ཨོའུ་ཁུ་གངས་རི་ཞེས་པའི་ཕྱོགས་བཞི་ནས་ཆུ་ཀླུང་མི་འདྲ་བ་ཕྱོགས་སོ་སོར་འབབ་པ་གངས་ཏེ་སེ་དང་འགྲན་པར་གསུངས་ཤིང༌། མཚོའི་ལྷོ་ངོས་སུ་ཟོར་དགུ་ཞེས་ཕ་ལམ་གྱི་ས་འཛིན་མཁའ་ལ་སྙེགས་འདྲའི་རི་སུལ་ནས་འབབ་པའི་ཆུ་རྒྱན་རྣམས་འདུས་ཏེ་གྱ་མ་གྱུའི་ཚུལ་དུ་རིག་སྨོན་ཞེས་པའི་ཆུ་དང༌། སྟོད་ནས་བུ་ཧ་དང་ཨུ་ལན་ཧོའུ་ཤོ་དང་ཧར་གེའལ་སོགས་ཀྱི་ཆུ་ཆེན་དུ་མ་ལུང་པ་བརྒྱ་ཕྲག་གི་ཆུ་དང་འདྲེས་ནས་མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་ནང་དུ་འབབ་པར་བཤད་དོ།། མདོན་ན། མདོ་སྨད་ཀྱི་ཡུལ་འདི་ནི་ས་ཧ་ཅང་རྒྱ་ཆེ་བ་ཞིག་སྟེ། དེང་སྐབས་རྒྱ་ནག་གིས་བོད་རང་སྐྱོང་ལྗོངས་ཀྱི་ཡུལ་ལུང་རྒྱ་ཁྱོན་གྱིས་རྒྱ་ནག་གི་ཡུལ་ཁྱོན་བརྒྱད་ཆ་གཅིག་ཟིན་ཡོད་ཚུལ་བཤད་པ་ལ་དཔག་ན། མདོ་སྨད་ཀྱི་ལྗོངས་འདིས་བརྒྱད་ཆ་ཕྱེད་གཉིས་ཟིན་པར་ཅེས་ཀྱང་གདོན་མི་ཟ་བ་ཞིག་གོ།
མདོ་སྨད་ལྷོ་རྒྱུད།
རྩོམ་སྒྲིགདེ་ལྟར་མདོ་སྨད་ཀྱི་ཡུལ་ལྗོངས་འདིར་དགོན་སྡེ་སོགས་ཆེས་མཐའ་ཡས་པ་ཡོད་པ་ལས་འདིར་དེབ་ཐེར་རྒྱ་མཚོའི་གསུང་ཟིན་ཇི་ལྟ་བ་བཞིན་རོབ་ཙམ་འགོད་པར་བྱ་སྟེ། དེ་ཡང་མདོ་སྨད་ལྷོ་རྒྱུད་དུ་གོང་དུ་བཤད་པའི་བསང་ཆུའི་རྒྱུད་དུ། ཀུན་མཁྱེན་འཇམ་དབྱངས་བཞད་པའི་གདན་ས་ཆོས་གྲྭ་ཆེན་པོ་དཔལ་ལྡན་བཀྲ་ཤིས་འཁྱིལ་ ༡༧༡༠ གདན་ས་འདི་ཉིད་ཆགས་པའི་ཡུལ་ནི། ཁ་རྒྱ་ཚོ་དྲུག་ཏུ་གྲགས་པའི་ཁོངས་གཏོགས་ཤིང༌། ཁ་གྱ་ཚོ་དྲུག་ནི། རྐང་ཚ། ཁ་གྱ། རྒན་གྱ། གཙོས། ཙ་ཡུས། གནམ་ལྷ་བཅས་དྲུག་ཡིན་ལ། འདི་དག་གི་ཡུལ་མིའི་རིགས་རྒྱུད་ནི། བོད་ཀྱི་རུས་ཆེན་དགའ་ལྡོང་འབྲི་གསུམ་གྱི་ནང་ནས་ལྡོང་དང༌། ལྡོང་ལ་ཚ་ཆེན་བཅོ་བརྒྱད་ཡོད་པའི་གཡི་ཚ་བྱ་བ། མངའ་བདག་ཁྲི་རལ་གྱིས་འདི་ཕྱོགས་ཀྱི་དམག་དཔོན་དུ་བསྐོས་པས་གཡི་ཚ་དམག་དཔོན་ཞེས་མིང་ཐོགས་ཤིང༌། དམག་དཔོན་འདིའི་རིགས་རྒྱུད་ཆེས་ཆེར་འཕེལ་བ་ལས་ཁག་དྲུག་ཏུ་གྱེས་པ་ཁ་གྱ་ཚོ་དྲུག་ཏུ་གྲགས་པ་དེ་རྣམས་བྱུང་ཚུལ་སྣང༌། འདིས་མཚོན་མདོ་སྨད་ཀྱི་མིའི་རིགས་རྒྱུད་སྐོར་ལ། གཞུང་རྒྱ་མཚོ་ལྟ་བུ་ལ་ཧོར་ཁོངས་སུ་མ་ལུས་པར་ཞིབ་མོར་དཔྱད་ན་ངོ་མཚར་བའི་གཏམ་མང་དུ་བྱུང་མོད། འོན་ཀྱང་འདིར་སྐབས་དོན་སྒྲིབ་པར་དོགས་པས་ཀྱང་མ་སྤྲོས་སོ།།
ཁ་གྱ་ཚོ་དྲུག མཛོད་དགེ་ཤོག་པ་ལྔ༌། ཧོར་ཚང་སོགས་སུ་དགོན་སྒྲུབ་སྡེ་སོགས་གྲགས་ཆེ་བ་ནི། གདན་ས་བླ་བྲང་གི་ཉེ་སྐོར་དུ་སྒྲུབ་སྡེ་གོང་འོག་དང༌། ལྷ་ཆབ་སྒར་སོགས་དགོན་རི་ཁྲོད་དུ་མ། གཏེར་ལུང་ཡིག་དགའ་ཆོས་འཛིན། ཨ་ཁྱུང་སྒོམ་གྲྭ་ཐར་པ་གླིང༌། ཙ་ཡུས་དགོན་བཀྲ་ཤིས་ཆོས་གླིང༌། གཙོས་དགོན་དགེ་ལྡན་ཆོས་གླིང༌། མཛོད་དགེ་དགོན་གསར་རྙིང༌། རྐང་ཚའི་དགོན་དགའ་ལྡན་བསམ་འགྲུབ་གླིང༌། ཁ་གྱའི་སྒར། ཨ་ཁྱུང་སྒར་བཀྲ་ཤིས་ཆོས་གླིང༌། ཧོར་ཚང་ཆེ་ཆུང་གཉིས་སུ་སྨན་བླའི་མིང་གིས་འབོད་པའི་དགོན་ཕྲན་བཅུ་གཅིག སྒྲུབ་སྡེ་བཞི། སྒར་པ་བརྒྱད་སོགས་མང་པོ། རྒན་གྱའི་ཕྱོགས་སུ་གཉའ་གོང་བྲག་དཀར་གནས་རི། བྲག་དཀར་དགོན། ཉི་མ་ལུང་རི་ཁྲོད་སོགས་རི་ཁྲོད་དུ་མ། ཧོར་ཚང་ཤིང་སྒོ་དང་ཉེ་བར་ཙ་ནེ་ས་ལག་གི་རི་ཁྲོད་ཡུན་ཐ་ཇི་སོགས་རྒྱའི་མིང་ཅན་གྱི་དགོན་ཕན་དུ་མ། མགོ་མོག་དགོན་བཀྲ་ཤིས་བདེ་ཆེན་གླིང༌། འགྲོ་མགོན་འཕགས་པའི་གྲྭ་ཆེན་ཏཱ་དབོན་པོའི་གདན་ས་ཧན་དགོན་པ་གསར་རྙིང་གཉིས། སྒང་ཁ་རི་ཁྲོད། ཀ་ཇུའི་མཁར་དུ་ཏཱ་ཟི་དང་བྱམས་ཆེན་ཟི། ཕྱི་རོལ་དུ་མཆོད་རྟེན་རིང་མོ། ཧན་ཀྱ་དགོན་སོགས་ཏེ། དེ་དག་ནི་བླ་བྲང་བཀྲ་ཤིས་འཁྱིལ་ཞེས་མཚན་སྙན་པར་གྲགས་པ་དེ་ཉིད་གང་དུ་བཞུགས་སའི་ཡུལ་དང་འབྲེལ་བ་ཁ་གྱ་ཚོ་དྲུག མཛོད་དགེ་ཤོག་པ་ལྔ༌། ཧོར་ཚང་ཆེ་ཆུང་དུ་གྲགས་ཆེ་བའི་དགོན་སྒྲུབ་སྡེ་རི་ཁྲོད་ཇི་སྙེད་བཞུགས་ཚུལ་རོབ་ཙམ་མོ།།
ཨ་མཆོག་དང་འབོ་ར། སྒྱིས་ཚང་དང་རེབ་ཚ་སོགས་ཀྱི་ཡུལ་དུ་དགོན་སྡེ་གྲགས་ཆེ་བ་ནི། གོང་དུ་བཤད་པའི་ཀླུ་ཆུའི་སྟོད་ཕྱོགས་སུ། ཤིས་ཚང་སྒར་གསར་དགའ་ལྡན་ཆོས་ ༡༨༤༠ འཁོར་གླིང་དང་བདེ་ཆེན་ཆོས་གླིང་སོགས་དགོན་རི་ཁྲོད་མང༌། འདི་ཕྱོགས་ཀྱི་ཡུལ་སྡེ་ལ། རྒྱ་སྒུར། ཨ་ལ། ཆ་རེས། ཉང་ཚང༌། ཆོས་འཁོར་སྡེ་ཉེན་ཤིས་ཚང་ཚོ་དྲུག བླ་རི་མགུལ། དཔའ་རྒུར། མ་ངེ་ཧོར་སྐྱེས། རྫས་ཚ། རྡོ་ར། རྨེ་རུའི་ཉིན་ཏེ་སྲིབ་ཆ་དྲུག་བཅས་ལ་ཤིས་ཚང་ཚོ་བཅུ་གཉིས་སམ་ཨ་གྲོང་ཆོས་འཁོར་ཚོ་བབཅུ་གཉིས་ཞེས་གྲགས། ཆོས་རྒྱལ་སྲོང་བཙན་གྱི་བློན་པོ་མགར་གྱི་གདུང་རྒྱུད་ཉང་ཚང་བློ་གྲོས་ཀུན་དགའ་བསྟན་འཛིན་གྱི་གདན་ས་ཉང་ཚང་གདོང་ཟུག་ཏུ་གྲགས་པ། སྤང་མཐིལ་དགོན། བང་ཚང་དགོན། ཕྱུག་པོའི་དགོན་སོགས་དུ་མ། ཀླུ་དོག་གི་ཆུ་འདྲེས་མཚམས་སུ་རྔ་རྒོད་རི་ཁྲོད་བཀྲ་ཤིས་བཤད་སྒྲུབ་གླིང་ ༡༧༤༡ ཨ་མཆོག་བདེ་མོ་ཐང་དགའ་ཆོས་འཁོར་གླིང༌། ༡༧༦༠ དགོན་འདིར་དེབ་ཐེར་སྔོན་པོ་དང་དེབ་ཐེར་རྒྱ་མཚོ་སོགས་ཀྱི་དཔར་ཤིང་ཡོད། མགོ་འདལ་ཤར་རི་ཁྲོད་དང་བོར་ཆུང་རི་ཁྲོད་སོགས།
སྔོན་པོ་ཐང་དགའ་ལྡན་བཤད་སྒྲུབ་གླིང༌། ༡༦༩༨ སྒྱིས་ཚང་སྒར་དགའ་ལྡན་ཆོས་གླིང༌། རེབ་ཚ་སྒྲུབ་སྡེ་ཀུན་གྱི་མ་དགོན་རྒྱལ་མོ་བསམ་འགྲུབ་གླིང༌། ལྷ་ཁང་ལུང་དགེ་འཕེལ་བསམ་གཏན་གླིང༌། ཤིང་ར་དགོན་བཀྲ་ཤིས་དགེ་འཕེལ་གླིང༌། ཐང་ཚང་དགོན་དགའ་ལྡན་བསམ་འགྲུབ་གླིང་སོགས་ཆེས་མང་དུ་བཞུགས་ལ། དེ་དག་ནི། ཤིས་ཚང་དང་འབོ་ར། སྒྱིས་ཚ་དང་རེབ་ཚ་སོགས་ཀྱི་ཡུལ་དུ་གྲགས་ཆེ་བའི་དགོན་སྡེ་རྣམས་སོ།།
ཀླུ་ཆུའི་ཉིན་ངོས་སྟོད་ནས་མར་རིམ་པར་ཅོ་ནེ་སོགས་སུ་ཡོད་པའི་དགོན་སྡེ་གྲགས་ཆེ་བ་ནི། ཀླུ་ཆུའི་ཉིན་ངོས་སུ་ལྷ་འདུས་རི་ཁྲོད་ཐར་པ་གླིང༌། རྩེ་དབུས་རི་ཁྲོད་དགེ་འཕེལ་བསམ་གཏན་གླིང༌། ཀླུ་ཆུང་དགོན། དགའ་ལྡན་ཕུན་ཚོགས་གླིང༌། སྟག་ཚང་རི་ཁྲོད་སོགས་མང་ལ། ཨ་འཁོར་གཞུང་དུ་བྲག་དཀར་དགོན་བྱང་ཆུབ་གླིང༌། ༧༠༣ ཆས་པ་རྒྱ་མཁར་དགོན་བཤད་སྒྲུབ་དར་རྒྱས་གླིང༌། ཆས་པ་ ༡༦༩༨ ༡༧༦༤ བློ་བཟང་འཕྲིན་ལས་ཀྱི་གདན་ས་དགའ་ལྡན་བཀྲ་ཤིས་བསམ་འགྲུབ་གླིང༌། བདེ་ཐང་དགོན་དགའ་ལྡན་ཆོས་འཁོར་གླིང༌། ཆས་པའི་གཤིས་སྟོད་ངོས་སུ་རི་ཁྲོད་བཀྲ་ཤིས་བཤད་སྒྲུབ་གླིང་སོགས་སྒྲུབ་སྡེ་དུ་མ། བ་ཙེ་མཁར་མན་དུ་སྙུང་བྱམས་པ་གླིང༌། ༡༦༧༢ ༡༧༣༥ ཨ་མོ་བློ་བཟང་སྨོན་ལམ་གྱི་རྒྱལ་ལུང་རི་ཁྲོད་ཅོ་ནེ་དགོན་ཆེན་ཏིང་འཛིན་དར་རྒྱས་གླིང༌། ཆོས་སྡེ་སུས་བཏབ་ཚུལ་སོགས་བཤད་པ་མི་འདྲ་བ་སྣང་ལ། ཡོངས་གྲགས་ལྟར་ན། འགྲོ་མགོན་འཕགས་པའི་ཞལ་སློབ་ཞིག་གིས་རབ་བྱུང་ལྔ་པའི་ཤིང་ལུག་ལོར་ ༡༨༩༥ བཏབ། རབ་བྱུང་བརྒྱད་པའི་ས་ཡོས་ལོ་ ༡༤༥༩ ཆོས་རྗེ་རིན་ཆེན་པོས་དགེ་ལུགས་སུ་བསྒྱུར་ཚུལ་སྣང༌། དེབ་ཐེར་ཁག་ན་ཅོ་ནེ་ཡོངས་འདུས་རྒྱལ་ཁབ་ཅེས་འབྱུང་བ་ཡང་འདིར་ཡོད་ལ།
བོད་ཀྱི་རྒྱལ་པོ་གཉའ་ཁྲི་བཙན་པོའི་རྒྱལ་རྒྱུད་དགའ་ཡེ་ཤེས་དར་རྒྱས་བྱ་བ་མདོ་སྨད་འདི་དཔྱ་ཁྲལ་སྡུད་པའི་ཆེད་དུ་ཕེབས་ནས་གཞིས་ཆགས་པ་ལས་ཅོ་ནེའི་དཔོན་གྱི་གདུང་རྒྱུད་བྱུང་ཚུལ་བཤད་པའང་སྣང་ལ། ཅོ་ནེ་དཔོན་ཆེན་དམག་ཟོར་མགོན་པོས་རབ་བྱུང་བཅུ་གཉིས་པའི་ལྕགས་གླང་ལོ་ ༡༧༢ནས་བཀའ་འགྱུར་དཔར་བརྐོས་འགོ་ཚུགས་པ་ནས་ཕྱིས་སུ་བསྟན་འགྱུར་ཡང་དཔར་བརྐོས་ལེགས་པར་གྲུབ་པ་སོགས་མཛད་པ་རྒྱ་ཆེ་ལ། སྔོན་བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་སོགས་ཀྱི་སྐབས་ཅོ་ནེའི་ཁུལ་འདི་བོད་དམག་གི་བསྟི་གནས་གནད་གལ་ཆེ་བ་ཞིག་ཡིན་པར་མངོན། ཅོ་ནེ་དགོན་ཆེན་གྱི་རྒྱབ་ངོས་སུ་ཡེར་བའི་བཤད་གྲྭ། དེའི་མདུན་ཐོ་ཇུའི་མཁར་དང་ཉེ་བར་ཚ་རྡོར་དགོན། དགོན་ཆེན་གྱི་མདུན་དུ་གུར་ཡག་རི་ཁྲོད་བསམ་གཏན་གླིང༌། ནགས་མདོ་དགོན་བློ་བཟང་བདེ་ཆེན་གླིང༌། ༡༦༡༦ མེན་ཇུ་མཁར་དང་ཉེ་བར་ལྷུན་གྲུབ་བདེ་ཆེན། ཆོས་རྫོང་དཔལ་མཆོག་སྡེ་གཉིས་ཀྱི་དགོན་ལག་དྲུག་ཅུར་ཉེ་བ། ཆོས་རྒྱལ་འཕགས་པའི་འདྲ་སྐུ་གསུང་བྱོན་མ་བཞུགས་པའི་ཤིང་ཀུན་མཁར། དེར་ས་དགེའི་དགོན་སྡེ་དུ་མ་དང༌། དགོན་ལག་རྒྱ་དགོན་མང་པོ། རྒྱ་བོད་ཀྱི་ས་མཚམས་འདི་ནས་རྫོགས། ཀླུ་ཆུ་བྱང་དུ་འཁྱོགས་པའི་ཉིན་ངོས་སུ་ཁྱ་དགེ་ལེགས་བཤད་གླིང་དང༌། ཁ་དྲོན་རི་ཁྲོད་དགེ་འཕེལ་བསམ་གཏན་གླིང་སོགས། དེ་དང་མི་རིང་བ་ན་བཀའ་ཆེམས་བཀའ་ཁོལ་མ་འབྱུང་པའི་རི་པོ་པདྨ་ཅན། དེའི་སྟོད་དུ་སེར་སྨད་འདུལ་འཛིན་ཤོ་བ་རིན་པོ་ཆེའི་དགོན་པ་ཕུན་ཚོགས་དགའ་ལྡན་གླིང༌། ༡༦༨༢ ཁང་ཐོག་དགོན་དར་རྒྱས་གླིང༌། ༡༦༧༦ ཤོ་བ་མཁས་གྲུབ་གླིང༌། ༡༦ ༥ རེབ་ཚ་ཆག་ཏུ་གྲགས་པའི་རི་ཁྲོད་བཀྲ་ཤིས་ཆོས་འཕེལ་གླིང༌། གོང་སྨྲོས་ཤོ་བ་མཁས་གྲུབ་གླིང་གི་བྱང་ཤར་ཕྱོགས་སུ་ལྷ་མོའི་བླ་མཚོར་གྲགས་པ་ཤོ་ཨ་མ་འབྲུ་མཚོ་ཞེས་བྱ་བ་ཡོད་པ་དེ་དང་ཉེ་བར་སྔོན་བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་གྲུ་གུའི་ཡུལ་དུ་དམག་དྲངས་པར་བཤད་པའི་བྱང་གྲུའི་རྒྱལ་ཁབ་ཡོད་ཚུལ་དེབ་ཐེར་རྒྱ་མཚོ་ལས་བཤད། དེ་ཕྱོགས་སུ་སེ་རའི་ཐོབ་ཁུངས་སུ་དགོན་དགུ། འབྲས་སྤུངས་ཐོབ་ཁུངས་དགོན་བཅོ་བརྒྱད་དུ་གྲགས་པ་ཡོད་པར་གསུངས།
མགལ་ཕྱོགས་སུ། རྒྱལ་ཚབ་རྗེའི་དངོས་སློབ་ཤར་པ་བརྩོན་འགྲུས་རིན་ཆེན་གྱི་གདན་ས་སྒོ་མོ་ཆེ་དགའ་ལྡན་ཆོས་འཁོར་གླིང་དང༌། འདིའི་དགོན་ལག་ཏུ་གཏོགས་པ་མ་ཎི་ཟི་ཟེར་བ་སོགས་རྒྱ་དགོན་ཉི་ཤུ་ཙམ་ཡོད་པར་མངོན།
བྱང་ངོས་སྤེན་ལེ་སྟོད་དུ་ཤི་མི་དེའམ་ཐུགས་རྗེ་ཆེན་པོའི་གནས་རི། སྤན་ལེ་དགོན་དགའ་ལྡན་ཆོས་གླིང༌། འདིའི་དགོན་ལག་ཏུ་གཏོགས་པ་ལ། ལཱར་ཟི། ཇོའི་ཀྱཱ་ཟེ། ལིས་ཀྱཱ་ཟི་ཟེར་བ་སོགས་རྒྱའི་མིང་ཅན་དགོན་ཕྲན་བཅུ་ཕྲག་གཉིས་ཙམ་ཡོད་པར་མངོན། ཞག་ཇུའི་རྫ་མདུན་ཡར་ཐང་ཆུ་རྒྱུད་དུ་ཕུ་ཐོའུ་ཤན་ནམ་ལྷ་རྫོང་ཐུགས་རྗེ་ཆེན་པོ་གནས་རི། གནས་རི་འདིར་དགོན་པ་ཐུགས་རྗེ་ཆེན་པོའི་གནས་རི་དགོན་བྱ་བ་དང༌། དེའི་དགོན་ལག་ལ་མ་ཎི་ཐན་ཟི། ཤིའ་ཙིས་ཟི་ཟེར་བ་སོགས་དགོན་ལག་དྲུག་ཡོད་པར་བཤད་པ་ཕལ་ཆེར་རྒྱ་དགོན་ཡིན་ནམ་སེམས། མདོར་ན། ཀླུ་ཆུའི་ཉིན་སྟོད་ངོས་ནས་སྨད་ཅོ་ནེའི་ཕྱོགས་དང༌། མེན་ཇུ། ཤིང་ཀུན། མགལ། སྤེན་ལེ་སོགས་སུ་གྲགས་ཆེ་བ་ནི་གོང་སྨོས་དེ་རྣམས་སོ།།
ལྷ་མོ་ཉིན་སྲིབ། ཐེ་བོ་སྟོད་སྨད། དམུ་དགེ་སོགས་སུ་ཡོད་པའི་དགོན་སྡེ་གྲགས་ཆེ་བ་ནི། ཀླུ་ཆུའི་སྟོད་ངོས་ལྷོ་ཕྱོགས་ནས་སྟག་ཚང་ལྷ་མོའི་གནས་རི། ལྷ་མོ་ཀརྟི་དགོན་དགའ་ལྡན་བཀྲ་ཤིས་འཁྱིལ། ༧༤༨ ལྷ་མོ་གསེར་ཁྲིའི་དགོན་དགའ་ལྡན་བཤད་སྒྲུབ་པད་དཀར་གྲོལ་བའི་གླིང༌། ཁཱ་ཤི་རི་ཁྲོད་བཀྲ་ཤིས་དགེ་འཕེལ། རི་ཁྲོད་ཡིད་དགའ་ཆོས་འཛིན། མཛོད་དགེ་ཁང་གསར་དགོན། རྒྱལ་དགེ་དགོན་བཀྲ་ཤིས་རབ་བརྟན་གླིང་སོགས་ཆོས་སྡེ་ཆེ་ཆུང་དུ་མ། ཉི་ཤར་དགོན། གཟའ་རུའི་དགོན། ལོ་དགེ་དགོན་སོགས་དང༌། གྲོ་པཎཌི་ཏ་སྐུ་ཕྲེང་གི་གདན་ས་བཤད་སྒྲུབ་དར་རྒྱས་གླིང༌། ས་སྐྱའི་བན་ཡུ་དགོན། ཨ་མདོ་བྲག་གི་དགོན། ངྷཱིཿཕུག་ཆོས་རྗེའི་དགོན། གསེར་ཐང་དགོན་དགའ་ལྡན་བཤད་སྒྲུབ་དར་རྒྱས་གླིང༌། གསེར་བོ་གཤོང་དགོན་བཀྲ་ཤིས་ལྷུན་པོ། ཆུ་བར་དགོན། ཨོང་སུམ་དགོན་དགའ་ལྡན་ཚོགས་འཕེལ་གླིང༌། བྲག་ར་དགོན་བཀྲ་ཤིས་བཤད་སྒྲུབ་གླིང་སོགས་ཆོས་སྡེ་དུ་མ། སེར་པོ་དགོན་དགའ་ལྡན་ཆོས་འཁོར་གླིང༌། ༡༧༩༣ དམུ་དགེ་བཀྲ་ཤིས་འཁོར་ལོའི་དགོན། དམུ་དགེ་བསམ་འགྲུབ་གླིང༌། སྤྱ་བ་དགོན། འདི་ས་སྐྱའི་དགོན་ཡིན་ལ་གྲྭ་གྲངས་ ༡༠༠༠ལྷག་འཛོམབདེ་ཆེན་གླིང༌། ཀླུ་སྒམ་དགོན་སོགས་ཆེས་མང་བ་དེ་དག་ནི། ལྷ་མོ་ཉིན་སྲིབ། ཐེ་བོ་སྟོད་སྨད། ཟུང་ཇུའི་ཁུལ་དམུ་དགེ་སོགས་སུ་བཞུགས་པའི་ཆོས་སྡེ་གྲགས་ཆེ་བ་རྣམས་སོ།།
རྔ་བ་སྟོད་སྨད་བར་གསུམ། ར་ཁོག ཚ་བ་ཁག་གསུམ་སོགས་སུ་བཞུགས་པའི་ཆོས་སྡེ་ནི། རྔ་ཆུ་རྒྱུད་རྔ་བ་ཁག་གསུམ་དུ་གྲགས་པའི་རྔ་སྟོད་ཀྱི་སར། སྒོ་མང་སྒར་དགའ་ལྡན་བསླབ་གསུམ་ཟུང་འཇུག་བདེ་ཆེན་གླིང༌། ༡༧༩༡ རྩེ་ནང་དགོནའདི་ཇོ་ནང་པའི་དགོན་ཞིག དུད་ལོང་འཕོང་རི་ཁྲོད། ཨ་འདུས་དགོན་གསང་ཆེན་བཀྲ་ཤིས་གླིང༌། འགྱབ་བླ་མའི་རི་ཁྲོད། སྒོ་མང་སྒར་པའི་ཕུར་གཉན་རྩེ་དཔོན་སློབ་ངག་དབང་ཆོས་འཕེལ། ༡༦༨༤ ༡༧༥༦ གྱི་གདན་ས་ལ་མགོ་དགོན་བྱང་ཆུབ་ལུང་བཟང༌། དཔོན་སློབ་འདིས་རྔ་བ་སྟོད་སྨད་དུ་དགོན་སྒྲུབ་སྡེ་བཅུ་གསུམ་བཏབ་པར་གྲགས་གསུངས སྔོ་ཤུལ་རི་ཁྲོད། འཚམས་རིང་གོང་འོག་གི་ཁང༌། སྣ་ཤུལ་རི་ཁྲོད། ཟི་བའི་རི་ཁྲོད་དགའ་ལྡན་བཀྲ་ཤིས་ཆོས་གླིང༌། སྤྲོ་ཚིགས་དགོན། རྔ་ཉིན་དམེའི་ས་ཆར་ཁཱ་ཤི་རི་ཁྲོད་བཀྲ་ཤིས་དགེ་འཕེལ་གླིང༌། གདོང་ཁུ་དགོན་གཡུལ་རྒྱལ་བསམ་གཏན་གླིང༌། སེ་སྲིབ་དགོན་སོགས་དགོན་རི་ཁྲོད་དུ་མ། ས་སྒང་དགོན་ཐུབ་བསྟན་དགེ་འཕེལ། འབྲོག་དགེ་དགོན། གདོང་རེ་དགོན། གྱ་གྱའི་དགོན་དང་རྭ་ཆུ་དང་ལྡེང་ཆུའི་རྒྱུད་དུ་སྒྲུབ་སྡེ་ལྔ་ཡོདཔར་གསུངས། དཔལ་ལྡན་སྨྲ་བའི་སེངྒེའི་གླིང་སྒྲོལ་མ་རྣམ་པར་རོལ་པ་ཞེས་བྱ་བའི་ཆོས་སྡེ། རྭ་ཆུ་དང་ལྡེང་ཆུ་འདྲེས་མཚམས་དང་ཉེ་བར་དགོན་གསར་དགའ་ལྡན་འཇམ་དབྱངས་གླིང༌། མདོ་བ་དགོན་བསམ་གཏན་གླིང༌། བྲག་དཀར་བཀྲ་ཤིས་དགེ་འཕེལ་གླིང༌། གཞུ་ཤུབ་དགའ་ལྡན་བསམ་གཏན་གླིང༌། ལྡེང་ཁོག་ཏུ་རི་ཁྲོད་བཀྲ་ཤིས་རྒྱལ། ལྡེང་ཆུ་དང་རྔ་ཆུ་འདྲེས་མཚམས་ལྟ་བུར་ལྕོག་ལོ་ཟེར་བའི་བོན་དགོན་དང༌། དེ་དང་ཉེ་བར་ཀིརྟིའི་དགོན་ལག་ཅིག་ཡོད་པར་གསུངས། གཡུ་དགེ་དགོན་སོགས་དུ་མ། འདི་ནས་ཨ་འཁྱམ་རྫོགས། ཀིརྟིའི་ཀཱ་ལ་རིའི་དགོན་བཀྲ་ཤིས་ལྷུན་གྲུབ། རྗེ་ཙོང་ཁ་པའི་དངོས་སློབ་རོང་པོ་ལྗགས་ནག་པས་བཏབ། ཤར་ཀའི་ནགས་གསེབ་ཏུ་བློ་གླིང་ཤར་ཀ་མཁས་གྲུབ་པ་ཀུན་སྤངས་མཛད་པའི་སྒྲུབ་གནས། འདི་ནས་ཝམ་པ་རྫོགས་ནས་ཅོག་ཙེའི་ས་སྣེ་ཟིན།
ཚ་ཆུའི་རྒྱུད་དུ་བསྟན་པའི་ལྕགས་རི་ཚ་བ་ཁག་གསུམ་དུ་བསྔགས་པའི་རྒྱལ་ས་ཡོད་པར་བཤད་ལ། རྒྱལ་ས་གསུམ་ནི་ཚ་ཁོག སོ་མང༌། རྫིང་འགག་གི་རྒྱལ་ས་བཅས་གསུམ་ཡིན་ནམ་དཔྱད་དེ་ཡང་དེར་ཐེར་རྒྱ་མཚོ་སོགས་ན། རྒྱལ་རོང་རྒྱལ་ཁག་ཐམས་ཅད་ཀྱི་རུས་ནི་བོད་ཀྱི་རུས་ཆེན་བཞི་ལས་བསེའི་རུས་ཡིན་ཚུལ་སོགས་ལོ་རྒྱུས་ངོ་མཚར་བ་སྣང༌། སོ་མང་རྒྱལ་ས་དང་ཉེ་བར་ཁང་དམར་དགོན། ཟངས་སྨད་དུ་ལྷ་རྒྱལ་གླིང༌། ཅོག་ཙེ་སྟག་མོ་རྫོང་དང་ཉེ་བར་དགེ་དགོན་བསྟན་དར་གླིང༌། ཚ་ཁོ་དགོན་དགའ་ལྡན་དར་རྒྱས་གླིང༌། འབར་ཁམས་དགོན། ས་མག་དགོན་སོགས་མང༌། རྫིང་འགག་གི་རྒྱལ་ས་དང་ཉེ་བར། རྣམ་རྒྱལ་སྟེང་དགོན་པ། འཛར་ཏི་དགོན། སྣར་འདུས་དགོན། ཙག་དགོན་སོགས་མང༌། རྒྱལ་ཁག་བཅོ་བརྒྱད་ཀྱི་ནང་ཚན་ཁྲོ་སྐྱབས་རྫོང་དང་ཉེ་བར་སྤྲོ་ནང་དུ་གླིང་ཆེན་དགོན་ཆོས་འཁོར་གླིང༌། དུང་དཀར་རི་ཁྲོད་སོགས་སྣང༌།
ཆུ་ཆེན་ཉིན་ངོས་སུ་བསྟན་པ། རབ་བརྟན། བཙན་ལྷ་རྣམས་ཀྱི་རྒྱལ་ས་ཡོད་ལ། ཕྱི་མ་འདི་གཉིས་སྟོབས་དང་དཔའ་རྩལ་ཆེ་བས་ཧོར་རྒྱལ་པོའི་དུས་ནས་མངའ་ཞབས་སུ་མ་ཆུག་པར་གྲགས་པར་དེབ་ཐེར་རྒྱ་མཚོ་ལས་གསུངས། འདིར་སྔར་གཡུང་དྲུང་ལྷ་སྟེང་ཞེས་བོན་གྱི་དགོན་པ་ཞིག་ཡོད་པ་དགེ་ལུགས་སུ་བསྒྱུར་པ་བསྟན་འཕེལ་གླིང༌། སུམ་མདོ་དགོན་སོགས་དུ་མ། བྱེས་སྨད་མི་ཕུ་དགོན་བཤད་སྒྲུབ་གླིང༌། སེངྒེ་བཀྲ་ཤིས་ཆོས་གླིང་སོགས་ཆོས་སྡེ་མང་དུ་བཞུགས་པར་མངོན་ནོ།། དེ་ལྟར་གོང་དུ་བཤད་པའི་ཆོས་སྡེ་དེ་རྣམས་ནི། མདོ་སྨད་ལྷོ་ཕྱོགས་བྲ་བྲང་ནས་རིམ་པར་རྒྱལ་མོ་ཚ་བ་རོང་གི་བར་ལུང་པ་གང་དང་གང་དུ་དགོན་པ་ཇི་སྙེད་ཅིག་བཞུགས་ཚུལ་མཚོན་ཙམ་མོ།།
མདོ་སྨད་ལྷོ་རྒྱུད་རྨ་སྟོད།
རྩོམ་སྒྲིགདེ་ཡང་དེབ་ཐེར་རྒྱ་མཚོ་ལས། ལྷོ་རྒྱུད་རྨ་སྟོད་ཕལ་ཆེར་མགོ་ལོག དབལ་ཤུལ། མཛོད་དགེ་ཉིན་སྲིབ། སོག་པོ་མདའ་བཅུ་གཅིག ཨ་རིག་སོགས་རུ་པ་ཁོ་ནས་བཟུང་བས་དགོན་སྡེ་མང་པོ་མེད་ལ། ཅེས་གསུངས།
མགོ་ལོག་ཨ་འབུམ་གྱི་སར་སྐྱིད་ལུང་རི་ཁྲོད། དགོན་གསར་བསམ་འགྲུབ་བདེ་ལྡན། ཀརྨ་ཆོས་དབྱིངས་རྡོ་རྗེའི་འཁྲུངས་ཡུལ་མཁར་རི་རྒྱུད་སྡེ་དགོན། མགོན་པོ་བིང་གི་གནས་སུ་གྲགས་པ་མགོ་ལོག་ལྕགས་རི། འདི་དང་ཉེ་བ་འགུ་མདར་ཞེས་པར་ཀརྨ་བཅུ་པ་ཡེ་ཤེས་རྡོ་རྗེ་འཁྲུངས། མགོ་ལོག་ཁང་རྒན་དུ་ལུང་དཀར་དགོན། ཨ་སྐྱོང་གི་སར་མཆོད་རྟེན་བཀྲ་ཤིས་སྒོ་མང༌། འཛི་ཀ་ཕྱོགས་སུ་འཛམ་ཐང་དགོན་སོགས་མང༌།
མགོ་ལོག་གི་རིགས་རྒྱུད་ཕལ་ཆེ་བ་བོད་ཀྱི་རུས་ཆེན་བཞིའི་འབྲུའི་རིགས་ཡིན་ལ་སྤྱིར་བཏང་ལོ་རྒྱུས་ལྟར་ན་འདི་ཕྱོགས་ཀྱི་རྩ་བའི་མི་རིགས་བར་ཁམས་ཕྱོགས་ནས་མཆེད་པར་མངོན། ཡུལ་དང་དུས་ཀྱི་བསྐལ་བའི་དབང་གིས་རྒྱལ་པོ་སྲོང་བཙན་གྱི་སྔོན་རོལ་ཆེས་སྔ་མོའི་དུས་ན་རྒྱ་ནག་པ་ཚོས་བོད་ཡུལ་ལྟེ་བ་རྨ་སྟོད་འདི་ཕྱོགས་དང་བོད་ཀྱི་རྒྱལ་ས་ཡང་ཡུལ་འདིར་ཡོད་པ་ལྟ་བུའི་གཏམ་སྒྲོས་སྣང་བ་དཔྱད་མི་བཟོད་མོད། འོན་ཀྱང་ལོ་རྒྱུས་སྨྲ་བའི་རྟོག་གེ་པ་རྣམས་དོ་གལ་ཆེ་བའི་གནས་ཤིན་ཏུ་མངོན། མགོ་ལོག་པ་ནང་གསེས་དབྱེ་བ་ཤིན་ཏུ་མང་ལ། སྤྱིར་བཏང་ཡོངས་གྲགས་སུ། པདྨ་འབུམ། དབང་ཆེན། ཨ་སྐྱོང་བཅས་དཔོན་འབངས་ཡུལ་ཁག་ལ་མགོ་ལོག་ཁག་གསུམ་ཞེས་གྲགས། ཐམས་ཅད་འབྲོག་རུ་དང༌། ཡུལ་སྲོལ་དང་བྱ་སྤྱོད་ལ་དཔག་ན་སྔོན་བོད་ཀྱི་བཙན་པོ་རིམ་བྱོན་གྱི་སྐབས་བོད་དམག་གི་བྱ་སྤྱོད་ནི་འདི་འདྲ་ཞིག་ཡིན་ནམ་སྙམ་མི་སྲིད་པ་མིན།
དབལ་ཤུལ་ཡང་འབྲོག་རུའི་རྣམ་པར་གནས་ཤིང༌། འདི་དག་གི་རིགས་ནི་ལྡོང་གི་རིགས་ཏེ། རི་རྩེ་མོ་གསུམ་དེ་ལྡོང་ལ་ཐོབ།། ལྡོང་ཞྭ་མགོ་མཐོ་བ་དེ་ཡི་དོན།། ཞེས་ཀྱང་གྲགས་ཚུལ་སྣང༌། མདོ་ཁམས་ལྡོང་ཤུལ་བཅོ་བརྒྱད་དུ་གྲགས་པའི་དབལ་ཤུལ་དང་འདིར་བཤད་པའི་དབལ་ཤུལ་གཅིག་པ་ཡིན། དབལ་ཤུལ་ལ་སྟོད་སྨད་གཉིས་ལས་དབལ་ཤུལ་སྨད་པར་མཚན་སྒྲོགས་དགོན་དགའ་ལྡན་བཀྲ་ཤིས་ཆོས་འཕེལ་གླིང༌། ཁེ་ཐལ་ཚུལ་ཁྲིམས་དར་རྒྱས་ཀྱི་རི་ཁྲོད། སྐོང་སྟོད་རྨ་འགྲམ་གསེར་ལུང་དུ་རི་ཁྲོད་བཀྲ་ཤིས་དར་རྒྱས་གླིང༌། གཅའ་མདོ་དང་ཉེ་བར་མཚམས་རིང༌། མཛོད་དགེ་མི་རབས་གོང་མ་ཞིག་གིས་རྨ་སྟོད་ཀྱི་ས་ཆ་བཟུང་བས་མཛོད་དགེ་སྟོད་མ་ཞེས་པ་དང༌། དེའི་དཔོན་རྒྱུད་ཅིག་གིས། རྨ་རྨེ་རྐ་གསུམ་གྱི་བར་མཚམས་སུ་ཡུལ་བཟུང་བའི་བརྒྱུད་པ་མཛོད་དགེ་བྱམས་མེ་དང༌། སྐབས་ཤིག་ཐང་བཟའ་ཞིག་བག་མར་བསུས་པ་ལས་རིགས་རྒྱུད་གྱེས་པས་ཐང་སྐོར་ཞེས་གྲགས་ཤིང༌། འདིའི་དཔོན་དང༌། སོག་ཚང་དཔོན་ཟུང་འབྲེལ་གྱིས་རྐ་རྨེ་འདྲེས་མཚམས་སུ་རི་ཁྲོད་བཏབ། རྐ་ཆུ་རྐ་སྟག་རྩེ་ནས་འབབ་པའི་སྟོད་དུ་རྭ་ཁོག་ཚོ་བ་བརྒྱད་ཅེས་གྲགས་པའི་འབྲོག་སྡེ་རྣམས་ཡོད། བྱམས་མེ་དགོན་དགའ་ལྡན་རྣམ་རྒྱལ་གླིང་སོགས་དུ་མ། རྨེ་ཆུ་རྨེ་གདོང་ཡག་ནས་ནུབ་ངོས་སུ་འབབ་པའི་སྟོད་དུ་ནགས་ཚང་དང་ཆོས་རྗེའི་ལྷ་སྡེ། འདི་ཕྱོགས་སུ་མཛོད་དགེ་སྟོད་མ་དང་ཨ་སྐྱིད་འབྲོག་རུ། མདོ་རྩ་ཕུ་པ་རྣམས་ཡོད། བིས་དགའ་བ་ལུང་རི་ཁྲོད།
རྨ་ཆུས་ཤར་ནས་ནུབ་ཏུ་འཁྱོགས་པ་རྨ་རྨེ་འདྲེས་མཚམས་སུ་ཚ་གན་བེ་ཤིང་དགོན་པ་༡༧༩༠ དགའ་ལྡན་རབ་རྒྱས་གླིང༌། དེ་དང་ཉེ་བར་རྩེ་དབུས་གཅོད་རྒན་རིམ་བྱོན་གྱི་གདན་ས་བསམ་འགྲུབ་གླིང༌། སོག་པོ་མདའ་བཅུ་གཅིག་ཏུ་གྲགས་པར་ཨུརྒེ་གྲྭ་ཚང་གསང་སྔགས་སྨན་རྒྱས་གླིང༌། འདི་ནས་ཉིན་ལམ་ཙམ་གྱི་ས་ན་གཙང་སྤྲུལ་བསྟན་པ། ༡༧༣༧ ༡༧༨༠ རྒྱ་མཚོའི་གདན་ས་གཙང་སྒར་དོན་གྲུབ་རབ་བརྟན་གླིང༌། ༡༧༦༥ དགོན་འདིའི་མཆོད་གཞིས་ཀླུ་བརྒྱལ་འབུམ་སྐོར་སོགས་ལྷོ་རྒྱུས་ཀྱི་ཨ་རིག་སྡེ་ཆེ།
མདོ་སྨད་ཨ་རིག་རྭ་རྒྱ།།
རྩོམ་སྒྲིགགཙང་སྒར་ནས་ཉིན་ལམ་ཙམ་གྱི་སར་ཁྱུང་མགོན་ཟེར་བའི་རིའི་མདུན་དུ་རྭ་རྒྱ་དགོན་བཀྲ་ཤིས་ཀུན་བདེ་གླིང་ངམ་བཤད་སྒྲུབ་བྱམས་པ་གླིང༌། ༡༧༨༩ འདི་ཕྱོགས་སུ་ཡང་ཡུལ་སྡེ་ཕལ་ཆེར་འབྲོག་པ་ཡིན་ལ། ཡོངས་གྲགས་ལ་ཨ་རིག་རྭ་རྒྱ་ཞེས་འབོད། ཡུལ་འབངས་རྒྱ་ཆེ་ཞིང༌། ཤར་རྨ་རྒྱལ་སྦོམ་རའི་གཡས་ཟུར་ན།། འབྲོང་མ་ཕ་བུ་འཁྱིལ་ཨ་རིག་རྣམས།། མཚོ་འཐུང་གི་རྫལ་གཤར་ན་བཟང༌།། ཞེས་པའི་ལུང་བསྟན་ཡོད་ཚུལ་སྣང༌། འདི་ཕྱོགས་དང་ཉེ་བར་གསེར་ལག་དགོན་སོགས་དུ་མ་སྣང་ཞིང༌། མང་འབལ་བྱ་གསུམ་ཞེས་ཟེར་བའི་ཡུལ་གྲུ་རྒྱ་ཆེ་བ་གསུམ་ཡོད་པ་ཡང་རྭ་རྒྱའི་ཕྱོགས་དང་ཉེ་བར་གནས། དེ་ལྟར་གོང་དུ་སྨྲས་པ་དེ་དག་ནི། མདོ་སྨད་ལྷོ་རྒྱུད་ཀྱི་རྨ་སྟོད་མགོ་ལོག ཨ་རིག་རྭ་རྒྱ་སོགས་སུ་བཞུགས་པའི་ཆོས་སྡེ་ཁག་རྣམས་སོ།།
རྨ་སྨད་སྣང་ར་དང་ཁྲི་ཀ་སོགས་སུ་བཞུགས་པའི་ཆོས་སྡེ་ཁག་ལ། དེ་ཡང་ད་ལྟ་སྣང་ར་ཞེས་འབོད་པའི་ཡུལ་གྲུ་འདི་ལ་ནང་གསེས་ཡུལ་སྡེའི་དབྱེ་བ་མང་ལ། རིགས་རྒྱུད་ཕལ་ཆེ་བ་ལྡོང་ལས་ཚོ་ཆེན་བཅོ་བརྒྱད་གྱེས་པའི་ནང་ཚན་གཅན་ཚའི་རིགས་ཡིན་ལ། གཅན་ཚ་ལ་བྱང་ཕྱོགས་བ་ཡན་ཁ་སྒང་དང་བཅས་པའི་ཕྱོགས་ལ་གཅན་ཚ་ཉིན་དང༌། སྣང་རའི་ཕྱོགས་འདི་ལ་གཅན་ཚ་སྲིབ་ཞེས་འབོད། ཡུལ་འདིར་ལ་མོ་བདེ་ཆེན། རྔ་སྒར་བྱང་ཆུབ་གླིང༌། རྗེ་ཙོང་ཁ་པའི་བླ་མ་ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་བཞེངས་པའི་སྣང་རའི་གསེར་ཁང༌། རྨ་མགུར་༡༦༤༦དགོན། ལྷ་ལུང་དཔལ་རྡོར་གྱི་སྒྲུབ་གནས་ལོ་རྡོ་རྗེ་བྲག ཡོངས་གྲགས་ལ་ཧོར་མོ་ཁག་ཅེས་འབོད་པའི་ཁུལ་ན་ཀོའུ་བ་དགོན་གསར་རྙིང་དོགས་དགོན་སྡེ་མང༌། བོད་ཀྱི་མཁས་པ་མི་གསུམ་དུ་གྲགས་པ་སྟེ་དམར་གཡོ་གཙང་གསུམ་གྱི་སྒྲུབ་གནས་ཨན་ཆུང་གནང་རྫོང༌། གཞན་ཡང་ངང་རོང་༡༧༣༨བཀྲ་ཤིས་ཆོས་རྫོང༌། ཀྱ་ཀྱའི་ཕུར་གསང་སྒྲོག་དགོན། དོ་ཀྱའི་ཚིས་ཀར་ལྷ་རི་བསམ་གཏན་གླིང༌། སྐ་ཕུག་རྫོང་ནང་དགོན། ཁམ་རའི་གྲྭ་ཚང་འདིར་བྱ་ཁྱུང་རྒྱུད་པ་གྲྭ་ཚང་ཆོས་བར་བཏེགས་པ་ལ་ཁམ་རེ་སྡེ་བས་བསྙེན་བཀུར་ཞུ། འདི་ནས་གྲ་མ་ལ་ཞེས་པ་བརྒལ་ན་ཁྲི་ཀ་གོང་མར་སླེབས།
རྨ་ཆུ་ནུབ་ནས་ཤར་དུ་འབབ་པའི་ཚུར་ངོས་ཀོ་ར། གོང་བ། ཀབ་རོན་ཏེ་ལུང་པ་འདི་གསུམ་གྱི་མདར་ཁྲི་ཀའི་མཁར་ཡོད། འདིར་འཇིགས་བྱེད་མགོན་ཆོས་སོགས་བཞུགས་པའི་མི་ཉག་མགོན་ཁང་དང་མི་ཉག་དགུ་ཐོག་ཏུ་གྲགས་པ་ཡོད། མཁར་གྱི་ཕྱི་རོལ་ཏུ་གདོང་སྣའི་ཐུགས་རྗེ་ཆེན་པོ། མི་ཉག་བློ་གྲོས་དར་རྒྱས་ཀྱི་གདན་ས་གསང་སྔགས་བདེ་ཆེན་གླིང་དང་བཀྲ་ཤིས་ཆོས་འཕེལ་གླིང་གཉིས། བིས་ཀྱ་ཨ་ལག་གི་གྲྭ་ཚང༌། མཁར་གྱི་གཡས་ཕྱོགས་སུ་མི་རིང་བ་ན་ཕུན་ཚོགས་ཆོས་གླིང༌། ལུང་མདར་ཡུལ་ལྷའི་ཕོ་བྲང༌། འདིའི་རྒྱབ་རི་ཁྲིའི་དབྱིབས་དང་འདྲ་བས་ཁྲི་ཀ་ཞེས་གྲགས་ཚུལ་སྣང༌། འཇའ་མོ་གྲྭ་ཚང་བདེ་ལེགས་ཆོས་གླིང༌། མེ་རྒན་གྲྭ་ཚང༌། བཱ་ཀྱའི་གྲྭ་ཚང་ཕུན་དར་རྒྱས་གླིང༌། སྟོང་ཆེ་གྲྭ་ཚང༌། ཨ་ཐིས་དགོན་བསམ་གཏན་གླིང༌། ཀབ་རོན་གཡུ་བཟང་དང་ཉེ་བར་དགོན་རོང་བྲག་སྐྱ་རྡོ་རྗེ་རྫོང༌། མཁར་གྱི་གཡོན་ཀོ་རའི་ལུང་པར་ཇོ་ཇོའི་ལྷ་ཁང༌། ལྷ་ཁང་འདི་ས་པཎ་ཧོར་རྒྱལ་པོས་གདན་དྲངས་ཏེ་མཚོ་སྔོན་དུ་ཕེབས་སྐབས་ཁྲི་ཀའི་རྒྱ་མཁར་མཆོད་རྟེན་རྩད་གཅོད་མཛད་དེ་གནས་འདིར་ཕེབས། རྒྱལ་པོས་དད་འབུལ་གྱི་མུ་ཏིག་དྲེའུ་ཁལ་གཅིག་བསྐུར་བ་འབྱོར་བས་དེ་ལ་གཞི་བྱས་ལྷ་ཁང་རྟེན་བརྟེན་པར་བཅས་བཞེངས། རབ་གནས་མཛད་དུས་སངས་རྒྱས་བྱང་སེམས་མང་པོ་ཐིམ་པའི་གཟིགས་སྣང་ཤར། མུ་ཏིག་གི་རྒྱ་སྐད་ཀྲེན་གྲུའི་ཟུར་ཆགས་པས་ཇ་ཇོའི་ལྷ་ཁང་དུ་གྲགས་ཟེར། ཞེས་དེབ་ཐེར་རྒྱ་མཚོ་ལས་གསུངས། ལྷ་དཀར་པོའམ་ལྷ་རང་སྐྱེས་སུ་གྲགས་པའི་རྟེན་གཙོར་བཞུགས་ཀྱི་བྱམས་ཁང༌། སྲིན་པོ་རིའི་ཞོལ་དུ་སྒྲུབ་སྡེ་མཁའ་སྤྱོད་དཔལ་གྱི་གུར་ཁང༌། དགའ་ལྡན་དར་རྒྱས་གླིང༌། རི་ཁྲོད་བསམ་གཏན་གླིང༌། སེ་ཀྱའི་དགོན། ཨ་དར་ཆོས་འཕེལ་གླིང༌། རྒྱབ་ཚ་གྲྭ་ཚང༌། ཧོར་རན་གྲྭ་ཚང༌། འཕྲང་དམར་ལུང་དུ་འགག་ཟའི་གྲྭ་ཚང༌། ཐིས་པ་དགོན་བཀྲ་ཤིས་ཆོས་རྫོང༌། རྙེ་སྒྲུབ་སྡེ་ལྷུན་གྲུབ་ཆོས་རྫོང༌། ཨ་ཡག་དགོན་གསར། སྒྲོམ་གྲྭ་ཚང་བཀྲ་ཤིས་ཆོས་གླིང༌། གཤོང་མོ་ཆེ་བཀྲ་ཤིས་འཁྱིལ། འདི་དང་ཉེ་བར་མཆོད་རྟེན་དྲིལ་གསིལ་མ་ཞེས་ལོ་རྒྱུས་འགངས་ཅན་སོགས་མང་དུ་བཞུགས་ལ། དེ་དག་ནི་སྣང་རའི་ཁུལ་དང་ཁྲི་ཀའི་ཡུལ་སོ་སོར་ཆོས་སྡེ་ཇི་སྙེད་བཞུགས་ཚུལ་རོབ་ཙམ་མོ།།
ཆབ་སྲིད་བཙོན་པ། རེབ་གོང་སྨན་པ་རྡོ་རྗེ་ལགས་ཀྱི་ལོ་རྒྱུས།
སྨན་པ་རྡོ་རྗེ་ནི་ཨ་མདོ་རེབ་གོང་སྨད་པ་རུ་འཁྲུངས་ཤིང་།ཆུང་དུས་ནས་རང་ཡུལ་གྱི་སྒྲུབ་དགོན་དུ་ཆོས་ཞུགས་ཀྱིས་དགོན་དེ་གའི་ཆོས་སྤྱོད་འདོན་ཆོག་སྐོར་ཆ་ཚང་ཐུགས་འཛིན་མཛད།བསྟན་པའི་གེགས་ ཆགས་ཀྱི་མུན་པ་ཡུལ་ཕྱོགས་གང་སར་འཐིབ་སྐབས་སྐྱ་སར་འབབ་དགོས་བྱུང་ན་ཡང་།གཞོན་ནུའི་བློ་རིག་ཆུད་ཟོས་སུ་མ་བཏང་བར་དུས་བསྟུན་གྱིས་རྒྱ་བོད་གསོ་རིག་གཉིས་ཀར་ཞིབ་སྦྱངས་བྱས་ཏེ་ གཞན་ལ་སློབ་པ་དང་།ནད་པ་མང་པོའི་ཚེ་སྲོག་གི་ཀ་བ་བརྟན་པོར་བཏང་བས་ཡུལ་ཕྱོགས་འདི་གར་སྨན་པ་རྡོ་རྗེ་ཞེས་སྙན་གྲགས་ཆེ་བ་བྱུང་།སྲིད་ཇུས་ཀྱི་ཚ་གཅུན་རྒོད་པའི་སྐབས་དེ་དག་ཏུ་ཡང་དུས་ཚོད་ཀྱི་གོ་སྐབས་བཙལ་ཏེ་གསང་སྟབས་ཀྱིས་ལམ་རིམ་བློ་སྦྱོང་དང་ས་ལམ་གྲུབ་མཐའ་སོགས་ནང་རིག་སྐོར་ དང་།སྒྲ་སྙན་སྐར་རྩིས་སོགས་ཐུན་མོང་རིག་གནས་རྣམས་ཀྱང་ཉེ་སྔོན་རྒན་པོའི་གནས་སྐབས་ལ་སླེེབས་ཀྱི་བར་དུ་སྦྱངས།གཞོན་དུས་ནས་བོད་ཡིག་དབུ་ཅན་དབུ་མེད་ལན་ཝར་གྱི་བྲིས་རྩལ་རྩེར་ཐོན་དུ་སྦྱངས་པས་ཕྱིས་སུ་གསུང་རབ་མང་པོ་ཤིང་པར་དུ་འགོད་སྐབས་མི་ལོ་དུ་མའི་རིང་ལ་སྐུ་འབུམ་དང་རོང་བོ་ དགོན་པ་སོགས་སུ་པར་གྱི་མ་ཕྱི་འབྲི་བའི་ལས་ལ་ནན་ཏན་ཧུར་བརྩོན་ཆེ་བར་མཛད།བསྟན་པ་ཡང་དར་གྱི་སྐབསསུ་ལོ་ཆུང་དོན་གཉེར་བ་མང་པོ་ཞིག་ལ་འདོན་ཆའི་སྐོར་དང་གཞུང་གི་རྩ་བ་སོགས་ངོས་གཙང་དག་གསལ་ཅི་ཐོན་གྱིས་འཛིན་དུ་བཅུག་སྟེ་ཐོས་བསམ་གླིང་དང་སྒྲུབ་དགོན་དག་གི་རྗེས་འཛིན་མི་སྣར་གསོ་སྐྱོང་གནང་བ་དང་།གཞན་སློབ་གྲྭ་བ་ན་གཞོན་ཕོ་མོ་འགའ་ཞིག་ལ་སྒྲ་མཚམས་སྦྱོ ར་ལྔ་བའི་འགྲོ་ ཕྱོགས་བསླབས་པ་སོགས་བོད་ཀྱི་རིག་གནས་འཛིན་སྐྱོང་ཐད་ལའང་བྱས་རྗེས་མི་དམན་པ་བཞག་ཡོད།དམ་པ་འདི་ཉིད་སྤྱིར་ལྷ་དང་བླ་མར་དད་གུས་ཆེ་ཞིང་ནང་སྒོས་སུ་༸གོང་ས༸མཆོག་ལ་རེ་ས་གཞན་ན་ མེད་པའི་སྐྱབས་གནས་ཀྱི་དྭངས་མར་འཛིན་པའི་དད་པ་མཁྲེགས་པོ་ཅན་ཞིག་ཡིན་པ་རྒྱུས་ཡོད་ཀུན་ལ་གསལ་བ་ཞིག་ཡིན།ཁྱད་པར་དུ་ཆབ་སྲིད་ཀྱི་མིག་རྒྱང་རིང་ཞིང་གོ་རྟོགས་ཟབ་ལ་སྤོབས་པ་ཆེ་ཞིང་གབ་སྦས་བྱེད་མི་ཐུབ་པའི་གནས་ལུགས་དྲང་བདེན་གྱི་ཚོར་འདུ་དྲག་པོའི་དབང་གིས་རང་དང་རང་གི་སྐུ་ཟླ་ བུ་ཕྲུག་ཉེ་འབྲེལ་དང་བཅས་པ་སོགས་ཀྱི་བདེ་སྡུག་ལའང་ཅི་མི་སྙམ་པར།ཐེངས་མང་པོར་བོད་དོན་ཆབ་སྲིད་དང་འབྲེལ་བའི་ཡིག་ཆ་བཀྲམ་སྤེལ་བགྱིས་པའི་གསང་བ་འགའ་ཞིག་རྒྱ་གཞུང་འབྲེལ་ཡོད་ལས་ ཁུངས་ཀྱིས་ཤེས་རྟོགས་བྱུང་བ་ལས་སྔ་ཕྱིར་ཐེངས་གཉིས་ལ་བཀག་ཉར་བཙོན་འཇུག་ཟླ་ངོ་འགའ་ཤས་ཀྱི་རིང་ལ་བྱས་མྱོང་བའི་ཆབ་སྲིད་བཙོན་ཟུར་རྒན་པ་ཞིག་ཀྱང་ཡིན།ཉིས་སྟོང་བཞི་ལོར་རྒྱ་གར་དགའ་ ལྡན་བྱང་རྩེ་གྲྭ་ཚང་དུ་སློབ་གཉེར་གནང་བཞིན་པའི་རང་གི་བུ་ཆུང་ལ་མཁལ་མའི་ན་ཚ་བྱུང་སྐབས་རང་ ཉིད་ཀྱི་མཁལ་མ་སྦྱིན་ཕྱིར་འཕགས་ཡུལ་དུ་བརྟོལ་ཞིང་།རིན་པོ་ཆེ་ཉིད་ཀྱི་ཐུགས་རྗེ་དང་རང་གི་དད་དམ་གཙང་མའི་ཉེར་ལེན།རྐྱེན་ངན་གྲོགས་ཤར་གྱི་རྟེན་འབྱུང་གི་རྒྱུ་ཚོགས་མཐའ་དག་རང་འགྲིག་ཏུ་སོང་བ་ ལས་གཟིམ་ཆུང་གྲུ་འཛིན་ཕོ་བྲང་དུ་སྐྱབས་མགོན་མཆོག་གི་གསེར་ཞལ་དངོས་མཇལ་གྱིས་གནང་སྦྱིན་གསོལ་རས་དང་འབེལ་བའི་བཀའ་མཆིད་ཀྱི་གསུང་གླེང་དྲོན་མོའི་བདུད་རྩི་དངོས་སུ་འཐུང་བའི་སྐལ་ བཟང་ཐོབ།ཉིས་སྟོང་དགུ་བ་དང་བཅུ་བའི་ལོ་གཉིས་ཀྱི་རིང་ལ་རེབ་གོང་《སྤང་དཀར་ཐང་》དགོན་པའི་བྱམས་ཁང་རྟེན་བརྟེན་པ་བཞེངས་པའི་འགོ་ཁྲིད་མི་སྣ་གཙོ་གྲས་ཀྱི་འགན་བཞེས།ད་ལོར་ལྷ་ ཁང་ཕྱི་ནང་གི་གདུང་མ་སོགས་ཀྱི་སྟེང་སྦྱོར་རྒྱུའི་ལཉྫའི་ཡི་གེ་པང་ལེབ་སྟེང་ཁོང་ཉིད་གཅིག་པུས་བྲིས་ཤིང་དེ་ཉིད་དྲས་གཏུབས་ཀྱི་སྐུ་ཚེགས་ཉིན་ནས་ཉིན་བསྟུད་དང་ཟླ་ནས་ཟླ་བསྟུད་ཀྱིས་གཤིན་རྗེ་ཕོ་ཉ་ སླེབས་ཉིན་གྱི་བར་ཟླ་ཤས་རིང་བཞེས་པ་སོགས་ལྷ་ཁང་བསྐྱར་བཞེངས་ཀྱི་ཐད་ལ་སྐུ་དྲིན་ཤིན་དུ་ཆེ། ལྷ་ཁང་འདི་ནི་སྔ་ལོར་རིན་པོ་ཆེ་མཆོག་ལ་རེ་ཞུས་ལྟར་༸གོང་ས་༸མཆོག་ནས་བྱམས་སྐུ་ཆེན་མོའི་ནང་གཞུག་ཏུ་རྒྱལ་བའི་རིང་བསྲེལ་རྡོག་ལྔ་ཙམ་བཀའ་དྲིན་བསྕལ་བའི་བྱམས་ཁང་དེ་ཡིན།དེ་ལྟར་བོད་ཀྱི་ བསྟན་པ་ཆབ་སྲིད་གཉིས་ཀའི་ཕྱོགས་ལ་གང་ལ་གང་ཕན་གྱི་ཕྱག་རྗེས་ཟླ་མེད་འཇོག་པའི་མུར་འཚོ་ གཞེས་སྐབས་དགུང་གྲངས་རེ་དགུ་བཞེས་པ་ཕྱི་ལོ་ཉིས་སྟོང་བཅུ་བའི་ཟླ་བརྒྱད་པའི་ཚེས་བཅུ་གཅིག་གི་ཕྱི་དྲོར་ཁྲག་རླུང་གི་ནད་ཀྱིས་ཡིད་ཤིན་ཏུ་ཕངས་པ་ཞིག་ལ་གློ་བུར་དུ་དུས་ཀྱི་ཆོས་ཉིད་དུ་གྱུར།
ཞེས་ཨ་མདོ་རེབ་གོང་ཡུལ་ནས། ཕྱི་ལོ་༢༠༡༠ཟླ༨པའི་ཚེས་༡༤ལ་གུས་པས་བཏེགས་པའི་ཞུ་ཡིག།།
རྩོམ་ཡིག་གི་ཡོང་ཁུངས།
རྩོམ་སྒྲིག རྩོམ་པ་པོ། མདོ་སྨད་པ་ཡོན་ཏན་རྒྱ་མཚོས་བརྩམས་པ།
དཔེ་དེབ། སྟག་འཚེར་རིན་པོ་ཆེའི་རྣམ་ཐར་༼སྔོན་མེད་ལེགས་བཤད་ངེས་དོན་སྤྲིན་གྱི་ཉི་མ༽
ཤོག་ངོས། ཤོག་ངོས་ ༣༨༡ ནས་ ༣༤༡ པར་གསལ།
ཆུ་ཁོག་ཤང་ནི་རེབ་གོང་རྫོང་ཐོག་ནས་ལྷོ་ཕྱོགས་སུ་སྤྱི་ལེ༡༢མཚམས་སུ་གནས་ཤིང་། མི་གྲངས་དྲུག་སྟོང་དང་བོད་མིས་བརྒྱ་ཆའི༩༨ཟིན་ཡོད། ཤང་ཡོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ༢༣༣,༡ཡོད། ཤང་ཁོངས་སུ་མདོ་བ་དང་མགར་རྩེ། མག་སར། སོ་ནག ཀོའུ་སྡེ། ལྕང་སྐྱ། ལྕང་ལུང་། ལྕང་ལུང་འབྲོག་བཅས་སྡེ་བ་བརྒྱད་ཡོད། སྤྱི་ལོ༡༩༥༦ལོར་ཆུ་ཁོག་ཤང་བཙུགས་པ་དང་། སྤྱི་ལོ༡༩༥༨ལོར་སྐར་དམར་མཉམ་ལས་ཁང་དུ་ཚུད། སྤྱི་ལོ༡༩༦༡ལོར་ཆུ་ཁོག་མཉམ་ལས་ཁང་དུ་བཅོས། སྤྱི་ལོ༡༩༨༤ལོར་ཡང་བསྐྱར་ཆུ་ཁོག་ཤང་དུ་བཅོས་པ་རེད།