མཚོ་སྔོན་པོ

ངོ་སྤྲོད་མདོར་བསྡུས།Edit

འདི་ནི་མཚོ་སྔོན་ཞིང་ཆེན་གྱི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གཉིས་ཀྱི་བར་དུ་ཡོད་དེ། མཐོ་ཚད་ལ་སྨི3195དང་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ4458དང། མཚོའི་མཐའ་སྐོར་ལ་སྤྱི་ལེ360། ཟབ་ཚད་ལ་ཆེས་གཏིང་ས་ན་སྨི32ལྷག་ཡོད། མཚོ་ནང་དུ་མཚོ་སྙིང་མ་ཧཱ་དེ་བ་དང། མཚར་བ་རི། འདྲེ་མོ་བྲག་དཀར་སོགས་གླིང་ཕྲན་དག་ཡོད་ཅིང། མཚེར་བ་རི་ལ་ལོ་རའི་དཔྱིད་མཇུག་ནས་དབྱར་དཀྱིལ་དུ་བྱ་རིགས་་མང་པོ་འཕུར་ཡོང་ནས་ཚང་བཅའ་བས། བྱ་གླིང་ཡང་ཟེར་ལ་ལྗོངས་རྒྱུའི་གནས་གལ་ཆེན་ཤིག་ཡིན། ཆུ་ལུག་ལོ་ལ་མཚོ་སྐོར་བྱེད་མཁན་མང། ངག་རྒྱུན་ལ་མཚོ་འདི་དང་ཐོག་ཆུ་མིག་ཅིག་ཡིན་ལ་མི་རྣམས་ཀྱིས་ཆུ་བླངས་རྗེས་དེའི་ཁར་རྡོ་ལེབ་ཅིག་འགེབ་པ་ཡིན། ཉིན་ཞིག་ལ་མི་ཞིག(མགར་སྟོང་བཙན་ཡིན་པར་བཤད་སྲོལ་ཀྱང་ཡོད)གིས་ཆུ་བླངས་རྗེས་རྡོ་ལེབ་འགེབ་རྒྱུ་བརྗེད་པས་ཆུ་འཕྱུར་ཏེ་མཚོ་རུ་གྱུར་ཅིང། མཐའ་འཁོར་གྱི་འབྲོག་སྡེ་མང་པོ་མཚོ་ནང་དུ་འཐིམ་པས་ཁྲི་ཤོར་རྒྱལ་མོ་ཞེས་ཀྱང་འབོད་པར་བཤད། བོད་ཀྱི་བླ་མཚོ་ཆེན་མོ་བཞིའི་ཡ་གྱལ་ཡང་ཡིན། ད་ལྟ་ཕལ་ཆེ་བས་མཚོ་སྔོན་པོ་ཞེས་འབོད་ཀྱིན་ཡོད་མོད། བསང་ཡིག་དང་གནས་ཡིག་ཏུ་༼མཚོ་རྒན་མ་ཁྲི་ཤོར་རྒྱལ་མོ་དང་ཁྲི་ཤོར་རྒྱལ་མོ༽ཞེས་ཐོན་གྱིན་ཡོད། གནས་ཆེན་འདི་རུ་བོད་སྔོན་བྱུང་སྐྱེས་ཆེན་དམ་པ་༼ཞབས་དཀར་བ་ཚོགས་དྲུག་རང་གྲོལ༽དང་༼གྲུབ་ཆེན་གླང་དཀར་སངས་རྒྱས་བཀྲ་ཤིས༽ལ་སོགས་ཀྱིས་སྒམ་སྒྲུབ་མཛད་མྱོང་ཡོད།

ཐོན་ཁུངས།Edit

པར་རིས་བར་འཁྱམས།Edit

དཔྱད་གཞིའི་ཡིག་ཆ།Edit

ཕྱི་ཕྱོགས་དྲ་མཐུད།Edit