མུ་ཏིག་ཉེར་ལྔ་
སྦྱོར་བ། རྩོམ་སྒྲིག
མུ་ཏིག། ཁ་གུར། འབྲི་ཏ་ས་འཛིན། གི་ལྦང་སོགས་སྨན་སྣ་ཉེར་ལྔས་གྲུབ།
ཕན་ནུས། རྩོམ་སྒྲིག
ཕྱི་ནང་རྩ་ནད་ཁ་མིག་ཡོ་ལ་འཕྲིག ། དྲན་ཉམས་ལྐུགས་སམ་ཡང་ན་དབང་བོ་འཁྲུལ༎ཡན་ལག་བཤལ་སྦྲིད་ཚོར་མེད་ཉིང་ལག་འདར༎ རེངས་འཁུམ་རྭ་ལྟར་དགྱེའམ་གཞུ་ལྟར་གུག ། ཉམ་ཐག་དྲི་ཆུ་བླུགས་སམ་ཡང་ན་སྡོམ༎ཚ་གྲང་རྩ་དཀར་མ་ལུས་འཇོམས་པའི་མཆོག །
བསྟེན་ཚུལ། རྩོམ་སྒྲིག
ཉིན་རེར་ཐེངས་གཅིག ཐེངས་རེར་རིལ་བུ་རེ་ཆུ་བསྐོལ་ནང་སྦངས་ལ་ཐོ་རེངས་དུས་སུ་བསྟེན་པའམ་ཡང་ན་སྨན་པའི་མངག་བཞིན་བསྟེན་པར་བྱ།
འཛེམ་བྱ། རྩོམ་སྒྲིག
མ་ཚོས་རྗེན་དང་ཁེང་པོའི་ཟས་རྣམས་དང་། རི་སྒོག་ཆང་སྐྱུར་ལ་སོགས་སྤང་བར་བྱ༎
ལྗིད་ཚད། རྩོམ་སྒྲིག
རིལ་བུ་རེ་ལ་ཁེ་༡དང་ཐུམ་རེར་རིལ་བུ་༥ཡོད།
ཉར་ཚགས། རྩོམ་སྒྲིག
སྣོད་ཀྱི་ཁ་བཅད་དེ་བསིལ་གྲིབ་ལྡན་པའི་སྐམ་སར་འཇོག་དགོས།