མུ་ཧ་མད།
མུ་ཧ་མད་ནི་དབྱི་སི་ལམ་ཆོས་ལུགས་ཀྱི་གཞི་འདིངས་མཁན་དང་། ཁོང་གིས་ཁུ་རན་གསུང་རབ་ནི་ལྷ་མོ་གེབ་རི་ཨེལ་གྱི་ཁོ་བོར་ངག་ཐོག་ནས་བརྗོད་པ་ཡིན་ཞེས་སྲུང་གི་ཡོད་པ་རེད།
མི་ཚེ།
རྩོམ་སྒྲིགམུ་ཧན་མུ་ཏི་ནི་ད་ལྟ་དུས་རབས་༢༡གི་འཛམ་གླིང་རང་བཞིན་གྱི་ཆོས་ལུགས་གསུམ་གྱི་ཡ་གྱལ་དབྱི་སི་ལན་གྱི་སྟོན་པ་རེད། དེའང་དབྱི་སི་ལན་ནི་ཨ་རབ་ཀྱི་སྐད་དེ། རྗེས་འབྲངས་དང་ཞི་བདེའི་དོན་ཡིན་པ་དང་། ཆོས་ལུགས་དེར་དད་པ་བྱེད་མཁན་ལ། མུ་ས་ལེམ་ཟེར་བ་ལ། ཨ་རབ་སྐད་དུ་རྗེས་འབྲངས་པ་ཞེས་པའི་དོན་རེད།
མི་སྣའི་ཡིག་ཚགས།
བོད་ཡིག་མིང་། | མུ་ཧན་མད |
རྒྱ་ཡིག་མིང་། | 穆罕默德 |
ཨ་རབ་ཡི་གེའི་མིང་། | محمّد |
ལ་ཏིང་ཡི་གེའི་མིང་། | Muḥammad |
མི་རིགས། | ཨ་རབ། |
རྒྱལ་ཁོངས། | ཨ་རབ། |
ཡབ། | ཨ་པུ་ཏུ་ལ། |
ཡུམ། | ཨ་མི་ན། |
སྐྱེས་ལོ། | སྤྱི་ལོ་༥༧༠ལོའི་༤ཚེས་༢༡ |
སྐྱེས་ཡུལ། | མ་ཁ། |
གོ་ས། | ཨན་ལའི་ཕོ་ཉ། དབྱི་སི་ལམ་གྱི་སྟོན་པ། |
ཆོས་གཞུང་། | ཁུ་རན་གསུང་རབ་དང་། ལྷའི་བསླབ་བྱ། |
ཁོ་རང་ནི་དུས་རབས་༧རུ། ཨ་རབ་ཕྱེད་གླིང་གི་མ་ཁའི་ཡུལ་གྱི་ཉམས་རྒུད་དུ་འགྱུར་བའི་སྐུ་དྲག་ཅིག་གི་ཁྱིམ་དུ་སྐུ་འཁྲུངས་པ་དང་། ཡབ་ནི་ཁོང་མ་སྐྱེས་གོང་ནས་འདས་ཚར་བ་དང་། ཡུམ་ཡང་ཁོང་ལོ་ན་དྲུག་གི་སྐབས་སུ་གྲོང་པས། ཁོང་། ཆུང་དུས་ནས་ཨ་ཁུས་བདག་སྐྱོང་བྱས་ནས། ཕྱུགས་རྫི་དང་། ཚོང་ལས་རུ་ཁག་གི་རྔ་མོང་འདེད་མཁན་བྱས། དེའི་སྐབས་སུ། ཡེ་ཤུའི་ཆོས་ལུགས་དང་། ཡ་ཧུ་ད་པའི་ཆས་ལུགས་ལ་སློབ་སྦྱོང་བྱས་སྐད། ཁོ་རང་ལོ་ཉེར་ལྔའི་སྐབས་སུ། ཡུགས་མོ་ཕྱུག་པོ་ཞིག་དང་ཆང་ས་བརྒྱབ་ནས། འཚོ་བ་ཇེ་བཟང་དུ་ཕྱིན། དེ་ནས། མ་ཁའི་ཉེ་འདབས་ཀྱི་ཞི་ལ་ཞེས་པའི་རི་ངོས་ཀྱི་བྲག་ཕུག་ཅིག་ཏུ། ཕོ་ཉ་ཀྲེ་པུ་ལུ་ཡེས་ཁུ་རན་གསུང་རབ་བསྟན་ཏེ། ལྷ་གཅིག་པུ་ཨན་ལའི་ལུང་བསྟན་ཐོབ་ནས། ལྷའི་ཕོ་ཉའི་གོ་འཕང་ཐོབ་སྐད། དེ་ནས་དངོས་སུ་དབྱི་སི་ལེམ་གྱི་ཆོས་ལུགས་བརྒྱུད་བསྒྲགས་བྱེད་མགོ་བརྩམས། དེའང་མ་ཁའི་སྐུ་དྲག་མང་པོ་ཞིག་ནི་སོ་སོ་ལ་དད་པའི་ལྷ་རེ་ཡོད་པས། ཁོ་ཚོས་མཐའ་གཅིག་ཏུ་མུ་ཧན་མུད་ཀྱི་ལྷ་གཅིག་སྨྲ་བའི་ལྟ་བ་ལ་དགག་པ་ཚ་མནན་བརྒྱབ་པས། སྤྱི་ལོ་༦༢༢ལོར། ཁོང་སློབ་འཁོར་ཁ་ཤས་ཁྲིད་དེ་མེ་ལྡི་རུ་བྲོས་བྱོལ་ཕྱིན། དེ་ནས་མེ་རྡིའི་གནའ་གནོན་མྱོང་མཁན་གྱི་ཞིང་པ་དང་ལག་ཤེས་བཟོ་པ་རྣམས་ལ་ཆོས་བསྒྲགས་ནས་དེ་ཚོ་ཁོང་གི་རྗེས་སུ་འབྲངས། ཁོ་རང་ཅུང་སྟོབས་དང་ལྡན་པས། སྤྱི་ལོ་༦༣༠ལོར། དམག་ཁྲིད་དེ། མ་ཁའི་ཡུལ་དབང་དུ་འདུས། མ་ཁའི་ལྷ་ཁང་མང་པོ་བཤིག་ཅིང་། སྐར་རྡོ་ཞིག་ཡོད་པ་དེ་དབྱི་སི་ལམ་ཆོས་ལུགས་ཀྱི་མཆོད་པ་བྱེད་ཡུལ་དུ་གཏན་འཁེལ། དེ་རྗེས། མ་ཁའི་སྐུ་དྲག་མང་པོས། ཁོང་། ཆོས་ཀྱི་སྟོན་པ་དང་། དམག་གི་སྤྱི་དཔོན། རྒྱལ་ཁབ་ཀྱི་གོང་མ་ཡིན་པར་ཁས་ལེན་བྱས། དེ་ནས། ལྷ་གཅིག་ཨན་ལཱ་སྨྲ་བའི་དབྱི་སི་ལམ་གྱི་ཆོས་སྲིད་ཆིག་སྒྲིལ་གྱི་ལོ་རྒྱུས་འབྲི་འགོ་བཙམས་པ་རེད།