མེར་ཁྲི་བཙན་པོ། རྩོམ་སྒྲིག

(དོག་ཁྲི་བཙན་པོའམ་དི་ཁྲི་བཙན་པོ་ཞེས་པའང་སྣང)བོད་རྒྱལ་ལྔ་པ། གནམ་གྱི་ཁྲི་བདུན་གྱི་ཡ་གྱལ། ཡབ་སོ་ཁྲི་བཙན་པོ་དང་ཡུམ་དོག་མེར་མེར་གཉིས་ཀྱི་སྲས། སྐུ་གཤེན་ཅོའུ་ཤང་ས་དཀར་གྱིས་བྱས། གསས་མཁར་ཟོ་བོ་ཁྱུང་ནག་བཞེངས། གདགས་ལྷ་དཀར་མོའམ་དར་བཟའ་ཁབ་ཏུ་བཞེས་པར་སྲས་གདགས་ཁྲི་བཙན་པོ་འཁྲུངས། མེར་གེའི་མཁར་ཤུལ། འཕན་པོ་དབུ་རུ་ལུང་ཤང་གི་ཁོངས་སུ་མེར་གེའི་མཁར་ཤུལ་ཞེས་པ་ཞིག་ཡོད་པ་དེ་གར་ཤོད་རྒྱུན་ལྟར་ན་བོད་བསིལ་བུའི་དུས་མེར་གེ་ཉི་མ་གྲགས་པ་ཞེས་པའི་དཔོན་པོ་ཞིག་བྱུང་བ་དེ་བཙན་ཤུགས་ཧ་ཅང་ཆེ་སྟབས་མཁར་རྩོང་གི་ལྷོ་ངོས་སུ་ཡོད་པའི་ནགས་རི་དེས་དཔོན་པོའི་མཁར་དུ་ཉི་མ་སྒྲིབ་སྟབས་དཔོན་པོས་རི་དེའི་རི་མགོ་སྤོ་དགོས་པའི་བཀའ་བཏང་བར་མི་སེར་ཚོས་གྲོས་བྱེད་སྐབས་རི་མགོ་སྤོ་བ་ལས་དཔོན་མགོ་སྤོ་བ་དྲག་ཟེར་བར་མང་མོས་ཀྱིས་ལོ་ལྟར་རྟ་རྒྱུག་ཆེན་པོ་ཞིག་གཏོང་སྲོལ་ཡོད་པའི་དཔོན་པོའི་ཆིབས་རྟ་དེ་མུན་ནག་ནང་ཉིན་ཁ་ཤས་བཅུག་སྟེ་རྟ་རྒྱུག་གི་ཉིན་དེར་རྟ་སྒ་གའབ་སྤྲོས་དང་བཅས་གློ་བུར་དུ་ཕྱིར་བཏོན་ནས་དཔོན་པོས་བཞོན་མ་ཐག་རྟ་དེས་ཉི་འོད་མ་འཁྱོག་པར་ཐད་ཀར་རྒྱུག་ནས་མདུན་མཆོང་ཞེས་པའི་གད་པའི་སྟེང་ནས་གཙང་ཆུར་མཆོངས་སྟབས་མི་རྟ་གཉིས་ཀ་ཤི་ནས་རོ་ཆུས་འཁུར་བར་དཔོན་ཚང་གི་བློན་འཁོར་ཚོས་མི་སེར་རྣམས་དཔོན་པོའི་རོ་འཚོལ་དུ་བཏང་བས་རོ་འཚོལ་མཁན་ཚོས་ཆུ་གཞུང་བརྒྱུད་དེ་བཙལ་མཐར་ལྷ་སའི་ར་མ་སྒང་ནས་རོ་རྙེད་པ་འཁྱེར་ཡོང་སྐབས་ཧ་ཅང་ལྗིད་པའ་སྒོ་སྟེང་དུ་འཁྱེར་ནས་ལ་བརྒལ་བ་ལས་ལ་དེའི་མིང་ལ་སྒོ་ལ་ཞེས་བཏགས། དེ་ནས་ཡང་ལ་མཐོ་པོ་ཞིག་འཛེགས་སྐབས་ལ་རྩེར་སྒོ་ཆག་པས་ལ་དེར་ཆག་ལ་ཞེས་གྲགས། དེ་ནས་ཡང་ལ་ཞིག་རྒྱག་དགོས་སྟབས་སྒོ་མེད་ན་རོ་དེ་ཐེག་དཀའ་བར་བསམས་ནས་སྒོ་པང་སྒྲོག་ཏེ་དེའི་སྟེང་འཁྱེར་བས་སྒྲོག་ལ་ཞེས་མིང་ཐོགས། མེར་གེ་རྒྒྱལ་པོ་གདོན་འདྲེར་སྐྱེས་ནས་གནོད་ཚབས་ཤིན་ཏུ་ཆེ་བ་བྱུང་སྐད། རྗེས་སུ་སྟག་ལུང་ཐང་པས་དམ་ལ་བཏགས་ཏེ་སྟག་ལུང་གི་སྲུང་མར་བཀས་བཀོད། མེར་གེ་རྒྱལ་པོའི་མཁར་ཤུལ་གྱི་གྱང་རོ་དེ་དང་། དེའི་ཉེ་འདབས་ཀྱི་རྩི་ཤིང་ལ་གནོད་འེ་བྱེད་མི་ནུས་པར་མཁར་ཤུལ་དེའི་ནང་རྟེན་ཁང་དམར་པོ་དར་ལྕོག་མང་པོ་བཙུགས་པ་ཞིག་ད་ལྟའང་ཡོད།

མེར་ཁྲི་བཙན་པོ་ནི་བོད་ཀྱི་བཙན་པོ་ཞག་རེད།

མི་ཚེ། རྩོམ་སྒྲིག

སྒྲུང་། རྩོམ་སྒྲིག

ཆོས་ལུགས། རྩོམ་སྒྲིག

པར་རིས་བར་འཁྱམས། རྩོམ་སྒྲིག

ཟིན་ཐོ་འམ་དཔྱད་གཞི། རྩོམ་སྒྲིག

དཔྱད་གཞིའི་དཀར་ཆག། རྩོམ་སྒྲིག

ད་དུང་གཟིགས། རྩོམ་སྒྲིག

ཕྱི་ཕྱོགས་དྲ་མཐུད། རྩོམ་སྒྲིག