མྱང་སྨད་བསམ་སྡིངས
མྱང་སྨད་བསམ་སྡིངས་དགོན་ནི། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ནས་རིམ་པར་བརྒྱུད་པའི་སློབ་མ་མཁས་བཙུན་གཞོན་ནུ་གྲུབ་ཀྱིས་ཕྱག་བཏབ། དྭགས་ཤངས་ཆུ་བོ་གཉིས་འདྲེས་ཀྱི་དགོན་གནས་ཤིག་ཡིན་པའི་ཚུལ་མྱང་ཆོས་འབྱུང་དུ་གསལ་ལོ། །དགོན་གནས་དེ་ཧ་ལམ་དུས་རབས་བཅུ་གཉིས་པའི་ནང་གསར་དུ་བཞེངས་པ་ལགས་སོ། །