ཚ་རིམ་ངམ་ཚ་བའི་བང་རིམ་

File:རླུང་ཆེན་བང་རིམ།.jpg

གསལ་བཤད། རྩོམ་སྒྲིག

ཕྱི་ཡི་བང་རིམ་འོག་རིམ་པ་དེ་ལ་ཚ་བའི་བང་རིམ་ཟེར། ཚ་བའི་བང་རིམ་ནང་གི་དྲོད་ཚད་ནི་མཐོ་ཚད་འཕར་བ་དང་བསྟུན་ནས་མྱུར་དུ་ཡར་འཕར་གྱི་ཡོད། ཚ་བའི་བང་རིམ་གྱི་ཀླད་(མཐོ་ཚད་སྟོང་སྨིས་༥༠༠ཙམ།)ཀྱི་དྲོད་ཚད་༡༢༠༠°Cཡས་མས་སུ་ཟིན་གྱི་ཡོད། རེད་དེ་ཚ་བའི་བང་རིམ་ནང་དུ་མཁའ་དབུགས་དེ་བས་ཀྱང་ཉུང་བས། དོན་དངོས་ཐོག་ཚ་བའི་སྣང་བ་སྐྱེས་མི་སྲིད། ཚ་བའི་བང་རིམ་ནང་རྟག་པར་གླིང་སྣེའི་འོད་ཟེར་འབྱུང་གི་རེད། དེ་ནི་ཉི་མ་ལས་འོངས་པའི་མྱུར་བའི་གློག་ལྡན་གཞི་རྡུལ་དེ་སྟོང་སྨིས་༡༠༠ཡན་གྱི་མཁའ་དབྱིངས་རླུང་ཁམས་ཆེན་པའི་ནང་གི་གློག་ལྡན་གཞི་རྡུལ་དང་གདོང་ཐུག་བརྒྱབ་ནས་བྱུང་བའི་འོད་རིག་སྣང་ཚུལ་དམིགས་བསལ་ཅན་ཞིག་རེད།[༡]

པར་རིས་བར་འཁྱམས། རྩོམ་སྒྲིག

ཟིན་ཐོ་འམ་དཔྱད་གཞི། རྩོམ་སྒྲིག

དཔྱད་གཞིའི་དཀར་ཆག:

  1. "བར་སྣང་དང་ནམ་ཟླ།" ༼ཀྲུང་གོའི་བྱིས་པའི་ཤེས་བྱ་ཀུན་བཏུས།༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༧

དཔྱད་གཞིའི་དཀར་ཆག། རྩོམ་སྒྲིག

ད་དུང་གཟིགས། རྩོམ་སྒྲིག

ཕྱི་ཕྱོགས་དྲ་མཐུད། རྩོམ་སྒྲིག

"https://bo.wikipedia.org/w/index.php?title=ཚ་རིམ།&oldid=121607"ལས་སླར་རྙེད་སོང།