ཚིག་ལྷུག
ལྷུག་རྩོམ་མམ་ཚིག་ལྷུག་ནི། སྤྱིར་བཏང་གི་བརྡ་སྤྲོད་ཚུལ་དང་བརྗོད་པ་རང་ཆས་སུ་བྱེད་པ་ལས། སྲོལ་རྒྱུན་སྙན་ངག་ལྟར། སྒྲིག་གཞི་ལ་སྡེབ་སྦྱོར་གྱི་ངེས་སྲོལ་བཅས་པའི་སྐད་ཡིག་གི་རྣམ་པ་ཞིག་མིན། དེ་ལ་སྒྲ་ཡངས་དོག་གི་ཁྱད་པར་ཡོད། ཀ སྒྲ་ཡངས་འཇུག་གི་སྐབས་སུ། ངག་ཐོག་གི་ཁ་བརྡ་ཕལ་ཆེ་བ་དང་། དངོས་དོན་བགྲོ་གླེང་། ཆེད་དམིགས་ཀྱི་བརྗོད་བྱ། དེ་མིན་རྟོག་བཟོ་སོགས་ཏེ། རྒྱུན་པར། རྩོམ་རིག་དང་ཚགས་པར། དུས་དེབ། རིག་མཛོད། རླུང་འཕྲིན། གློག་བརྙན། ལོ་རྒྱུས། འདྲ་པར། ཁྲིམས་དང་དེ་མིན་གྱི་འབྲེལ་ལམ་མང་བོར་སྤྱོད་ཀྱིན་ཡོད། ཁ། སྒྲ་དོག་འཇུག་གི་སྐབས་སུ། རྩོམ་རིག་གི་ཁྱབ་ཁོངས་འབའ་ཞིག་ཏུ་འདུ་བ་དང་། སྡེབ་སྦྱོར་གྱི་ངེས་སྲོལ་མེད་ཅིང་ཚིག་གི་ཕུང་བོ་ལྷུག་པོར་གྲོལ་ཡོད་པ་ཞིག་གོ(རྩོམ་རིག་གི་ཁོངས་སུ་གཏོགས་པའི་ཚིག་ལྷུག་ལ་ཟེར།)