ཝ 1.བོད་ཡིག་གསལ་བྱེད་ཉི་ཤུ་པ། འདིའི་ང་རོ་འདོན་ཚུལ་ལ་སྐྱེ་གནས་མཆུ་དང༌། བྱེད་པ་མཆུ། ནང་གི་རྩོལ་བ་མཆུ་གཉིས་ཅུང་ཟད་འཕྲད་པ་དང༌། ཕྱིའི་རྩོལ་བ་སྲོག་ཆུང་སྒྲ་ལྡན། 2.མིང་གཞིའི་མོ་ཡིག་ཅིག 3.གཅན་གཟན་ཞིག་སྟེ།

               (དཔེར་ན།) ཝ་འཛུམ་གསོན་ལ་ངོམ་པ་ལས། སྟག་ཤི་རྔ་མ་ངོམ་པ་དགའ་ཞེས་པ་ལྟ་བུ།  

4.ཁང་ཐོག་གི་ཆུ་འགྲོའི་ཤུར། 5.(ཡུལ་སྐད།) རྟ་ཤེད་རྒྱས་པའི་སྐབས་ཀྱི་དྲུག་མདོའི་སྒང་གི་ཤུར།

"https://bo.wikipedia.org/w/index.php?title=ཝ་&oldid=122791"ལས་སླར་རྙེད་སོང།