ཞོ་སྟོན་

ཞོ་སྟོན་ འབྲས་སྤུངས་ཞོ་སྟོན་ནི་དབྱར་གནས་ཀྱི་དུས་སུ་བྱུང་བའི་དགའ་སྟོན་ཞི་ག་ཡིན་ དེ་ཡང་ལོ་རེའི་བོད་ཟླ་༦པའི་ཚེས་༡༥ནས་ཟླ་༧པའི་ཚེས་༣༠བར་སེ་འབྲས་དགེ་གསུམ་གཅིག་གྱུར་གཞི་གསུམ་ཆོ་གའི་ཉམས་བཞེས་ཀྱི་ནང་གསེས་དབྱར་གནས་ཞལ་བཞེས་ཀྱི་དུས་ཚོད་ཡིན་པས་ ལོ་ལྟར་བོད་ཟླ་༦པའི་ཚེས་༣༠ཉིན་དབྱར་གནས་ཞལ་བཞེས་ཀྱི་གྲྭ་དམངས་ལ་ཞོའི་བསྙེན་བཀུར་ཞུས་ནས་དེའི་དགའ་སྟོན་ལ་ལྷ་མོ་འཁྲབ་སྟོན་བྱེད་ཀྱི་ཡོད་པར་བརྟེན་འབྲས་སྤུངས་ཞོ་སྟོན་ཞེས་པའི་མིང་ཆགས་དུས་ཚོད་དེའི་ནང་ལྷ་ས་གྲོང་ཁྱེར་གྱི་མང་ཚོགས་དང་ དགོན་པའི་ཉེ་འདབས་སུ་ཡོད་པའི་མང་ཚོགས་རྣམས་ཞོ་སྟོན་གྱི་ལྷ་མོའི་འཁྲབ་སྟོན་ལྟ་བར་འགྲོ་བའི་སྲོལ་ཡོད་ དེ་སྔོན་འབྲས་སྤུངས་དགོན་པ་ལས་ལྷ་ས་ནོར་གླིང་དུ་ཞོ་སྟོན་གྱི་ལྷ་མོ་འཁྲབ་སྟོན་བྱེད་སྲོལ་མེད་ཀྱང་སྤྱི་ལོ་༡༩༡༣ལོར་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པས་ནོར་གླིང་དུའང་ཞོ་སྟོན་ལྷ་མོ་འཁྲབ་དགོས་གཏན་འབེབས་གནང་བ་ལྟར་དེ་ནས་བཟུང་ལོ་ལྟར་ནོར་གླིང་དུ་གཟིགས་ཕུད་ལྷ་མོ་འཁྲབ་སྟོན་ཞུ་སྲོལ་བྱུང་བ་ཡིན་ནོ་