འཕགས་བོད་ཆོས་འབྱུང་། ཡལ་འདབ་གཉིས་པ།

འཕགས་བོད་ཆོས་འབྱུང

བེ་རི་འཇིགས་མེད། ཡལ་འདབ་གཉིས་པ་བོད་ཀྱི་སྣོད་བཅུད་བྱུང་ཚུལ།

(༡) བོད་ཀྱི་ཡུལ་ལྗོངས་ཆགས་ཚུལ། དེ་ཡང་རང་རེའི་སྔོན་གྱི་རྒྱལ་རབས་སྨྲ་བའི་མཁས་པ་ཚོས། ལྷ་མོ་དྲི་མ་མེད་པའི་མདོར། ཁ་བ་ཅན་གྱི་མཚོ་བྲི་ནས། །ཞེས་པ་སོགས་དྲངས་ནས་བོད་འདི་གནའ་བོའི་བསྐལ་པ་ཡར་ཐོག་གི་སྐབས་སུ་ཆུས་ཁེངས་པའི་རྒྱ་མཚོ་ཡིན་ཞིང་། རིམ་གྱིས་མཚོ་འབྲི་ནས་གངས་ཅན་པའི་སྣོད་ཀྱི་འཇིག་རྟེན་འདི་ཉིད་གྲུབ་པར་བཤད། དེ་ལ་ཞིབ་ཏུ་བརྟག་ན་ཁ་བ་ཅན་གྱི་མཚོ་ནི་ད་ལྟའིི་གྲོང་ཁྱེར་ལྷ་སའི་ལྟེ་གནས་འོ་ཐང་གི་མཚོ་ཁོ་ན་ལས་གཞན་བོད་ཀྱི་ཞིང་ཁམས་ཡོངས་རྫོགས་མཚོའི་རང་བཞིན་དུ་བསྟན་པ་མིན་པར་ལྷ་སའི་ཇོ་བོའི་དཀར་ཆག་དང༌། དངོས་ཡོད་ཀྱི་རིགས་པ་གཉིས་ཀས་གྲུབ་པར་སེམས། དུས་རབས་རིག་གསར་གྱིས་དཔྱོད་པའི་སྒོ་འཕར་ཕྱེས་ནའང་ད་ལྟའི་གྲོང་ཁྱེར་ལྷ་སའི་མཚོ་བྲི་བ། བོད་ཡུལ་ཡོངས་རྫོགས་སངས་རྒྱས་འཇིག་རྟེན་དུ་བྱོན་པའི་སྐབས་སུ་མཚོའི་རང་བཞིན་དུ་མེད་པར་ནགས་ཀླུང་དང༌། སྤྲ་སྤྲེལ་རྒྱུ་བའི་སྲོག་ཆགས་ཀྱི་གནས་ཞིག་ཡིན་པར་ར་འཕྲོད་ཤིན་ཏུ་གསལ་པོར་བྱེད་ནུས་པ་ཞིག་ཡིན། དེས་ན་མི་མཇེད་འཛམ་བུ་གླིང་གི་འཇིག་རྟེན་ཧྲིལ་པོ་འདིའི་ཐོག་མར་གངས་ཅན་བོད་ཀྱི་ཞིང་ཁམས་འདི་ཉིད་ཁོ་ན་ཆགས་པ་ནི། མདོ་སྔགས་ཀྱི་གསུང་རབ་དང་དེང་དུས་ཀྱི་རིག་གསར་གཉིས་ཀའི་ལམ་ནས་གྲུབ་པ་ཡིན་ཏེ། གླིང་འདི་ཐོག་མར་ཆུའི་རང་བཞིན་ཡིན་པ་དང་། དེ་རིམ་གྱིས་བྲི་ནས་འགྲོ་བ་མི་དང་སྲོག་ཆགས་གཞན་རྣམས་གྲུབ་པར་ཡིན་ཞིང་། མཚོ་བྲི་བའི་ཤུུལ་དུ་ས་བབ་མཐོ་ཤོས་དེ་སྔོན་དུ་འབུར་ཞིང་དེ་ལ་བརྟེན་ནས་ནང་བཅུད་ཀྱི་སེམས་ཅན་ཀྱང་དེར་སྔོན་དུ་གྲུབ་པར་ཤིན་ཏུ་འཐད་པས་སོ། ། དེ་ལྟར་འཛམ་གླིང་ཧྲིལ་པོའི་ཡང་ཐོག་འཇིག་རྟེན་ཐོག་མར་ཆགས་པའི་ཡུལ་གྲུ་ཁ་བ་གངས་ཅན་ལྗོངས་ཀྱི་ཞིང་ཁམས་འདི་ཉིད། འཛམ་གླིང་དུམ་བུ་དྲུག་བགོས་པའི་དབུས་འགྱུར་རྡོ་རྗེ་གདན་ནས་བརྩིས་པའི་བྱང་ཕྱོགས་ལྷུན་སྡུག་གངས་ཀྱི་རི་བོ་ཏི་སེ་དང་། གངས་མཐོན་མཐིང་རྒྱལ་མོ། གངས་དཀར་ཤ་མེད། ཤར་གྱི་ཡར་ལྷ་ཤམ་པོ། ལྷོའི་ཕག་རི་ཇོ་མོ། ནུབ་ཀྱི་གནོད་སྦྱིན་གངས་བཟང་། བྱང་གི་གཉན་ཆེན་ཐང་ལྷ། གནས་ཆེན་ཙ་རི་ཊ། རོང་བཙན་ཁ་བ་དཀར་པོ། མི་ཉག་གངས་དཀར་རི་བོ། ཤར་སྟོད་ཁ་བ་ལང་རི། ཨ་མྱེས་རྨ་ཆེན་སྤོམ་ར་སོགས། མཐོ་ཞིང་བརྗིད་ཆགས་ལྡན་པའི་གངས་རིའི་ར་བས་ཕྱོགས་མཚམས་ཀུན་ནས་ཡོངས་སུ་བསྐོར་བ། ཆོས་མངོན་པར་མཛོད་ལས་མ་དྲོས་པ་ཞེས་བསྔགས་པར་བརྗོད་པ་མ་ཕམ་གཡུ་མཚོ་དང་། ཡར་འབྲོག་གཡུ་མཚོ། ཁྲི་ཤོར་རྒྱ་མོ་བྱང་གི་གནམ་མཚོ་ཕྱུག་མོ་སོགས་ཆེ་ཆུང་གཅིག་ཏུ་མ་ངེས་པའི་མཚོ་དང་མཚེ་འུ་དུ་མ་ཕྱོགས་དང་མཚམས་རྣམས་སུ་གནམ་སྔོན་བཞུས་པའི་ཁུ་བ་ལྟར་འཁྱིལ་བ། སྟོད་མ་ཕམ་གཡུ་མཚོ་ལས་སི་ཏུ་དང་། གངྒཱ། སི}[-༡། པཀྵུ་སྟེ། ཆུ་བོ་ཆེན་པོ་བཞི་དལ་གྱིས་འབབ་ཅིང་། སྨད་དུ་གདང་ལ་རི་བརྒྱུད་ནས་རྒྱལ་མོ་རྔུལ་ཆུ་དང་། འབྲི་རྒྱུ། རྫ་ཆུ་གསུམ། མཚོ་སྐྱ་རིང་སྔོ་རིང་གཉིས་ལས་རྨ་ཆུ་སྟེ། སྨད་ཀྱི་ཆུ་བོ་ཆེན་པོ་བཞི་ལ་ཆུ་ཕྲན་དུ་མ་འདུས་ནས་འབབ་པ། གཞན་ཡང་སྤང་རི་དང་། རྫ་རི། བྲག་རི་རྣམས་སུ་རྩི་ཤིང་མེ་ཏོག་སྣ་ཚོགས་དང་། ལྗོན་ཤིང་སྣ་ཚོགས་པའི་ནགས་ཀླུང་དང་། སྨན་སྣ། ས་འོག་གཏེར་གྱི་ཁྱད་པར་དུ་མས་ཕྱུག་པ་དང༌། མཁའ་རླུང་གཙང་ཞིང་གནམ་གཤིས་བསིལ་བ། འབྱུང་བཞི་མཉམ་ཞིང་འཚེ་བ་ཉུང་བ་བག་ཕེབས་པའི་ཡུལ་ཏེ་འཛམ་གླིང་གི་ཡུལ་གྲུ་གཞན་ལས་ཤིན་ཏུའང་ཁྱད་པར་འཕགས་པ་ཡིན་ཏེ། དཀོན་མཆོག་འབངས་ཀྱི་སྐྱེ་རབས་ལས། ཤར་རྡོ་རྗེ་གདན་གྱི་བྱང་ཕྱོགས་ན། ། གནས་པུར་རྒྱལ་བོད་ཅེས་བྱ་བ་ཡོད། ། རི་མཐོན་པོ་གནམ་གྱི་ཀ་བ་ཡོད། ། མཚོ་དམའ་པོ་གཡུ་ཡི་མབྲསྤྱལ་ཡོད། ། གངས་དཀར་པོ་ཤེལ་གྱི་མཆོད་རྟེན་ཡོད། ། སྤང་སེར་པོ་གསེར་གྱི་ལྷུན་པོ་ཡོད། ། དྲི་ཞིམ་པོ་སྨན་གྱི་བ་དུག་སྤོས་ཡོད། ། སྟོན་བཀྲ་བ་གསེར་གྱི་མེ་ཏོག་ཡོད། ། དབྱར་བཀྲ་བ་གཡུ་ཡི་མེ་ཏོག་ཡོད། །ཅེས་དང༌། བལ་བཟའ་ཁྲི་བཙུན་བོད་དུ་འགྲོ་ཁར་ཡབ་ཀྱིས་བསྩལ་བའི་བསླབ་བྱ་ལས། བོད་ཅེས་བྱ་བའི་ཁྱད་པར་འཕགས་པའི་ཡུལ། ། རི་མཐོ་ས་གཙང་གངས་རི་གཉན་གྱི་ཡུལ། ། བསིལ་ལ་མཛེས་པ་ལྷ་ཡི་གཞལ་ཡས་ཁང་། ། ངོ་མཚར་རྨད་བྱུང་ཕན་བདེ་འབྱུང་བའི་གཞི། ། ཆུ་བོ་བཞི་འབབ་རྩི་ཤིང་ནགས་ཀྱིས་མཛེས། ། འབྲུ་སྣ་ལྔS་འཁྲུངས་རིན་ཆེན་སྣ་ཚོགས་འབྱུང༌། །ཞེས་དང་། འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱིས། ཤིང་རྟའི་དབྱིབས་འདྲ་འཛམ་གླིང་གི ། བྱེ་བྲག་བརྗིད་ལྡན་གངས་རིའི་བྱང་། ། ལོ་ཧི་ཏ་འགྲམ་རིན་ཆེན་ཁུངས། ། ཁ་བ་ཅན་གྱི་མིང་གྲགས་ན། ། བློ་ཆེན་སྟོབས་ལྡན་མི་ཡུལ་ལ། ། བོད་ཅེས་བྱ་བ་གནས་པའི་ཕྱིར། ། ཞེས་སོགས་ཚད་མའི་ལུང་གིས་ཡང་ཡང་བསྔགས་པ་ལྟར་ཡིན་ཞིང་། དེ་ཡང་སྟོད་མངའ་རིས་སྐོར་གསུམ་རྫིང་དང་འདྲ་བ། བར་དབུས་གཙང་རུ་བཞི་ཡུར་བ་དང་འདྲ་བ། སྨད་མདོ་ཁམས་སྒང་དྲུག་ཞིང་ས་དང་འདྲ་བ་ཞེས་རྒྱ་རབས་སོ་གསུམ་པ་སྲོང་བཙན་སྒམ་པོའི་སྐབས་སུ་ཁོར་ཡུག་དང་འབྲེལ་བའི་ཐ་སྙད་དེ་ལྟར་གྲགས་པ་བྱུང༌། ལྷག་པར་སྲོང་བཙན་གྱི་རིང་ལ་ས་ཁྱོན་རྒྱ་བསྐྱེད་བྱུང་བ་ལས་ཤར་གྱི་ཆང་ལེན་དང་། ལྷོ་ཡི་བལ་ཡུལ་དང་། ཆུ་བོ་གངྒཱ་ཚུན་ཆད། ནུབ་ཀྱི་ལི་ཡུལ་དང་ཀ་ཤི་སྨི་རི། བྱང་གི་སོག་པོ་སོགས་མདོར་ན་འཛམ་གླིང་སུམ་གཉིས་ཀྱི་ས་ཁྱོན་ཡོངས་རྫོགས་བོད་ཀྱི་མངའ་ཁོངས་སུ་གྱུར། ད་ལྟའིི་འཛམ་གླིང་ས་ཁྲའི་གཞུང་ཐིག་(དoརྣཐྲདྲ tསྤྱཎeཔྲ) ༧༨ ཁྱ་༡༠༣ཁྱ བར་དང་། འཕྲེད་ཐིག་ (རྒཎttསྤྱརྟeཔྲ) ༢༧༣༽༤ ་-༣༧ བར་ཡོད་པ་ཡིན་ནོ།། མདོ་རྒྱུད་ལུང་གིས་ཟིན་ཞེས་གྲགས་པ་ཡི། ། ཤེལ་དཀར་ཕྲ་ཚོམ་བསྒྲིགས་པའི་ཞིང་ཁམས་འདི། ། འཇིག་རྟེན་སྲིད་པ་རྒན་པོའི་སྐྱེས་སྐར་དང༌། ། ན་ཚོད་མཉམ་པའི་བདེན་དཔང་ཤིན་ཏུ་མང༌། །ཞེས་ཀྱང་སྨྲས་སོ།། (༢) བོད་མི་ཐོག་མ་ཇི་ལྟར་བྱུང་ཚུལ། “ དེ་ལྟ་བུའི་ཡུལ་ལྗོངས་ཁྱད་པར་ཅན་དེ་ཉིད་དུ་བཅུད་ཀྱི་སེམས་ཅན་ཇི་ལྟར་བྱུང་བའི་ཚུལ་ནི། གོང་དུ་བཤད་པ་ལྟར་གང་དུ་སྣོད་ཀྱི་འཇིག་རྟེན་གྲུབ་པ་དེར། དེ་ལ་བརྟེན་པའི་བཅུད་ཀྱི་སེམས་ཅན་གྲུབ་པའང་ཆོས་ཉིད་ཡིན་པས། གངས་ཅན་པའི་ཞིང་ཁམས་འདི་ཉིད་ཐོག་མར་ཆགས་ཏེ་སྤང་ལྗོངས་དང་ནགས་ཀླུང་སོགས་སྣོད་ཀྱི་བཀོད་པ་དེ་དག་དང་འཚམས་པའི་བཅུད་ཀྱི་སེམས་ཅན་བྱ་དང་། རི་དྭགས། སྟག་གཟིག། དོམ། དྲེད། སྤྲ་དང་སྤྲེའུ་སོགས་འདུས་སྡོད་ཡུན་རིང་བྱས་པ་ལས་ཐོག་མར་འགྲོ་བ་མིའི་ཁྱུ་འདུ་ཚོགས་བྱུང་མེད་པར་སེམས་ཤིང་། དེ་ཡང་བསྐལ་པ་ཡ་ཐོག་མི་ལོ་ཁྲི་ཕྲག་དུ་མའི་སྔོན་ནས་གྲུབ་པ་དང་། དེ་ནས་རིམ་གྱིས་སྤྲ་དང་སྤྲེའུ་མིར་འགྱུར་བའི་འགོ་ཚུགས་ཏེ་ལུས་ཀྱི་སྤུ་དང་རྔ་མ་སོགས་བྱི་བ་དང་། གོག་འགྲོས་ནས་ལངས་པ། ཤིང་གི་ཡལ་ག་ལས་བབ་ནས་ཁང་ཁྱིམ་བརྩིགས་པ། ཤིང་འབྲས་སྤྱོད་པས་མ་ཚིམས་པར་རི་དྭགས་བསད་པའི་ཤ་ཁྲག་ལ་རོལ་བ། ལུས་ཀྱི་སྤུ་བྱི་བ་དང་འབྲེལ་ནས་ཤིང་ལོ་དང་སྲོག་ཆགས་གཞན་གྱི་པགས་པ་གོན་པ། དེ་དག་གི་ཆེད་དུ་ཕན་ཚུན་རྩོད་ཅིང་འཁྲུགས་པ་དང༌། དཔུང་དང་ཚོགས་ཁག་དུ་མ་ཆགས་པ་དེ་ལ་བརྟེན་ནས། རིམ་གྱིས་རྒྱལ་ཕྲན་སིལ་མ་མང་པོ་གྱེས་ཏེ། ཕན་ཚུན་རེ་འགའ་འདུམ་ཞིང་རེས་འགའ་འཁྲུག་པ་སོགས་བྱུང་བའི་རིང་། ཐེ་རང་དང་དམུ་བདུད་བཙན་གསུམ་སོགས་ཀྱིས་དབང་བསྒྱུར་བྱས་ཤིང་འདིར་ཐེ་རང་དང་དམུ་བདུད་བཙན་གསུམ་ཞེས་པ་ནི། མི་མ་ཡིན་པའི་འཇིགས་སུ་རུང་བ་རང་རེའི་བློ་ཡུལ་དུ་བཤད་སྲོལ་དང་འབྲེལ་བའི་རྟོག་བཟོའི་སྣང་བརྙན་གྱི་གདོན་འདྲེ་ལྟ་བུ་ཞིག་མིན་པར། མིའི་སྤྱི་ཚོགས་ཁྲོད་ཀྱི་ཁ་དྲག་དབང་བཙན་དང་། དཔའ་དང་དཔུང་པས་གཞན་ཕྱོགས་འཇོམས་པར་བྱེད་མཁན་ལ་འགྲོ་བ་མི་རང་ག་བའི་བློ་ཡུལ་ལས་འགོངས་པའི་ཐ་སྙད་སྦྱར་བ་ཙམ་དུ་ཤེས་དགོས། དེ་ལྟར་རིམ་པར་བརྒྱུད་དེ་ཆོས་རྒྱལ་གཉའ་ཁྲི་བཙན་པོ་ནས། དབུས་ཁུལ་གྱི་རྒྱལ་ཕྲན་སིལ་མ་བཅུ་གཉིས་པོ་གཅིག་གྱུར་བྱུང་བ་ནས་བཟུང་། བོད་ཀྱི་རྒྱལ་ཁབ་དང་རྒྱལ་རབས་འགོ་ཚུགས་པ་ཡིན་ལ། དེ་ནས་བརྒྱུད་དེ་རྒྱལ་རབས་རིམ་བྱུང་གིས་ཁྱིམ་མཚེས་རྒྱལ་ཕྲན་དང་རྒྱལ་ཁབ་ཁག་ལ་ཞི་དྲག་ངེས་མེད་ཀྱིས་དཔུང་འཇུག་དང་དབང་བསྒྱུར་བྱས་པ་ནས་ད་ལྟའི་བར། སྟོད་ཀྱི་མངའ་རིས་སྐོར་གསུམ་དང་། བར་ཀྱི་དབུས་གཙང་རུ་བཞི། སྨད་ཀྱི་མདོ་ཁམས་སྒང་དྲུག་བཅས་ཆ་ལུགས་དང་གོམས་སྲོལ། རིག་གཞུང་དང་སྐད་ཡིག་སོགས་གཅིག་གྱུར་གྱི་མི་རིགས་འདི་ཉིད་བྱུང་བ་ཡིན་ནོ། ། སྤྱིར་འགྲོ་བ་མིའི་རིགས་བྱུང་རིམ་གྱི་སྐོར་བཤད་སྲོལ་ཅི་རིགས་པ་ཞིག་སྣང་སྟེ། དཔེར་ན་ནུབ་ཕྱོགས་པའི་གནའ་བོའི་ལོ་རྒྱུས་སྨྲ་བ་ཁག་གཅིག་གིས། ནམ་མཁའ་ནས་དཀོན་མཆོག་གིས་གསའ་ཏང་ཟེར་བའི་སྐྱེས་པ་གཅིག་བཟོས་པ་དེས། རང་གིས་རྩིབས་མ་ཞིག་བཀོག་པ་དེ་ཤྭ་བ་ཟེར་བའི་བུད་མེད་ཅིག་ཏུ་གྱུར་བ་དེ་གཉིས་འདུས་པ་ལས་འགྲོ་བ་མིའི་འཕེལ་རིམ་གྱི་ཐོག་མ་འགོ་ཚུགས་པར་བཤད། དེ་བཞིན་རྒྱ་ནག་གི་གནའ་བོའི་ལོ་རྒྱུས་སྨྲ་བ་ཁག་གཅིག་གིས་འཇིག་རྟེན་འདིར་ཉུད་ཝ་སེ་ཞེས་པའི་ལྷ་མོ་ཞིག་ཡོད་པ་དེ་རང་ཉིད་གཅིག་པུར་སྡོད་པར་སུན་ནས། འཇིམ་འདམ་གྱིས་མིའི་གཟུགས་བརྙན་འགའ་ཞིག་བཟོས་པར་ཕུ་བཏབ་པས་མི་གསོན་པོར་ཆགས་པ་དེ་ནས་བཟུང་འཇིག་རྟེན་འདིར་མིའི་འགྲོ་བ་བྱུང་བའི་འགོ་ཚུགས་པར་འདོད་པ་སོགས། སྐབས་དེ་དག་གི་རང་བྱུང་ཁོར་ཡུག་གི་ནུས་ཤུགས་དང་། དོན་དངོས་དང་མཐུན་པའི་བྱུང་རིམ་ལ་ཚན་རིག་དང་མཐུན་པར་དཔྱོད་པའི་ཤུགས་རྐྱེན་མ་ཐོན་ཅིང་། སྐབས་དེའི་སྤྱི་ཚོགས་ཁོར་ཡུག་ཁྲོད་ཀྱི་མིའི་བསམ་བློའི་འགྱུར་འགྲོས་དང་མཐུན་པར་དངོས་དོན་མིའི་བྱུང་རིམ་ལྷ་སྒྲུང་དང་བསྲེས་ཅི་ཐུབ་བྱས་པ་ནི་སྐབས་དེའི་དུས་དང་འཚམས་པ་ལས་དོན་དངོས་དང་མཐུན་པ་ཞིག་མིན་པར་སྙམ། རང་རེའི་བོད་ཀྱི་གནའ་བོའི་ལོ་རྒྱུས་སྨྲ་བ་ཚོ་ཡང་། ཕལ་ཆེ་བས་མགྲིན་དབྱངས་གཅིག་གྱུར་གྱིས་ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་དང། མ་བྲག་སྲིན་མོ་གཉིས་(དེང་སང་རྩེད་ཐང་གི་མགོན་པོ་རིར) འདུས་པ་ལས་རིགས་དྲུག་ལས་ཆད་པའི་ཕྲུ་གུ་དྲུག་བྱུང་། དེ་ལ་བོད་ཀྱི་མིའུ་གདུང་དྲུག་ཟེར་བ་དང་། གོང་གི་ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་ཞེས་པའང་འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་པའི་སྤྲེའུ་དགེ་བསྙེན་ཆེན་པོ་དང་། བྲག་སྲིན་མོ་ཡང་རྗེ་བཙུན་སྒྲོལ་མའི་རྣམ་སྤྲུལ་ཡིན་ཞིང་། དེ་གཉིས་རི་བོ་པོ་ཏ་ལ་ལ་བཞུགས་པའི་འཕགས་མཆོག་སྤྱན་རས་གཟིགས་ཀྱི་བཀའ་ཡིས་གནང་བ་ལྟར། གངས་ཅན་ཁ་བའི་ཞིང་དུ་མིའི་འགྲོ་བ་འཕེལ་རྒྱས་སུ་བཏང་སྟེ། རྒྱལ་བའི་བསྟན་པ་རིན་པོ་ཆེ་སྤེལ་བའི་སླད་དུ་འདུས་པ་སོགས་འཆད་ལ། དོན་དུ་འཕགས་པ་སྤྱན་རས་གཟིགས་དང་རྗེ་བཙུན་སྒྲོལ་མའི་རྣམ་སྤྲུལ་ཡིན་མིན་དང་། རི་བོ་གྲུ་འཛིན་ཞིང་ནས་བཀའ་ཡིས་གནང་བ་ཡོད་མེད། བསྟན་པ་རིན་པོ་ཆེ་དར་བའི་སླད་དུ་འདུས་པ་ཡིན་མིན། མིའུ་གདུང་དྲུག་འགྲོ་བ་རིགས་དྲུག་ནས་ཆད་པ་ཡིན་མིན་སོགས་ནི་གསང་བ་བསམ་གྱིས་མི་ཁྱབ་པ་ཡིན་པས། དགག་བཞག་གང་ཡང་བྱེད་མི་འདོད་ལ་བྱེད་ཀྱང་མི་ཕོད་མོད། བོད་མིའི་འགྲོ་བ་ཐོག་མ་གང་ལས་བྱུང་བའི་ཁུངས་སྤྲ་དང་སྤྲེའུ་ཡིན་པ་འདིས་གསལ་པོར་བསྟན་ཡོད་ཅིང་། དེ་ནི་དོན་དངོས་ཀྱི་ཚན་རིག་དང་མཐུན་པ་ཞིག་ཀྱང་ལོས་ཡིན་སྙམ། མ་བྲག་སྲིན་མོ་ཞེས་པའང་བྲག་ལ་ཚང་བྱས་ནས་འཚོ་སྡོད་ཀྱི་སྤྲ་མོ་ལ་ཟེར་བ་ཡིན་གྱི། རང་ཅག་ལྷ་འདྲེའི་རྟོག་བཟོ་ལ་གོམས་པ་ཚོའི་རྟོག་འཆར་གྱི་ཀློང་ན་ཡོད་པའི་ཁ་གདངས་ཤིང་མཆེ་བ་གཙིགས་པ། ནུ་མ་ཕྲག་ཏུ་གཟར་བའི་མི་མ་ཡིན་པ་འཇིགས་སུ་རུང་བ་དེ་འདྲ་ཞིག་ཟེར་བ་མིན་ནོ།། དེ་ལ་མིའུ་གདུང་དྲུག་ནི། སེ་དང་། རྨུ། ལྡོང། སྟོང་སྟེ་རུས་ཆེན་བཞིའི་སྟེང་དུ། དབྲ་དང་། འབྲུ་གཉིས་བསྣན་པས་དྲུག་ལ་ཟེར་ཞིང་། ལོ་རྒྱུས་གཞན་དང་གཞན་ན། དམུ་ཚ་སྒ་དང༌། ཨ་སྤོ་ལྡོང༌། སེ་ཁྱུང་དབྲ། ཨ་ལྕགས་འབྲུ་སྟེ་རུས་ཆེན་བཞི་དང༌། དབའ་དང་སྡ་ཞེས་རུས་ཆུང་གཉིས་བཅས་བགྲང་པའང་སྣང༌། དེ་དག་ལས་བོད་ཀྱི་མི་རྒྱུད་རིམ་པར་བཞིན་བྱུང་ཚུལ་ནི། སེ་ལས་བྱུས་ལེགས་བུ་བཞི་སྲིད། ། རྨུ་ལ་ཀོད་ལེ་ཕྲ་བརྒྱད་སྲིད། ། ལྡོང་ལས་རུས་ཆེན་བཅོ་བརྒྱད་སྲིད། ། སྟོང་ལས་རྗེ་བཞི་ཁོལ་བརྒྱད་སྲིད། ། ཅེས་བྱུང་བ་ལྟར་སེ་ལས་གྱེས་པའི་རིགས་ནི། རྒྱལ་ནང་རྗེ། གྲོ་ནང་ཉེད་བ། འོ་གོག་བཙན། དེ་སྟོང་སེ་ཏེ་བཞིའོ། ། རྨུ་ལས་གྱེས་པའི་ཀོད་ལེ་ཁྲ་བརྒྱད་ནི། ངབ་དང༌། གཞུབ་དང་། བཞུ། སྨོན། འགར། དཀར། སྒོ། ངན་ལམ་སྟེ་བརྒྱད་རྣམས་སོ། །ལྡོང་ལས་གྱེས་པའི་རུས་ཆེན་བཅོ་བརྒྱད་ནི། ཅོག་དང་། ཅོག་ཙེ། ཅོག་རོ། འབྲེལ། ཁྱུང་པོ། ཟླ་བ། འབྲིང་། ལྷ་ལུང་། ལྷ་རྩེ། གྲང། དགེས་པ། ཁུ་ན། ཉ། ཚེ་སྤོང་། ཟུ་ནག སྙི། ཕོ་གོ །ཐག་བཟང་རྣམས་སོ། །སྟོང་ལས་གྱེས་པའི་རྗེ་བཞི་དང་ཁོལ་བརྒྱད་ནི། ཅོག་ས་རྗེ་དང་། ཆང་རྗེ་ཐོད་དཀར་རྗེ། ཏེ་ཅོག་ཉལ་པོ་རྗེ། སྙགས་རྗེ་ཐོག་སྒམ་རྗེ་སྟེ་རྗེ་བཞི་དང་། དམར་དང་། མར་མར། སྙལ། སྙལ་དབེན། རྔོག ཕྲོག རོག སྦས་ཏེ་ཁོལ་བརྒྱད་དོ། ། དེ་ལྟར་སྔོན་གྱི་དུས་སུ་བོད་ཀྱི་མི་རྒྱུད་ཀྱི་རུས་མིང་དེ་དག་ཏུ་གྲངས་ངེས་ཀྱང་། དུས་ཕྱིས་ལུང་ཕྲན་ཕན་ཚུན་ཁ་གྲམ་ཞིང་མི་འབོའ་འཕེལ་རྒྱས་སོང་བ་དང་། སྐད་སྲོལ་ཟུར་ཆག་འདྲ་མིན་ལ་བརྟེན་ནས། རུས་མིང་དེ་དག་ལས་ཕལ་ཆེ་བའི་མིང་རྩ་བརླག་ཏུ་ཕྱིན་ཏེ། ད་ལྟར་ནི་རྔོག་དང་། ཁྱུང་པོ། ལྷ་རྩེ་ལྟ་བུ་འགའ་ཞིག་མ་གཏོགས། རྒྱུན་ལྡན་ཐ་སྙད་ནང་བེད་སྤྱོད་མེད་པར་ཆགས་ཤིང་། ལྷག་པར་དམ་པའི་ཆོས་ཀྱི་སྲོལ་དར་བ་ནས་ཆོས་ལུགས་དང་གྲུབ་མཐའ། དེ་བཞིན་དགོན་སྡེ་བླ་མ་དག་གི་མིང་དང་འབྲེལ་ནས་ས་གནས་དང་མི་རྒྱུད་ཀྱི་རུས་མིང་ལ་འགྱུར་བ་ཤུགས་ཆེར་ཐེབས་ནས། སྔོན་གྱི་རུས་མིང་དེ་དག་གནའ་བོའི་ལོ་རྒྱུས་དང་ཡིག་རྒན་ཀློག་ན་མ་གཏོགས་མཐོང་ཐོས་དཀའ་བ་ལྟeར་གྱུར་ཀྱང༌། དོན་ལ་རང་རེ་མི་རྒྱུད་མང་ཆེ་བའི་ཁུངས་ངོ་མ་ནི་དེ་དག་ཡིན་ལ། དེ་ལས་གཞན་རྒྱ་དཀར་ནག་སེར་གསུམ་ནས་ཆད་པའི་མི་རྒྱུད་ཀྱང་། རྐྱེན་དང་སྟེས་དབང་གིས་བོད་དུ་བརྟེན་གཞི་ཆགས་ནས་བྱུང་བའང་རེ་ཟུང་ཡོད་པ་རྒྱ་བོད་ཀྱི་ལོ་རྒྱུས་ཚད་ལྡན་རྣམས་ལ་བརྟེན་ནས་ར་སྤྲོད་བྱེད་ཐུབ་པ་ཡིན། གཤེན་རབ་བོན་གྱི་ལུགས་ལྟར་ན། རླངས་ཀྱི་པུ་ཏི་བསེ་རུ་རྒྱས་པ་ལས། འབྱུང་བ་རྣམ་པ་ལྔའི་སྙིང་པོ་ལས།། སྒོ་ང་ཆེན་པོ་གཅིག་ཡོང་བ། ། ཕྱིའི་སྒོང་ཤུན་ལ་ལྷ་བྲག་དཀར་པོ་ཆགས། ། ནང་གི་སྒོང་ཆུ་ལ། ། དུང་མཚོ་དཀར་མོར་འཁྱིལ། ། བར་གྱི་སྒོ་ངའི་དར་ཆ་ལ། ། རིགས་དྲུག་སེམས་ཅན་ཀུན་ཏུ་གྲོལ། ། སྒ་ོང་ཕྲུམ་གྱི་བཅོ་བརྒྱད་ཆགས། ། སྒོ་ང་བཅོ་བརྒྱད་འབྲིང་བ་དེ། ། དུང་སྒོང་གཅིག་ཏུ་ཡར་ནས་བྱུང༌།། དེ་ནི་སྨོན་པའི་མི་བོ་ལུམ་ལུམ་ཡིན། ། ཞེས་འཇིག་རྟེན་སྣོད་བཅུད་ཡོངས་རྫོགས་སྒོང་ལས་བྱུང་བར་བཤད་དེ། རང་རེའི་སྔོན་གྱི་ལོ་རྒྱུས་སྨྲ་བ་ཕལ་ཆེ་བར་རང་ཉིད་ཆོས་ལུགས་གང་ཞིག་ཡིན་པའི་ལྟ་གྲུབ་དེ་ཉིད་རྨང་གཞིར་གཞག་སྟེ་ལོ་རྒྱུས་ལ་དཔྱད་པ་བཏང་བ་ལས་དོན་དངོས་ཀྱི་ལོ་རྒྱུས་ལ་ཉམས་ཞིབ་གནང་མཁན་མང་པོ་མེད་པ་དང་། ལྷག་དོན་བོན་གྱི་ལྟ་གྲུབ་རྒྱུ་མཚན་དུ་བྱས་ནས་བོན་དང་བོན་གྱི་གཞུང་དང་འབྲེལ་བའི་ལོ་རྒྱུས་ཡོངས་རྫོགས་ནག་བསུབ་བཏང་རྐྱང་མཛད་པ་ནི། ལོ་རྒྱུས་ཚད་ལྡན་སྨྲ་བ་ཞིག་ལ་མཚོན་ན་ཞན་ཆ་ཁོ་ན་ལས་དགེ་མཚན་ཞིག་ག་ལ་ཡིན། དེ་ལྟར་ནའང་གནའ་བོའི་བོན་གྱི་ལོ་རྒྱུས་སྨྲ་བ་ཚོས་གདོད་མའི་སྤྱི་ཚོགས་དང་ཁོར་ཡུག་ལ་དཔྱད་པ་གཏོང་བའི་ཆ་རྐྱེན་ཞན་པས་དོན་དངོས་དང་མཐུན་པའི་ཚན་རིག་གི་བཤད་པ་ལྟར་ཡོང་དཀའ་བས་ཤ་གཟུགས་གསོན་པོ་ཟ་རྐྱང་བྱེད་མི་རུང་བ་འང་བཤད་ཅི་དགོས། བོད་ཀྱི་ལོ་རྒྱུས་སྨྲ་བ་ཁ་ཅིག་གིས། ལྷ་ལས་ཕུལ་བྱུང་གི་བསྟོད་པའི་འགྲེལ་པ་ལ་བརྟེན་ནས། སྔོན་རྩོད་ལྡན་གྱི་ཐོག་མར་རྒྱལ་པོ་སྐྱ་སེང་གི་བུ་ལྔ་དང་དགྲ་ངན་དམག་ཚོགས་བཅུ་གཉིས་གཡུལ་བཀྱེས་པ་ལས་རུ་པ་ཏི་འཁོར་དང་བཅས་པ་བུད་མེད་ཀྱི་ཆས་བརྫུས་ཏེ། རི་ཁ་བ་ཅན་གྱི་ཁྲོད་དུ་བྲོས་པ་ལས་དེང་སང་གི་བོད་རིགས་འདི་བྱུང་བ་བཤད་པ་དང༌། ཡང་ཁ་ཅིག་བོད་རིགས་འདིའི་ཐོག་མའི་འབྱུང་ཁུངས་ནི་འཇང་རིགས་ཡིན་པར་བཤད་པ་སོགས་ཡོད་དེ། གོང་གསལ་ལོ་རྒྱུས་དེ་དག་ལ་ཞིབ་ཏུ་བརྟགས་ནས་ལོ་རྒྱུས་དངོས་ཡོད་དང་མཐུན་པའི་མཐའ་བསྡོམས་ཤིག་བཀོད་ན། བོད་མིའི་འབྱུང་ཁུངས་ངོ་མ་ནི་སྤྲ་དང་སྤྲེའུ་ཡིན་པར་བཤད་མ་དགོས་པའི་ཐོག་འཇང་དང་། སོག་པོ། རྒྱ་དཀར་ནག་སོགས་ཀྱི་མི་རིགས་ཀྱང་ཉེ་འདབ་ས་འབྲེལ་གྱི་རྐྱེན་པས་ཅིས་ཀྱང་འདྲེས་སྲིད་པ་ཞིག་ཡིན་པས། དེ་དག་ཀྱང་རང་རེའི་མི་རིགས་ཀྱི་འབྱུང་ཁུངས་དང་འབྲེལ་བའི་གྲུབ་ཆ་ཆུང་ཆུང་ཞིག་ཡིན་ཆོག་པར་སེམས། འོན་ཀྱང་དེ་ཙམ་གྱིས་བོད་མི་རིགས་ཀྱི་འབྱུང་ཁུངས་སྤྲ་སྤྲེལ་ལ་གཏུགས་རྒྱུའི་འགལ་རྐྱེན་གང་ཡང་བཟོ་དོན་མེད་པ་ཡིན་ནོ། ། དེང་སང་ཚན་རིག་པས། སྤྲ་སྤྲེལ་དག་རིམ་གྱིས་སྤུ་དང་མཇུག་མ་བྱི་བ་ལས་མི་རུ་གྱུར་པར་འདོད་ལ། དེ་ལས་ཡར་འདེད་ན་རྒྱ་མཚོའི་ནང་གི་སེལ་རྡུལ་ལ་ཐུག་པར་བཤད་པ་དེས། བོད་ཀྱི་མི་རིགས་འདི་སྤྲ་རྒྱུད་འཕེལ་བ་ལས་བྱུང་བར་ང་ཚོས་སྔར་ནས་བཤད་ཟིན་པ་དེ་ཉིད་བསྲེགས་བཅད་བརྡར་བའི་གསེར་བཞིན་ཡིད་ཆེས་དང་རིན་ཐང་ཆེ་རུ་སོང་བ་ཡིན། མི་ནི་སྤྲ་རྒྱུད་ལས་ཆད་པའི་རིག་པའི་གཞུང་ལུགས་དེ་ཐོག་མར་བོད་ནས་བྱུང་བ་ལྟར། སྤྲ་རིགས་མི་རུ་གྱུར་པའི་མིའི་འགྲོ་བ་ཡང་ཐོག་མར་བོད་ནས་བྱུང་བར་མངོན་ཏེ། སྤྲ་སྤྲེའུ་རྣམས་ནི་རི་བྲག་ཡོད་ས་དང་ལྷག་པར་འབྲས་ལྡན་གྱི་ནགས་ཚལ་རྣམས་སུ་སྡོད་པ་ལས་རང་དགར་སྤང་ལྗོངས་དང༌། བྱེ་ཐང༌། འཁྱག་གླིང་རྣམས་སུ་འཚོ་སྡོད་མི་ཐུབ་ཅིང༌། འཛམ་གླིང་ན་ནགས་ཚལ་གྱི་ཐོག་མ་ནི་བོད་ནས་བྱུང་སྟེ། འཛམ་གླིང་འདིར་རྒྱ་མཚོ་དང་འཁྱག་རོམ། ས་རྡོ་རི་བྲག་གི་རྣམ་པ་ཅན་ལས་རིམ་གྱིས་རྩི་ཤིང་གི་རིགས་སྐྱེ་བའི་འགོ་ཚུགས་པ་སྔ་ཤོས་ནི་ཤིང་འཛམ་བུ་ཞེས་པ་དེ་ཡིན། ཤིང་དེ་ནི་ཡལ་ག་དང་ལོ་མས་ཁེབས་པ། འབྲས་བུས་དུད་པ། མྱང་ན་ཞིམ་པ། བལྟས་ན་མཛེས་པ་ཞིག་ཡིན་པས་འཇིག་རྟེན་འདིར་ངོ་མཚར་ཆེ་བར་མཐོང་ནས་དེའི་མིང་གི་ཆེ་བ་དང་ལྡན་པར་གླིང་འདི་ལའང་འཛམ་བུ་གླིང་ཞེས་མིང་བཏགས། ཤིང་དེའང་མཚོ་མ་དྲོས་པའི་འགྲམ་ན་རྐང་གཅིག་རང་སྐྱེས་པ་མིན་པར་བོད་ཀྱི་ལྷོ་ཕྱོགས་རྫ་ཡུལ་ནས་ཡར་ཀླུང་གཙང་པོའི་རྒྱུད་ཀྱི་ལུང་ལག་ཐམས་ཅད་ཁྱབ་ནས་ཡོད་ཀྱང་འཛམ་གླིང་སྤྱི་ཡོངས་ནས་བལྟས་ན་མཚོ་མ་དྲོས་པའི་འགྲམ་དུ་སྐྱེས་པར་བཤད་པ་ལ་འགལ་བ་ཅི་ཡང་མེད། ཡང་ན་དེ་སྐབས་ཡར་ཀླུང་གཙང་པོའི་རྒྱུད་ཀྱི་ནགས་ཚལ་དེ་དག་རྫ་ཡུལ་ནས་ནུབ་ཀ་ཤི་སྨིར་བར་སྦྲེལ་ནས་ཡོད་ཀྱང་། ཕྱིས་ཧི་མ་ལ་ཡའི་རི་རྒྱུད་འབུར་དུ་དོན་པ་ནས་སྟོད་ཁུལ་དུ་ས་གཤིས་ལ་འགྱུར་བ་ཐེབས་ཏེ་རྩི་ཤིང་སྐྱེ་བའི་ནུས་པ་ཉམས་པའང་སེམས། ང་ཚོའི་མེས་པོ་སྤྲ་རིགས་དེ་དག་འཚོ་སྡོད་བྱ་ཡུལ་གྱི་ནགས་ཚལ་དེ་དག་ཏུ་བྱ་དང་རི་དྭགས་ཀྱང་མང་པོ་ཡོད་པས་ནགས་མ་བྱ་ཚོགས་ཅན་ཞེས་ཀྱང་ཟེར། ནགས་ཚལ་དེར་སྤྲ་ཁྱུ་མང་དུ་འཕེལ་བ་ལས་འཚོ་ཐབས་དཀའ་བ་བྱུང་སྟེ། སྤྲ་ཁྱུ་འགའ་རེ་ཉེ་འཁོར་གྱི་ཐང་དུ་འོང་ནས་ས་འོག་གི་རྩྭ་ལྡུམ་རྐོ་བ་དང་། རི་དྭགས་ཤི་བ་སོགས་ཀྱི་ཤ་ཡང་ཟ་དགོས་བྱུང༌། དེ་འདྲའི་དཀའ་སྡུག་གི་ཀྱག་ཀྱོག་མང་པོའི་ཁྲོད་དུ་ནང་སེམས་ཀྱི་སྟེང་ལ་ཉམས་མྱོང་དང་རྣམ་དཔྱོད་ཆེ་རུ་ཕྱིན་པས་ལོ་ཏོག་སྤོ་འཛུགས་ཀྱི་གསོག་འཇོག་ཤེས་པར་གྱུར་པ་དང༌། ཕྱི་ལུས་ཀྱི་བཀོད་པའང་མིའི་གཟུགས་སུ་འགྱུར་འགོ་ཚུགས། དེ་ནི། མ་རྨོས་འབྲུ་ཟ་གོས་སུ་ཤིང་ལོ་གྱོན། ། ནགས་སུ་རི་དྭགས་ལྟ་བུར་གནས་པ་ཡི། ། གློ་དང་མི་རྒོད་ལྟ་བུས་བོད་ཡུལ་གང༌། །ཞེས་དང༌། མཛོདལས་ཀྱང༌། དེ་ནས་རིམ་བཞིན་རོ་ལ་ཆགས། ། ལེ་ལོས་གསོག་འཇོག་བྱས་ནས་ནི། ། འཛིན་བཅས་རྣམས་ཀྱིས་ཞིང་དཔོན་བསྐོས། ། ཞེས་པ་དང་ཡང་མཐུན་ནོ། །དེ་ལྟར་གནས་པའི་དུས་སྐབས་དེའི་ཡས་མས་ཞིག་ནས་ད་ནི་མ་འོངས་པར་འཚོ་བའི་མདུན་ལམ་ཐག་གཅོད་བྱེད་པར་ཡངས་ཤིང་རྒྱ་ཆེ་ལ་ཕུན་སུམ་ཚོགས་པའི་ཡུལ་ལྗོངས་ཤིག་ལ་བརྟེན་དགོས་པར་མཐོང་ནས། ཀ་ཁོལ་མ་ལས་བཤད་པ་ལྟར་སྤྲ་མི་མང་པོ་ཞིག་ཚན་པ་ཚན་པར་བྱས་ཏེ་མཐོ་སྒང་འདི་དང་ཁ་གྱེས་ནས། ཤར་ལྷོ་ནུབ་བྱང་གང་སར་མདུན་བསྐྱོད་བྱེད་བཞིན། ས་བབ་འཕྲོད་ལ། ཐོན་ཁུངས་འབེལ་པོ་ཡོད་པའི་ལུང་པ་དང་ཐུག་དུས་དེར་འཚོ་སྡོད་བྱས། དེ་ལྟར་རང་གི་ཁོར་ཡུག་དང་ཁ་ཟས་སོགས་ཀྱི་ཁྱད་པར་ལས། ཁ་དོག་གི་ཆ་ནས་སྐྲ་རྣམས་སེར་པོ་གྱུར་པ་མ་ཟད་ཤའི་མདོག་ཀྱང་སེར་ཤས་ཆེ་བའི་རིགས་གཅིག་དང༌། སྐྲ་རྣམས་གནག་ལ་འཛིངས་པ་མ་ཟད་ལུས་ཀྱི་མདོག་ཀྱང་ནག་པོ་ཡིན་པའི་རིགས་གཅིག །དབྱིབས་ཀྱི་ཆ་ནས་སྣའི་གཟིང་མཐོ་བའམ་སྣ་ལྡོང་བའི་རིགས་གཅིག་དང༌། ཡང་སྣ་ལྡོང་པའི་ལྡོག་ཕྱོགས་ཉག་པའམ་སྟོང་པའི་རིགས་གཅིག་སྟེ། རྩ་བའི་རིགས་ཆེ་བ་བཞི་བྱུང་། དེ་དག་རྣམ་པ་གཅིག་ཏུ་ན། སེ། རྨུ། ལྡོང༌། སྟོང་ཏེ་བཞི་པོ་རྒྱུད་པ་རྣམས་ལས། དང་པོ་སེ་ནི་ཡོ་རོབ་ཀྱི་མི་རིགས་དང༌། གཉིས་པ་རྨུ་ནི་ཨ་ཕི་རི་ཀའི་མི་རིགས། གསུམ་པ་ལྡོང་ནི་རྒྱ་གར་གྱི་མི་རིགས། བཞི་པ་སྟོང་ནི་བོད་དང་སོག་པོ་རྒྱ་ནག་སོགས་ཡིན་ནོ་སྙམ་སྟེ། དེས་ན་འཛམ་གླིང་ཧྲིལ་པོ་འདིར་འཆིས་སོ་ཅོག་གི་མི་ཡི་འགྲོ་བ་མཐའ་དག་པའི་ཐོག་མའི་འབྱུང་ཁུངས་ནི། སེ་རྨུ་ལྡོང་སྟོང་སྟེ་རུས་ཆེན་བཞི་པོ་འདི་ཉིད་ཁ་ོན་ལ་ཐུག་པར་པའང་སེམས་ཏེ། རྒྱུ་མཚན་ད་དུང་སྤྲོས་པས་ཆོག་གོ ། འཛམ་གླིང་ན་ནགས་ཚལ་གྱི་ཐོག་མ་བོད་ནས་བྱུང་བར་བཤད་པ་ནི། ནང་པའི་གསུང་རབ་རྣམས་སུ་ཤིང་གི་ཐོག་མ་འཛམ་བུ་ཞེས་པ་དེ་མཚོ་མ་དྲོས་པའི་འགྲམ་ན་ཡོད་པར་བཤད་པ་ལ་གཞི་བཅོལ་བ་ཞིག་ཡིན་མོད། ནང་པའི་མདོ་སྡེ་རྣམས་སུ་བཤད་པ་ལྟར་ན། འཛམ་གླིང་འདིར་ཐོག་མར་སེམས་ཅན་སུ་ཡང་མེད་པར་གཙང་ཞིང་ཡིད་དུ་འོང་བ་ཞིག་ཡིན་པས། སྟེང་ཕྱོགས་ནས་ལྷ་ཁ་ཤས་ཤིག་མར་བབས་ནས་མི་ཡུལ་གྱི་འཇིག་རྟེན་འདིར་རྫུས་ཏེ་སྐྱེས་བ་ལེན་ནས་རྩེན་ཅིང་གནས་པ་ལས། མངོན་ཤེས་དང་རྫུ་འཕྲུལ་རྣམས་རིམ་གྱིས་ཉམས་ཏེ་མིར་གྱུར་པ་འདོད་མོད། རང་རེ་བོད་ཀྱི་བཤད་སྲོལ་འདི་ནི་ཚན་རིག་དང་མཐུན་པར་གནའ་བོའི་དུད་འགྲོའི་རིགས་ཀྱི་སྤྲ་རྒྱུད་དེད་ནས་རིམ་གྱིས་ད་ལྟའི་རྣམ་དཔྱོད་ཅན་གྱི་མི་ཡི་འགྲོ་བ་འདི་བཞིན་བྱུང་བ་ལ་ཐེ་ཚོམ་གང་ཡང་མི་དགོས་སོ། ། གདོང་དམར་བོད་ཀྱི་རུས་པའི་མེ་ཏོག་ཁམས། ། འོད་གསལ་ལྷ་དང་འབྱུང་ལSའི་སྒོ་ང་དང༌། ། དཀར་ནག་རྒྱ་དང་འཕན་མྱི་ལས་མཆེད་པའི། ། ལོ་རྒྱུས་སྨྲ་བའི་མཁས་པ་མང་ན་ཡང༌། ། གདོད་མའི་སྤྲ་དང་སྤྲེའུའི་གནས་འགྱུར་ཏེ། ། གདུང་དྲུག་མེས་པོའི་རིགས་རྒྱུད་འཕེལ་བའི་གཏམ། ། འདི་ཀོ་ལུང་དང་སྒྲུབ་བྱེད་རིགས་པའི་ཚུལ། ། བརྟགས་ན་བདེན་པའི་དཔང་པོ་རུང་ངོ་སྙམ། །ཞེས་ཀྱང་སྨྲས་སོ། །

(༣) བོད་ཅེས་པའི་མིང་འདི་ཇི་ལྟར་བྱུང་བའི་ཚུལ། རང་རེ་ཁ་བ་གངས་ཅན་པའི་ཡུལ་གྲུར་བོད་ཅེས་པའི་མིང་འདི་ཇི་ལྟར་བྱུང་བའི་ཚུལ་ལ། སྔོན་དུས་ཀྱི་ལོ་རྒྱུས་སྨྲ་བ་ཚོས་བཤད་སྲོལ་མི་འདྲ་བ་དུ་མ་ཞིག་མཐོང་སྟེ། མིང་འདི་ཉིད་རྗེས་གྲུབ་ཏུ་འདོད་པ་དང། འདོད་རྒྱལ་དུ་འདོད་པ་གཉིས་ལས། དང་པོ་རྗེས་གྲུབ་ཏུ་འདོད་པ་ཁ་ཅིག་གིས། ཡུལ་གྲུ་འདིའི་ཡབ་མེས་གོང་མ་རྣམ་པས་སྐབས་གཤེན་རབ་བོན་གྱི་བླ་མ་བསྟེན་ནས་རང་གི་མངའ་ཁོངས་ཡོངས་སུ་བོན་གྱི་སྲོལ་རྒྱུན་འཛིན་བའི་ཆོས་ལུགས་ཀྱིས་ཁྱབ་པ་ན། རྒྱལ་ཁབ་ལ་བོན་རྒྱལ་ཁབ་དང་མི་ལ་བོན་མི་ཞེས་པའི་ཐ་སྙད་འདི་བྱུང་ཞིང་། དུས་ཕྱིས་རྒྱལ་ཐོག་སོ་གསུམ་པ་སྲོང་བཙན་གྱི་སྐབས་སུ་བོན་སྟོན་དང་། བཙན་པོའི་བར་རྒྱལ་ཁབ་ཀྱི་བདག་དབང་ཐོག་འདུམ་ཐབས་མེད་པའི་རྩོད་གླེང་བྱུང་བས། བོན་སྲོལ་འབུར་འཇོམས་བྱས་ཏེ་འཕགས་པའི་ཡུལ་ལས་ནང་ཆོས་གདན་འདྲེན་ཞུས་པ་ནས། རང་གི་མངའ་ཁུལ་གྱི་མིང་ལའང་བོན་ཞེས་འདོགས་པ་དེར་མ་མཉེས་ནས་བསྒྱུར་བཅོས་ཀྱིས་རྗེས་འཇུག་ད་ཡིག་བཞག་པས། དུས་ཕྱིས་བོད་ཅེས་པའི་མིང་འདི་བྱུང་བར་བཤད་ལ། དེ་ལྟར་ན་བོད་ཅེས་པ་འདི་ཉིད་ཆོས་ལུགས་ཀྱི་མིང་ཡུལ་གྲུ་དང་རྒྱལ་ཁབ་ལ་ཐོགས་པ་ཞིག་ཡིན་ནོ།། ཡང་འགའ་ཞིག་གིས་གནའ་བོའི་ཡི་གེ་ནང་མཐའ་རྟེན་ད་དང་ན་ལ་ཁྱད་པ་དེ་ཙམ་མེད་དེ། དཔེར་ན་རྒྱལ་པོའམ་བཙན་པོ་ལ་བཙད་པོ་ཟེར་བ་ལྟ་བུ་དུ་མ་བྱུང་བ་ལྟར། བོན་དང་བོད་ཅེས་པ་གནའ་བོའི་སྐབས་གང་བདེར་སྤྱོད་ཆོག་པ་དང་དུས་ཕྱིས་བོད་ཅེས་པ་ཡོངས་ཁྱབ་ཏུ་གྱུར་པར་བཤད། ལ་ལ་ལྷ་ལས་ཕུལ་བྱུང་གི་འགྲེལ་པ་ལས་བཤད་པ་ལྟར། རྩོད་དུས་ཀྱི་བསྐལ་བ་ཚུགས་པའི་སྐབས་སྐྱ་སེང་བུ་ལྔ་དགྲ་ངན་དཔུང་ཚོགས་བཅུ་གཉིས་དང་གཡུལ་བཀྱེས་པས་ཕམ་སྟེ་བྱང་ཕྱོགས་ཁ་བ་ཅན་དུ་བྲོས་པ་ལས། བྲོས་ཅེས་པའི་མིང་ཐོགས། དེ་ཉིད་རིམ་གྱིས་ཟུར་ཆག་ཏེ་བོད་ཅེས་འདོགས་པར་བཤད་ལ། དེ་ལྟར་ན་བོད་ཅེས་པ་འདི་ཉིད་བྲོས་ཅེས་པ་ཟུར་ཆག་ནས་བོད་ཅེས་གྲུབ་བོ་ཞེས་ཟེར་ཏེ། དེ་ལྟར་ན་བོད་ཅེས་པའི་མིང་འདི་ཉིད་ཟུར་ཆག་གི་མིང་དུ་ངོས་འཛིན་བྱེད་དགོས་པ་ཡིན་ནོ། །དེ་ལྟ་ནའང་ལྷ་ལས་ཕུལ་བྱུང་གི་འགྲེལ་པར། དེ་ལྟར་ཡོད་པ་བཤད་པར་ནེའུ་པལ་པབྲ༣སྤྱ་ཏ་སྨོན་ལམ་བློ་གྲོས་ཀྱིས་ཆོས་འབྱུང་མཁས་པའི་དགའ་སྟོན་དུ། རི་བྲག་པ་སྐྱ་སེང་གི་བུ་ལྔ་ཚིགས་ཡིན་པར། སློབ་དཔོན་ཤེས་རབ་གོ་ཆས་མཛད་པའི་ལྷ་ལས་ཕུལ་དུ་བྱུང་བའི་བསྟོད་པའི་འགྲེལ་བ་ལས་བཤད་ཅེས་ཟེར་བ་ནི། སྣར་ཐང་བ་རིག་རལ་གྱིས་རྫུུན་ཡིན་ཏེ། དེ་ལས་མ་བཤད་པའི་ཕྱིར་རོ། །ཞེས་དང་། དཔའ་བོ་གཙུག་ཕྲེང་པས། ཀུན་མཁྱེན་བུས་བསྟོད་འགྲེལ་གྱི་ལུང་གིས་བོད་སྤྱིའི་མི་རྣམས་རུ་པ་ཏི་ལས་ཆད་པ་ཞེས་སོགས་མང་དུ་སྣང་ཡང་དག་པར་མ་མཐོང་། ཞེས་དགག་པར་མཛད་འདུག་པས་བོད་ཅེས་པའི་མིང་འདི་རྒྱ་གར་བའི་མི་འགའ་ཞིག་གི་བུད་ཤུལ་ལ་བརྟེན་ནས་བཏགས་པའི་ཨུ་ཚུགས་དགོས་དོན་གང་ཡང་མི་འདུག་སྙམ། ཡང་ཁ་ཅིག་བོད་ཅེས་པའི་མིང་འདིའི་ཐོག་མའི་འབྱུང་ཁུངས་ནི། རྒྱ་གར་ནས་བྱུང་བ་ཡིན་ཏེ་རྒྱ་གར་བས་བོད་ལ་བྷ་ཊ་ཞེས་འདོད་རྒྱལ་ཏུ་འབོད་པ་དེ་ཉིད། ཐོན་མིས་བོད་ཡིག་གཏན་འབེབས་བྱས་པའི་རྗེས་བོད་ཡིག་ནང་འཐུག་པོ་བྷདང་ལོག་ཡིག་ཊ་མེད་པས། རྒྱ་ཡིག་ལྟར་འབྲི་ཐབས་མ་བྱུང་ཡང་རྒྱ་གར་བའི་སྐད་ཀྱི་བྷ་ཊ་དང་སྒྲ་གདངས་མཐུན་པ་ཡོང་བའི་ཆེད་དུ་བོད་ཅེས་བྲིས་པར་བཤད་ཅིང་། དེ་ལྟ་ན་རྒྱ་གར་བའི་སྐད་ཡིག་ཟུར་ཆགས་པ་ལ་བོད་ཅེས་པའི་མིང་འདི་གྲུབ་པར་འདོད་དགོས། དེ་ལྟ་ནའང་འདིར་མཁས་པའི་དབང་པོ་དགེ་འདུན་ཆོས་འཕེལ་གྱིས་རྒྱལ་རབས་དེབ་ཐེར་དཀར་པོ་ལས། དེ་ཡང་རང་རེའི་ཡུལ་འདི་ལ་ཆེས་སྔ་མོ་ཞིག་ནས་རང་སྐད་དུ་བོད་ཀྱི་ཡུལ་ཞེས་བྱ་བར་གྲགས། རྒྱ་གར་བ་རྣམས་རང་རེ་ལ་བྷ་ཊ་ཞེས་བྱ་བར་འབོད། དེ་ནི་གནའ་དུས་ཀྱི་ཀློག་ལ་བོད་ཅེས་བརྗོད་ཚེ་བོ་དང་ད་སྒྲ་གཉིས་ཀ་གསལ་བར་ཐོན་པའི་དབང་གིས། བོད། བྷཊ། བྷ་ཊ། ཞེས་རིམ་གྱིས་འགྱུར་ནས། དོན་ལ་བོད་བྱ་བའི་ཚིག་འདི་ག་རང་རྒྱ་གར་དུ་ཕར་ཟུར་ཆག་པ་ཡིན་གྱི། རྒྱ་གར་བས་ཚུར་བཏགས་པ་ཞིག་ནི་མིན་པར་སེམས། ཞེས་གསུངས་པ་ལྟར་རང་རེས་གདོད་མ་ནས་བོད་ཅེས་འབོད་པ་དེ་རྒྱ་གར་དུ་ཕར་དར་ནས་འབོད་པ་མ་གཏོགས། བོད་ཅེས་པའི་མིང་འདི་རྒྱ་གར་བས་ཚུར་བཏགས་པ་ཞིག་དང་། དེ་ལྟར་བཏགས་པའི་འགྲེལ་བཤད་ཅིག་རྒྱབ་ཐུབ་ན་གཟི་བརྗིད་དང་ཁུངས་བཙུན་པར་བསམ་ནས་འགྲམ་ཆུ་ལྡང་དགོས་དོན་གང་ཡང་མེད་དེ། རང་གི་ཡུལ་ལྗོངས་ཀྱི་མིང་དེ་རང་གི་ཡབ་མེས་ཚོས་བཏགས་པའི་ཁུངས་འཚོལ་ཞིང་དེ་ལྟར་རྙེད་ན་གཟི་བརྗིད་དངོས་དེ་ཉིད་ཅིའི་ཕྱིར་མིན། ཡང་ལོ་རྒྱུས་སྨྲ་བ་ཁ་ཅིག །བོད་ཅེས་པའི་མིང་འདིའི་འབྱུང་ཁུངས་ནི། རྣམ་དབྱེ་བརྒྱད་པ་བོད་སྒྲས་བཏགས་པ་ཡིན་ཏེ། དེ་ཡང་ཁྱིམ་མཚེས་རྒྱལ་ཁབ་རྒྱ་དཀར་ནག་གཉིས་ཀ་བོད་ཀྱི་ས་ཁྱོན་ལྟོས་གཞི་བྱས་ན། ཤིན་ཏུ་རྒྱ་ཆེ་ཞིང་། དེ་གཉིས་ལ་ལྟོས་ན། བོད་ཀྱི་ས་ཁྱོན་ཧ་ཅང་ཆུང་བས་ས་མཚམས་ཀྱི་མགོ་ནས་ཀ་ཡེ་ཞེས་བོད་པར་བྱེད་ན་མཇུག་ནས་ཨ་ལན་སྟེར་ཐུབ་པས་དེ་ལྟར་བཏགས་པར་འདོད། འདིས་ལྟར་ན་ས་ཁྱོན་ལ་རྟེན་ནས་བཏགས་པར་འདོད་དགོས། བཤད་ཚུལ་འདི་ནི་ཤིན་ཏུའང་མི་རིགས་ཏེ། ཁོང་ལ་བོད་ཅེས་པའི་མིང་འདི་སྲོང་བཙན་སྒམ་པོའི་སྔོན་ནས་བཏགས་ཟིན་པ་ཞིག་ཡིན་ནམ། ཡང་ན་སྲོང་བཙན་གྱི་རྗེས་སུ་བཏགས་པ་ཡིན། ཞེས་འདྲི་བར་བྱ་ཞིང་། སྲོང་བཙན་གྱི་སྔོན་དུ་བཏགས་པ་ཡིན་ན་ནི། དེའི་སྔོན་དུ་ཁྱིམ་མཚེས་རྒྱ་དཀར་ནག་གཉིས་ཡོད་པ་ཧ་གོ་ཙམ་མ་གཏོགས་རྒྱ་དཀར་ནག་གཉིས་དང་དམིགས་བསལ་ཀྱི་འགྲོགས་འདྲིས་ཆེན་པོ་གང་ཡང་མེད་པས། དེ་གཉིས་ཀྱི་ས་ཁྱོན་ཆེ་ཆུང་ཇི་ཙམ་ཡོད་མེད་མི་ཤེས་ཤིང་། དེ་གཉིས་ཀྱི་ས་ཁྱོན་ཆེ་ཆུང་ཇི་ཙམ་ཡོད་མེད་མི་ཤེས་པར། དེ་ལ་ལྟོས་ནས་བོད་དེ་ས་ཁྱོན་ཧ་ཅང་ཆུང་བ་ཡིན་པ་ཤེས་དོན་ག་ལ་ཡོད། དེར་བརྟེན་དེ་ནི་དངོས་ཡོད་ལོ་རྒྱུས་དང་མི་མཐུན་ཞིང་། གལ་ཏེ་སྲོང་བཙན་གྱི་རྗེས་སུ་བོད་ཅེས་པའི་མིང་འདི་བཏགས་པར་འདོད་ན་ཤིན་ཏུ་མི་འཐད་དེ། ཏུན་ཧོང་ནས་འཐོན་པའི་བོད་ཀྱི་གནའ་རབས་ཡིག་ཆ་ལས། བོད་ཀ་ཡག་དྲུག་གི་རྗེ་གཤེགས་སོ། །ཞེས་དང༌། ཆོས་འབྱུང་མཁས་པའི་དགའ་སྟོན་ལས། ། དེ་ནས་མ་སངས་སྤུན་དགུས་དབང་བྱས་ཏེ། ། ཡུལ་མིང་བོད་ཁམས་གཡའ་དྲུག་བྱ་བར་བཏགས། ། ཞེས་བོད་ཀྱི་རྒྱལ་རབས་གོང་མ་མ་སངས་སྤུན་དགུས་དབང་སྒྱུར་བྱེད་པའི་སྐབས་ནས། བོད་ཅེས་པའི་མིང་འདི་འདོགས་པ་བཤད་པས། སྲོང་བཙན་གྱི་སྔོན་དུ་བོད་ཅེས་པའི་མིང་འདི་མེད་པར་བཤད་ཐབས་ག་ལ་ཡོད། རིགས་པའི་ལམ་ནས་ཀྱང་ཤིན་ཏུ་འགལ་ཏེ། སྲོང་བཙན་ཀྱིས་རྒོད་ཀྱི་སྟོང་སྡེ་དྲུག་ཅུའི་དམག་ཤུགས་ལ་བརྟེན་ནས། འཛམ་གླིང་སུམ་གཉིས་དབང་བསྒྱུར་བྱས་པའི་ལོ་རྒྱུས་རླུང་ལྟར་གྲགས་བཞིན་དུ། ཁྱིམ་མཚེས་རྒྱ་དཀར་ནག་གཉིས་ལ་ལྟོས་ནས་ས་ཁྱོན་ཆུང་བར་བཤད་པ་ནི། ཀླད་རྒྱ་ཆུང་དྲགས་པའི་སྐྱོན་ཡིན་ན་མ་གཏོགས་བཤད་ལུགས་མེད་པ་ཞིག་ཡིན་ནོ། །དེ་ལྟར་ཡིན་བཞིན་དུ་ལོ་རྒྱུས་སྨྲ་བའི་གྲལ་གསེབ་ཏུ་འཚང་བ་ནི། མི་རིགས་རང་གི་ལོ་རྒྱུས་ལ་རྨ་འབྱིན་པའི་མཚོན་ཆ་ཞིག་ལས། ལོ་རྒྱུས་ཀྱི་བདེན་ཁ་གསལ་བའི་ཆེ་མཐོང་རྒྱངས་ཤེལ་ཞིག་ག་ལ་ཡིན་ཏེ་མ་ཡིན་པས། སྐྱེ་བོ་དེ་དག་ཅིས་ཀྱང་ཁ་བཙུམས་ནས་བསྡད་ན་མཛེས་སོ། །ཞེས་ཀྱང་བསྐུལ་ལོ། ། ལོ་རྒྱུས་སྨྲ་བ་འགའ་ཞིག་གིས་ནི། བོད་ཀྱི་མི་རིགས་འདི་ཐོག་མར་ཆགས་ནས་རྒྱུན་རིང་སོང་བའི་རྗེས་རང་རང་གི་འཚོ་བའི་རྟེན་གཞིའི་ཆེད། རི་ཀླུང་གང་སར་ཕན་ཚུན་ཁ་གྲམ་ནས་འཚོ་སྡོད་བྱས་པར་སྐབས་འགར་རྐུན་ཇག་དང་། དེ་བཞིན་གཅན་གཟན་སོགས་ཀྱི་གནོད་འཚེ་དང་འཇིགས་པ་བྱུང་ཚེ། ལུང་པའི་ཕུ་འདའ་ཡས་མས་དུ་ཀི་དང་ཝ་ཡེས་འབོད་སྐད་ཡང་ཡང་སྒྲོག་པའི་ལུགས་སྲོལ་རྒྱུན་ལྡན་དུ་དར་བ་ལས། བོད་ཅེས་པའི་མིང་འདི་བླ་དྭགས་སུ་བཏགས་པར་བཤད་ཅིང་། འདི་ཉིད་དོན་དངོས་ལ་གནས་མིན་ཇི་ལྟར་ཡང་བོད་ཀྱི་གནའ་རབས་ལོ་རྒྱུས་ལ་ཞིབ་དཔྱད་བྱས་པའི་ལུགས་དང་མཐུན་ཞིང་མཚམས་པར་སྣང༌། འདི་ལྟ་ན་བོད་ཅེས་པའི་མིང་འདི་བོད་པའི་སྒྲ་ལ་བརྟེན་ནས་བཏགས་པ་འདོད་དགོས་སོ། ། ཉེ་ཆར་རྒྱ་གར་གྱི་མ་ན་ལི་ལོ་རྒྱུས་ཤིག་གི་ནང་དུ། སྔོན་བསྐལ་པ་ཉིས་ལྡན་གྱི་སྐབས་སུ་རྒྱལ་པོ་སྲིད་སྒྲུབ་ཀྱིས་སྲིན་པོའི་རྒྱལ་པོ་དང་གཡུལ་བཀྱེས་ཏེ་ཕམ་པར་བྱས། དེའི་བུ་མོ་སྲིན་མོ་ཧ་ཌི་མ་ཞེས་པ་ཆུང་མར་བསུས་ནས་བུ་གཉིས་སྐྱེས་པ་ལ་ཆེ་བ་སྲིན་པོའི་རྒྱལ་པོར་བསྐོས། ཆུང་བ་བྷ་ཊ་ཞེས་པར་ཁྱོད་རང་རོ་ཐང་བརྒལ་ནས་གངས་ཧི་མ་ལ་ཡི་ཕ་རོལ་ཏུ་སོང་ལ་དེར་གནས་གཞི་བྱས་ནས་སྡོད་དང་། དེར་མུ་འཐུད་ནས་རྒྱལ་སྲིད་སྐྱོང་བར་ནུས་པའི་ལུང་བསྟན་བཞིན་སོང་། བུ་བྷ་ཊ་ཞེས་པ་དེ་གང་དུ་སྡོད་པའི་ས་གནས་དེར་བྷ་ཊ་ཞེས་བཏགས་ཤིང་། དེའི་མི་རྒྱུད་རྣམས་ཀྱི་ས་ཁྱོན་རྒྱ་བསྐྱེད་ཇི་ཙམ་བཏང་བ་དེ་ཙམ་དུ་བྷ་ཊ་ཞེས་པའི་མིང་གིས་ཁྱབ་ནས། མཐར་རྒྱ་ཕྲན་སིལ་མ་བཅུ་གཉིས་ལ་དབང་བསྒྱུར་བྱས་པ་ནས་བོད་ཅེས་པའི་མིང་དེ་ཡང་ཡུལ་ལྗོངས་སྤྱི་ཁྱབ་ཀྱི་མིང་ཞིག་ཏུ་གྱུར་བར་བཤད་ཅིང་། བཤད་ཚུལ་འདི་ནི་དེ་སྔོན་བོད་ཀྱི་ལོ་རྒྱུས་སྨྲ་བ་སུས་ཀྱང་མཐོང་མ་མྱོང་བའི་ལོ་རྒྱུས་ཀྱི་དཔེ་དེབ་ཅིག་ཕལ་ཆེར་ཡིན་ངེས་ཤིང་། འདི་དང་བོད་ཀྱི་ལོ་རྒྱུས་སྨྲ་བ་ཁག་ཅིག་གིས་བོད་ཀྱི་མི་རྒྱུད་ལྷ་ནས་ཆད་པར་བཤད་པ་དང་ཅུང་ཟད་མཐུན་པར་སེམས་ཏེ། སྲིད་སྒྲུབ་ལྷའི་གདུང་རྒྱུད་ཡིན་པ་རིག་བྱེད་པའི་གཞུང་དུ་གསལ་བས་སོ། །བཤད་ཚུལ་འདི་ལྟ་ན་བོད་ཅེས་པའི་མིང་འདི་མི་བྱེ་བྲག་པ་ཞིག་གི་མིང་ཡུལ་ལྗོངས་སྤྱི་ཁྱབ་ལ་འཕོས་སོང་བར་འདོད་དགོས་པ་ཡིན་ནོ། ། གོང་གསལ་བཤད་ཚུལ་འདི་ལྟར་ན་རང་རེ་བོད་ཀྱི་སྣོད་བཅུད་བཀོད་པ་དང་བཅས་པ་ཆགས་ནས་མི་ལོ་ཁྲི་ཕྲག་མང་པོ་སོང་བར་མཚོན་པས། སྲིད་སྒྲུབ་ཀྱི་བུས་བོད་ཀྱི་ཡུལ་ལྗོངས་དབང་བསྒྱུར་བྱས་ཡོད་མིན་ཇི་ལྟར་ཡང་། བསྐལ་པ་ཉིས་ལྡན་གྱི་སྐབས་སུ་མི་ཡུལ་དུ་བྱུང་བའི་སྲིད་སྒྲུབ་ཀྱི་དུས་ཐོག་ཏུ་རང་རེ་བོད་ཀྱི་སྣོད་བཅུད་ཆ་ལག་དང་བཅས་གྲུབ་ཟིན་པའི་བདེན་དཔང་འཕེར་བ་ཡིན་ནོ། ། རྒྱ་ནག་ཐང་རྒྱལ་རབས་ཀྱི་ཡིག་ཚང་གསར་རྙིང་དུ། བོད་ལ་ཐུ་བྷད་ཅེས་འདོགས་ཤིང་། དེ་ཡང་ཞིབ་ཏུ་བརྩད་བཅད་ན་མེས་དབོན་རྣམ་པའི་སྐུ་རིང་ལ། འཛམ་གླིང་ས་ཁྱོན་ཕལ་ཆེ་བ་བཙན་པོའི་ལུང་རྒྱུག་པ་ལ་བརྟེན་ནས། ཆེན་པོ་བོད་ཅེས་པ་ཕྱེད་སྒྲ་བསྒྱུར་ཕྱེད་དོན་བསྒྱུར་གྱིས་ཏུ་བྷད་ཅེས་བཏགས་པ་ཡིན་ཏེ། གནའ་བོའི་རྡོ་རིང་ངོས་སུ་ཏུ་བྷད་ཅེས་བྲིས་ཡོད་པ་འདིས་ཤེས་ནུས་ཤིང་། དུས་ཕྱིས་རྒྱ་སྐད་རིམ་གྱིས་ཟུར་ཆག་སྟེ་ཐུ་བྷད་ཅེས་པར་འགྱུར་བ་དང། སྐད་སྲོལ་དེ་རིམ་པར་བཞིན(ཅདྲཏet)ཞེས་དབྱིན་ཡིག་ཐོག་གི་འཛམ་གླིང་སྤྱི་པའི་བོད་ཀྱི་མིང་དུ་ཆགས་པ་ཞིག་ཡིན་ནོ། །འདི་ནི་བོད་མངའ་ཐང་དར་བའི་སྐབས་ཀྱི་ཆེན་པོ་བོད་ཅེས་པ་རྒྱ་སྐད་ཐོག་ཟུར་ཆག་པ་ལས་བྱུང་བའི་བོད་ཀྱི་མིང་དུ་ངོས་འཛིན་བྱེད་དགོས་པ་ཡིན་ནོ། ། དུས་ཕྱིས་དུས་རབས་བཅུ་བདུན་ཡས་མས་སུ་རྒྱ་ནག་ཆིང་དང་། མིང་རྒྱལ་རབས་སོགས་ཀྱི་སྐབས་སུ། ཤིས་གཙང་། ཞེས་འབོད་པ་ནི་སྲིད་དོན་གྱི་གཡོ་སྒྱུས་དྲི་མས་བསྲེ་ལྷད་བཅུག་པའི་ཐ་སྙད་འཐུས་ཡོངས་སུ་མི་ཚང་པ་ཞིག་ཡིན་ནོ།། གཉིས་པ་ནི། བོད་ཀྱི་ལོ་རྒྱུས་སྨྲ་བ་ཁག་གཅིག་གིས། བོད་ཅེས་པའི་མིང་འདི་རྒྱུ་མཚན་དང་ཆ་རྐྱེན་གང་ཡང་སྔོན་དུ་མ་སོང་བར་བསྐལ་པ་ཆགས་པ་ནས་གནའ་བོའི་ཡུལ་མི་རྒན་པོ་ཚོས། རང་དབང་འདོད་རྒྱལ་གྱི་སྒོ་ནས་བོད་ཅེས་བརྡ་སྦྱར་བའི་འདོད་རྒྱལ་གྱི་མིང་ཡིན་པ་ལས་འདྲ་འབྲེལ་གང་གི་སྒོ་ནས་ཀྱང་བཏགས་པ་མིན་ཞེས་བརྗོད་དེ། དེབ་དཀར་མཁན་པོས། རྣམ་པར་གཅིག་ཏུ་ན། དོན་ཅི་ཡང་བཤད་དུ་མེད་པའི་འདོད་རྒྱལ་ཙམ་ཡིན་པའང་སྲིད་ཅེས་གསུངས་ཏེ། གོང་གསལ་ལོ་རྒྱུས་ཀྱི་རྒྱུད་རིམ་དངོས་དང་བསྡུར་ནས་བོད་ཅེས་པའི་མིང་འདོགས་བྱུང་ཚུལ་བཤད་པ་དེ་དག་མཐའ་གཅིག་ཏུ་འགོག་པ་མི་སྤོབས་ཀྱང། ཕྱི་མའི་བཤད་པ་འདི་ཉིད་ཅུང་ཟད་འཐད་ཆེས་པར་སེམས་ཏེ། ཏུན་ཧུང་ནས་ཐོན་པའི་བོད་ཀྱི་གནའ་རབས་ཡིག་ཆར། བོད་ཀ་ཡག་དྲུག་གི་རྗེ་གཤེགས་སོ། །ཞེས་དང་། ཁུ་སྟོན་གྱི་ལོ་རྒྱུས་ཆེན་མོ་ལས། བདུན་པ་མ་སངས་སྤུན་དགུས་དབང་བྱས་ཏེ། ། ཡུལ་གྱི་མིང་ནི་བོད་ཁ་ཉ་དྲུག་ཟེར། ། ཞེས་རང་རེའི་བོད་ཀྱི་སྣོད་བཅུད་འདིའི་བསྐལ་པ་ཡར་ཐོག་གི་སྐབས་ནས་བོད་ཅེས་པའི་མིང་འདི་འདོད་རྒྱལ་དུ་བཏགས་ཟིན་པ་དང། མ་སངས་སྤུན་དགུ་དང་གཉའ་ཁྲི་བཙན་པོ་སོགས་ཀྱི་མངའ་རིས་ཇི་ཙམ་རྒྱ་བསྐྱེད་བཏང་བ་དེ་ཙམ་གྱིས་བོད་ཅེས་པའི་མིང་འདི་ཡང་ཁྱབ་ཇེ་ཆེར་སོང་བ་ནས། ཆོས་རྒྱལ་མེས་དབོན་རྣམ་པའི་སྐབས་ས་ཆེན་པོ་འདིའི་སུམ་ཆ་གཉིས་ལ་བོད་ཅེས་པའི་མིང་འདིས་ཁྱབ་ཅིང༌། དེ་ལའང་ནང་གསེས་བོད་དང་བོད་ཆེན་པོ་གཉིས་སུ་ཕྱེས་པའི་རྒྱལ་པོས་དབང་བསྒྱུར་བྱས་པའི་ས་ཁུལ་ལྟེ་གནས་དང་ཁ་ཐག་ཉེ་བའི་ཡུལ་གྲུ་རྣམས་ལ་བོད་དང་། དེ་ལས་རྒྱང་ཐག་རིང་བའི་མཐའ་མཚམས་ཁུལ་གྱི་ཡུལ་གྲུ་རྣམས་ལ་བོད་ཆེན་པོ་ཞེས་པའི་ཐ་སྙད་སྦྱར་བ་ཡིན་ལ། དེ་ཡང་འདིའི་ཚུན་ཆད་བོད་དང༌། འདིའི་ཕན་ཆད་བོད་ཆེན་པོ་ཞེས་པའི་ཐ་ཚིག་མཐའ་གཅིག་ཏུ་ཁ་ཚོན་ཆོད་པའི་ས་མཚམས་ཤིག་གཏན་འཁེལ་བ་མེད་དེ། རེས་འགར་མངའ་རིས་དང་དབུས་གཙང་ལ་བོད་དང་། མདོ་ཁམས་སྒང་དྲུག་ལ་བོད་ཆེན་པོ་ཞེས་བཏགས་པ་དང་། སྐབས་འགར་མངའ་རིས་སྐོར་གསུམ་ལ་བོད་དང་། དབུས་གཙང་ཁུལ་དུ་བོད་ཆེན་པོའི་ཐ་སྙད་སྦྱར་བའང་བཀའ་གདམས་གླེགས་བམ་དུ་སྣང་བས་སོ། ། འདི་དང་བོད་ཕྱི་ནང་ཞེས་པའི་ཐ་སྙད་གཉིས་མི་འདྲ་སྟེ། བོད་ཕྱི་མ་དང་ནང་མ་ཞེས་པ་ནི་ཆིང་གོང་མའི་སྲིད་གཞུང་གིས་བོད་ལ་དབང་བསྒྱུར་བྱེད་རྒྱུའི་ངན་འཆར་འོག །མདོ་སྟོད་སྨད་ཕལ་ཆེ་བ་རྒྱ་དང་ཁད་ཉེ་བས་བོད་ནང་མ་དང་། གཞན་རྣམས་ལ་བོད་ཕྱི་མ་ཞེས་བཏགས་པའི་ཐ་སྙད་མ་རུངས་པ་ཞིག་ཡིན་པའང་འཕྲོས་གླེང་ཙམ་སྟེ། མདོར་ན་གོང་གི་ལོ་རྒྱུས་ཡིག་ཆ་ཁུངས་ལྡན་དེ་དག་ལ་བརྟེན་ནས་བོད་ཅེས་པའི་མིང་འདི་བསྐལ་པ་ཡ་ཐོག་ནས་བྱུང་བའི་གནའ་མི་རྒན་པོ་ཚོས་འདོད་རྒྱལ་དུ་བཏགས་པའི་དངོས་མིང་ཞིག་ཏུ་འཁུམས་སོ། ། དེ་ལས་གཞན་ཁ་བ་ཅན་དང་། གངས་ཅན། བསིལ་ལྡན་ཞིང་ཁམས། བོད་ལྗོངས། གངས་ལྗོངས། བསིལ་ལྗོངས་ཞེས་སོགས་ནི། དུས་ཕྱིས་སྙན་ངག་པ་དང་ལོ་རྒྱུས་སྨྲ་བ་ཚོས་ས་བབ་དང་གནམ་གཤིས་ལ་བརྟེན་ནས་བཏགས་པའི་རྗེས་གྲུབ་དང་མངོན་བརྗོད་ཀྱི་མིང་ཡིན་པ་ལ་མཁས་པ་སུས་ཀྱང་རྩོད་པ་མེད་དོ། ། བོད་ཅེས་བྲོས་པའི་མིང་གི་ཟུར་ཆག་དང༌། ། བོད་པའི་རྣམ་དབྱེ་ཡུལ་ལ་བཏགས་པ་གཉིས། ། བོད་འདི་བྷ་ཊའི་ཟུར་ཆག་འདོད་པ་སོགས། ། བོད་ཀྱི་མིང་འདིའི་བྱུང་བ་གླེང་མཁན་མང༌། ། བོད་ཡུལ་ཡ་ཐོག་བསྐལ་བ་རིང་མོ་ནས། ། བོད་ཀྱི་མིང་འདི་བྱུང་བའི་ཁུངས་དང་ལུང༌། ། བོད་ཀྱི་ཡིག་རྙིང་ཏུན་ཧོང་ཡིག་ཆ་སོགས། ། བོད་ཅེས་འདོགས་པའི་བདེན་དཔང་རུང་བ་སྙམ། །ཞེས་ཀྱང་སྨྲས་སོ།།

(༤) བོད་ཀྱི་རྒྱལ་ཕྲན་བཅུ་གཉིས་དང་སིལ་མ་བཞི་བཅུ་ངོ་སྤྲོད་མདོར་བསྡུས། རང་རེ་བོད་ཀྱི་ཕ་མེས་དང་ཡང་མེས་སྤྲ་དང་སྤྲེའི་གནས་བབ་རིམ་གྱིས་འགྱུར་བ་ཐེབས་ཏེ། འགྲོ་བ་མིའི་རྣམ་པར་གྱུར་ནས་གདུང་དྲུག་ལས་མཆེད་པའི་མི་རྒྱུད་རིམ་པར་འཕེལ་བ་ལས། བྱུས་ལས་བུ་བཞི་དང་། ཀོད་ལས་ཁྲ་བརྒྱད། ལྡོང་ལས་རུས་ཆེན་བཅོ་བརྒྱད། རྗེ་བཞི། ཁོལ་བརྒྱད་སོགས་སུ་གྱེས་པ་ནས། བོད་རྒྱལ་དང་པོ་གཉའ་ཁྲི་བཙན་པོས་དབང་བསྒྱུར་མ་བྱས་གོང་དུ་མངའ་མཛད་བཅུ་སོགས་ཀྱིས་དབང་བསྒྱུར་བྱས་པ་ཡིན་ཏེ། དང་པོ། གནོད་སྦྱིན་ནག་པོ། གཉིས་པ། རེ་ཏེ་མགོང་ཡག གསུམ་པ། སྲིན་པོ་གཉའ་རེངས་ཁྲག་མིག བཞི་པ། དམར་འཇམ་ལྷ། ལྔ་པ། རྨུ་རྒྱལ་ཁོ་རྗེ། དྲུག་པ། ཀྲོག་ཀྲོག་འདྲེ་ཏང་སྟེ། བདུན་པ་མ་སངས་སྤུན་དགུ། བརྒྱད་པ་ཀླུ། དགུ་པ་རྒྱལ་འགོང་ངམ་པོ་ཆེ། བཅུ་པ་འགོངས་པོ་སྤུན་དགུ་སོགས་ཀྱིས་དབང་བསྒྱུར་བར་བཤད་དེ། ཆོས་འབྱུང་མཁས་པའི་དགའ་སྟོན་ལས། དང་པོར་གནོད་སྦྱིན་ནག་པོས་དབང་བྱས་ཏེ། ། ཡུལ་གྱི་མིང་ཡང་བཟང་ཡུལ་རྒྱན་མེད་ཟེར། ། མཚོན་ཆ་མདའ་གཞུ་དེ་ཡི་དུས་སུ་བྱུང༌། ། དེ་ནས་རེ་ཏེ་མགོ་གཡག་བདུད་ཀྱིས་བྱས། ། མིང་ཡང་བདུད་ཡུལ་ཁ་རག་རོང་དགུར་བཏགས། ། སྟ་རེ་དགྲ་སྟ་དེ་ཡི་དུས་སུ་བྱུང༌། ། དེ་ནས་སྲིན་པོ་གཉའ་རེངས་ཁྲག་མིག་བྱས། ། ཡུལ་མིང་སྲིན་པོ་ནག་པོ་དགུ་ཡུལ་ཟེར། ། སྲིན་མོ་རྐང་དང་སྒྱོགས་གཉིས་ལག་ཆ་བྱུང༌། ། བཞི་པ་དམར་འཇམ་ལྷ་ཡིས་དབང་བྱས་ཏེ། ། ལྷ་ཡུལ་གུང་ཐང་ལག་ཆར་ཆུ་གྲི་བྱུང་། ། ལྔ་པར་རྨུ་རྒྱལ་ཁོ་རྗེ་ཞེས་བྱས་བཟུངས། ། ད་ཕྲང་ཅང་ཕྲང་ལག་ཆར་ཞགས་པ་འཕེན། ། དྲུག་པ་ཀྲོག་ཀྲོག་འདྲེ་ཡིས་དབང་བྱས་ཏེ། ། ལང་ཏང་ལིང་དང་བར་ཁ་འུར་རྡོ་འཕེན། ། བདུན་པ་མ་སངས་སྤུན་དགུས་དབང་བྱས་ཏེ། ། ཡུལ་གྱི་མིང་ནི་བོད་ཁ་ཉ་དྲུག་ཟེར། ། ལག་ཆར་དོང་རལ་གོ་ཆ་ཕུབ་ཆུང་བྱུང༌། ། བརྒྱད་པ་ཀླུས་བཟུང་བོད་ཁམས་གླིང་དགུ་བཏགས། ། དགུ་པ་རྒྱལ་པོས་དབང་བྱས་ངམ་པོ་ཅེ། ། བཅུ་པ་འགོང་པོ་སྤུན་དགུས་དབང་བྱས་ཏེ། ། ཡུལ་གྱི་མིང་ཡང་སྟོང་སྡེ་བཅོ་བརྒྱད་ཟེར།། ཞེས་དང༌། རྒྱལ་པོའི་བཀའི་ཐང་ཡིག་ལས་ཀྱང་། བོད་ཡུལ་གངས་རི་རྩེ་དགུའི་ལྗོངས་འདི་རུ། ། སྤུར་རྒྱལ་གོང་དུ་མངའ་མཛད་དྲུག་ཏུ་བྱུང༌། ། དང་པོར་གནོད་སྦྱིན་ནག་པོས་དབང་བྱས་ཏེ། ། ཡུལ་མིང་བདུད་ཡུལ་ཁ་རག་མགོ་དགུར་བཏགས། ། སྔ་རྟགས་གཉེན་པོ་བཙན་པོ་དེ་ནས་བྱུང༌། ། དེ་ནས་བདུད་དང་སྲིན་པོས་དབང་བྱས་ཏེ། ། མིང་ཡང་ལྷ་འདྲེ་གཉིས་ཀྱི་ཡུལ་དུ་བཏགས། ། སྔ་རྟགས་ཤ་ཟ་གདོང་པ་དམར་བ་བྱུང༌། ། དེ་ནས་ཀླུ་དང་བཙན་གྱིས་དབང་བྱས་ཏེ། ། ཡུལ་གྱི་མིང་ལ་བོད་ཁམས་གླིང་དགུ་བཏགས། ། སྔ་རྟགས་དཀར་བུ་ཆུ་ལ་སྤྱོད་པ་བྱུང༌། ། དེ་ནས་མ་སངས་སྤུན་དགུས་དབང་བྱས་ཏེ། ། ཡུལ་མིང་བོད་ཁམས་གཡའ་དྲུག་བྱ་བར་བཏགས། ། སྔ་རྟགས་མདའ་མདུང་མཚོན་ཆ་དེ་ནས་བྱུང༌། ། ཞེས་གསུང་སྟེ། གོང་གསལ་ཡིག་ཆ་དེ་དག་ལས་མངའ་མཛད་བཅུ་དང་དྲུག་གི་ཁྱད་ཙམ་ལས། བྱུང་ཚུལ་གྱི་གོ་རིམ་དང་སྐབས་དེ་དང་དེ་དག་ཏུ་མཚོན་ཆ་གང་ཞིག་སྤྱོད་པ་དང་། ཡུལ་གྱི་མིང་ལ་གང་ཞིག་འདོགས་པ་སོགས་ཀྱང་ཕལ་ཆེར་མཐུན་པར་སྣང་ཤིང༌། བོད་ཀྱི་མི་རྒྱུད་རིམ་པར་བྱུང་བ་དེ་དག་གི་ཁྲོད་དུ་རྒྱལ་ཕྲན་བཅུ་གཉིས་དང་། སིལ་མ་བཞི་བཅུ(འགའ་ཞིག་ཏུ་ཞེ་གཉིས་ཞེས་པའང་སྣང་) གྱེས་ཏེ། རུ་སྡེ་སོ་སོས་རང་འཚམས་ས་ཁུལ་བཅད་བཟུང་བྱས་ནས་ཕན་ཚུན་རྩྭ་ས་ཆུ་རྩོད་ཀྱིས་མཐར་འོ་ལྡེ་སྤུ་རྒྱལ་གྱིས་བོད་ཁམས་གཅིག་གྱུར་མ་བྱས་བར་དུ་རྒྱལ་ཕྲན་ཕན་ཚུན་འཁྲུག་ཅིང་རྩོད་པ་རྒྱུན་མར་བྱུང་བ་ཡིན་ཏེ། ཏུན་ཧོང་ཡིག་ཆར། གནའ་ཡུལ་ཡུལ་ན་རྒྱལ་ཕྲན་དང་བློན་པོ་འདི་ལྟར་བབ་སྟེ། མྱི་མང་གི་རྗེ་ཡུལ་ཆེའི་བདག་བྱེད་བྱེད་པ་ལས་རྒྱལ་པོ་བཙན་པ་དང་བློན་པོ་མཛངས་པ་དགུ་ཆེ་བ་རྣམས་ཀྱིས་གཅིག་ཤེས་གཅིག་བརླག་སྟེ་འབངས་སུ་བཀུག་ན། མཐར་འོ་སྡེ་སྤུ་རྒྱལ་གྱི་དབུ་རྨོག་མ་ཐོབ། མར་ནི་ལྷ་ནར་གྱིས་མནརད། ཐུན་ནི་རྗེ་ཐུན་གྱིས་བཐུན་ཏེ་བཐུག་གོ། ཞེས་པ་འདིས་ཤེས་ནུས་སོ།། བོད་ཀྱི་ལོ་རྒྱུས་དེབ་ཐེར་རྣམས་སུ་གསལ་བ་ལྟར་ན། བོད་ཀྱི་ཡུལ་འདི་ཆེས་སྔ་མོའི་དུས་སུ་མི་མ་ཡིན་རྣམས་ཀྱིས་དབང་སྒྱུར་བྱ་ཡུལ་ལམ་གནས་ཡུལ་ཞིག་ཡིན་པར་བཤད། དེ་ནི་བསྐལ་པ་ཡར་ཐོག་གི་སྐབས་བོད་ཡུལ་འདིར་འཛམ་གླིང་ན་སྙན་གྲགས་ཆེ་ལ་འཇིགས་སྣང་བྱེད་དགོས་པའི་རྒྱལ་ཐོག་འགའ་བྱུང་ཡོད་པ་སྟེ། གནོད་སྦྱིན་ནག་པོ། བདུད་པོ་རེ་ཏི་མགོ་ཡག སྲིན་པོ་གཉའ་རེངས་ཁྲག་མིག །ཀྲོག་ཀྲོག་འདྲེའི་རྒྱལ་པོ་ཟེར་བ་སོགས་རྒྱལ་རབས་མང་པོ་ཞིག་གི་རིང་ཆབ་སྲིད་དང༌། དཔལ་འབྱོར། རིག་གནས་སོགས་གང་ཅིར་སྲོང་བཙན་གྱི་སྐབས་ལྟར་དར་རྒྱས་ཧ་ཅང་ཆེ་ལ། ལྷག་པར་དམག་དོན་གྱི་ཐད་ཟིལ་ཤུགས་ཆེ་བས་སུས་ཀྱང་འཐབ་པའི་ཡ་བོར་མ་འཕེར་ཏེ། ཐམས་ཅད་དངངསཤིང་སྐྲག་ནས་གནོད་སྦྱིན་དང༌། བདུད་དང༌། སྲིན་པོ་སོགས་སུ་བཏགས་ཏེ་་མི་མ་ཡིན་གྱི་གྲས་སུ་བརྩིས། ཚན་རིག་པ་ཁ་ཤས་ཀྱིས་གནོད་སྦྱིན་ནག་པོ་ནི་ཚོ་པ་ཆུང་ཆུངཞིག་གི་དཔོན་པོ་འདྲ་ཞེས་བཤད་པ་ཡང་མི་བདེན་ཏེ། དེ་ལྟར་ན་གནོད་སྦྱིན་ནི་རྒྱ་གར་བས་མིའི་ཚད་ལས་བརྒལ་བའི་སྟོབས་ཤུགས་ཅན་ཞིག་ཏུ་བརྩི་དགོས་དོན་མེད། དཔེར་ན། ལྷའི་གདོན་རྣམས་དང༌། ནས། གནོད་སྦྱིན་གྱི་གདོན་རྣམས་དང༌། ཞེས་དང༌། ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། ། གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང༌། ། ཞེས་པ་ལྟར་གྱི་བང་རིམ་བསྒྲིགས་ནས་འཇིག་རྟེན་ན་སྟོབས་ཆེ་ཤོས་ནི་ལྷ་དང༌། དེ་ནས་ཀླུ། དེ་ནས་གནོད་སྦྱིན་བཞག་པར་སྣང་ཞིང་། དེ་འདྲའི་གནོད་སྦྱིན་དེ་ནི་གཞན་སུ་ཡང་མིན་པར་བོད་ཁོ་ན་ཡིན་ཏེ། གནོད་སྦྱིན་ནི་བྱང་ཕྱོགས་སུ་ཡོད་པར་བཤད་ལ་དེ་ཡང་རྒྱ་གར་ནས་རྩིས་པ་དང༌། གནོད་སྦྱིན་ཕྱོགས་ནི་བྱང་ཕྱོགས་ཀྱི་མངོན་བརྗོད་ཀྱང་ཡིན། གནོད་སྦྱིན་དེ་དག་ལ་སྒོ་ཕྱུགས་གནག་ལུག་མང་པོ་ཡོད་པར་མཐོང་ནས་ནོར་ལྷ་ཡིན་པར་བསམ་སྟེ་མཚམས་རེ་རྒྱ་གར་བས་གནོད་སྦྱིན་ནི་ནོར་ལྷའི་གྲལ་དུའང་བཞག་མྱོང་ཡོད་པ་དང༌། ཁྱད་མཚར་བ་ཞིག་ལ་རྒྱ་གར་བས་གནམ་གྱི་དགུ་ཚིགས་ནི་གནོད་སྦྱིན་གྱི་ཁ་རླངས་རེད་ཅེས་ཟེར། གྲང་ངར་གྱི་ནང་དུ་ཁ་རླངས་ནི་དགུ་ཚིགས་ཀྱི་མདོག་ལྟར་ཡོད་པས་བོད་ས་མཐོའི་གྲང་ངར་གྱི་ནང་ནས་གནོད་སྦྱིན་མང་པོས་དུས་གཅིག་ཏུ་ཁ་རླངས་བཏང་བ་དགུ་ཚིགས་སུ་འགྱུར་གྱི་ཡོད་པ་རེད་བསམས་ནས་གནོད་སྦྱིན་གྱི་སྟོབས་ཤུགས་ལ་སྐྲག་སྣང་བྱེད། ཡང་། གནོད་སྦྱིན་ལག་ན་དབྱུག་པ་ཐོགས། ། ནོར་སྐྱོང་གདོན་གྱི་བདག་པོ་སྟེ། ། བྱང་ཕྱོགས་གདོན་གྱི་ཚོགས་བཅས་ལ། ། མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། ། ཞེས་ནོར་སྐྱོང་སྟེ་རྫི་བོའི་སྐད་དུའང་འབོད་ལ། མཆོད་པ་དང་བསྟོད་པ་དང་ཕྱག་འཚལ་བ་སོགས་བྱེད་དོ། ། གནོད་སྦྱིན་ནག་པོ་ཞེས་པ་ནི་སྦྲ་ནག་པོའི་ནང་བསྡད་པས་སམ། དོམ་ནག་གི་པགས་པའི་ང་ཁོ་གྱོན་པའམ་དེ་སྐབས་རེ་ལྡེའི་གོས་ཀྱང་གྱོན་སྲོལ་ཡོད་པས་ནག་པོའི་སྒྲ་སྦྱར་བ་ཡིན་གྱི། བོད་ཀྱི་ས་ལས་བརྒལ་ཏེ་སོང་ན་གནོད་སྦྱིན་གྱི་གྲིབ་མ་ཙམ་ཡང་རྙེད་མི་ཐུབ། ད་དུང་གནའ་བོའི་བོད་ལ་རྟ་ཧ་ཅང་འབེལ་པོ་ཡོད་ཅིང་དམག་དཔུང་ཐམས་ཅད་རྟ་དམག་ཡིན་པ་དང༌། དེ་བཞིན་གནའ་བོའི་རྒྱ་ནག་པས་ཐོན་སྐྱེད་གཙོ་བོ་གླང་ལ་བརྟེན་པ་དང་། རྒྱ་གར་ལྷོ་ཕྱོགས་སུ་མ་ཧེ་ལ་བརྟེན་པས། ། ཤར་ཕྱོགས་བརྒྱ་སྦྱིན་གླང་ལ་ཆིབས། ། ལྷོ་ཕྱོགས་གཤིན་རྗེ་མ་ཧེར་ཆིབས། ། བྱང་ཕྱོགས་གནོད་སྦྱིན་རྟ་ལ་ཆིབས། ། ཞེས་ཀྱང་གསུངས་སྣང་། གནོད་སྦྱིན་ནག་པོ་ཞེས་པ་ནི་མིང་འདོག་ལས་འོས་མེད་པས། མིང་དངོས་ནི་རྣམ་ཐོས་ལྟ་བུ་ཡིན་ཆོག་ལ། དེའི་བུ་ལ་རྣམ་ཐོས་ཀྱི་བུ་དང་རྣམ་ཐོས་ཀྱི་སྲས་ཞེས་བཤད་དམ་སྙམ་སྟེ། རྣམ་ཐོས་ཀྱི་བུ་ནི་གནོད་སྦྱིན་གྱི་དཔོན་ནམ་རྒྱལ་པོ་ཡིན་པར་བཤད་པའི་ཕྱིར་རོ། །རྒྱལ་རྩེ་རྫོང་ཁོངས་ན་གནོད་སྦྱིན་གངས་བཟང་ཞེས་པའི་གངས་རི་མཐོ་ཚད་ཕི་ཀྲི་༧༡༤༠ ལྷག་ཡོད་པ་དེ་གནོད་སྦྱིན་རྟ་བདག་བརྒྱད་ཀྱི་ནང་ནས་གནོད་སྦྱིན་གངས་བཟང་ཡིན་ཀྱང་ཟེར་མོད། སྐབས་དེར་རྒྱལ་ས་གངས་རི་དེའི་ཞོལ་ཞིག་ཏུ་ཡོད་དམ་སྙམ་སྟེ། རི་དེའི་མིང་གིས་བྱས་པའི་གནོད་སྦྱིན་དང༌། གངས་བཟང་གི་བཟངགིས་བརྡས་དྲངས་ནས་ཇི་ཙམ་ཁྱབ་པའི་མངའ་ཁོངས་ལ་བཟང་ཡུལ་ཞེས་ཐོགས་སམ་སྙམ་སྟེ་དཔྱད་པར་བྱ་བའི་གནས་སོ། ། ད་ནི་གནོད་སྦྱིན་ནག་པོའི་རྒྱལ་རྒྱུད་ཀྱི་སྲིད་དབང་རིང་མཐར་ཇི་ཙམ་གནས་ཡོད་མེད་ཤོད་པར་དཀའ་ཡང་། ཉུང་མཐར་ལོ་ངོ་བརྒྱ་ཕྲག་ཁ་ཤས་གནས་པར་དཔོག་ཐུབ་སྟེ། ཡུད་ཙམ་ཞིག་གིས་གནོད་སྦྱིན་ཞེས་ཧ་ཅང་སྐད་གྲགས་ཆེན་པོ་དེ་ལྟ་བུར་འབྱུང་བ་དཀའ་བའི་ཕྱིར་རོ། །གནོད་སྦྱིན་ནག་པོའི་རྒྱལ་རྒྱུད་ཀྱི་སྲིད་དབང་ཉམས་པ་ན། སླར་ཡང་འཛམ་གླིང་ན་དེ་ལས་ཀྱང་སྙན་གྲགས་ཆེ་བའི་རྒྱལ་ཁབ་ཅིག་བྱུང་བར་རྒྱལ་པོའི་མིང་ལ་རེ་ཏི་མགོ་ཡག་དང༌། སྲས་མོའི་མིང་ལ་དྲི་ལྡན་མ་ཞེས་ཟེར། རྒྱལ་པོ་དེ་ལ་ལྷག་པར་མཚོན་ཆ་ཆུ་གྲི་དང༌། མདུང་རིང༌། དགྲ་སྟ། ཐོ་རིལ། སྟ་རེ་ཡུ་རིང་སོགས་ཐོགས་པའི་དམག་གི་དཔུང་ཆེན་པོ་ལུས་ལ་རེ་ལྡེའི་གོས་དང༌། མགོ་དང་མཚོན་ཆའི་སྐེད་པར་བལ་དང་རྔ་མ་ལ་ཙག་བྱུགས་པས་བརྒྱན་ཏེ་རྔམས་ཟིལ་ཆེ་ལ་དམར་ཟིང་ངེ་བ་ཞིག་ཡོད་དེ། དེང་སང་ཡང་རྒྱ་དཀར་ནག་སོགས་ཀྱིས་བདུད་ཀྱི་ལྟད་མོ་འཁྲབ་དུས་གྱོན་པ་ནག་པོ། དགྲ་སྟ་ཐོགས་པ་དམར་ཟིང་ངེ་བ་ཞིག་བྱེད་སྲོལ་ཡོད་པ་ཡང་སྔར་བོད་ཀྱི་བདུད་དམག་དེ་དག་གི་ཆ་ལུགས་ལའང་སྐྲག་ཐག་ཆོད་པའི་བག་ཆགས་ཀྱི་ལྷག་མ་ད་དུང་ལུས་པ་ཞིག་ལོས་ཡིན་སྙམ། ཡང་ན་རེ་ཏི་མགོ་ཡག་ནི། དང་ཐོག་གནོད་སྦྱིན་ནག་པོའི་མངའ་ཁོངས་ཀྱི་ཚོ་པ་ཞིག་གམ་བློན་པོ་ཞིག་ཡིན་ལ། རང་གི་རྒྱལ་པོ་ལ་ངོ་ལོག་བརྒྱབ་ནས་སྲས་མོ་དྲི་ལྡན་མའི་དཔུང་གིས་ཡང་ཡང་དམག་འཁྲུག་བསླངས་པ་ལ་བརྟེན་ནས་སྲིད་དབང་ཐོབ་པ་ཞིག་ཡིན་ནམ་ཡང་སྙམ་སྟེ། འདིའི་སྲས་མོ་དང་གནོད་སྦྱིན་ཀྱི་རྒྱལ་པོ་གཉིས་དམག་འཁྲུག་བྱས་པའི་ལོ་རྒྱུས་ཤིག་ཀྱང་ཡོད་འདུག་པའི་ཕྱིར་རོ།། (འདི་དག་དམག་འཁྲུག་བྱས་པའི་གཏམ་རྒྱུད་རིག་བྱེད་ཀྱི་སྒྲུང་འདྲ་པོ་ཞིག་བླ་མ་འགའི་ཞལ་ལས་ཐོས་མྱོང་ཡང་མཐོང་མ་མྱོང༌། གལ་སྲིད་དེ་འདྲ་ཞིག་མཐོང་ན་བོད་ཀྱི་གནའ་བོའི་ལོ་རྒྱུས་ལ་དཔྱད་གཞིའི་རིན་ཐང་འགངས་ཆེར་ལྡན་ཡོད་པར་ཐེ་ཚོམ་མེད།) གང་ལྟར་འཛམ་གླིང་འདིའི་ཐོག་ལྷོ་འདུལ་བྱང་འཐབ་ཀྱི་དམག་འཁྲུག་ཐམས་ཅད་ནང་སུས་ཀྱང་འགྲན་ཟླ་མེད་པས་ཀུན་གྱིས་རྦད་དེ་བདུད་དུ་རྩིས་ནས་འཐབ་པའི་རེ་བ་ལྟ་བཞག་མིང་ཙམ་ཐོས་པས་སྐྲག་སྣང་བྱེད་དགོས་པ་ཞིག་ཏུ་གྱུར། ལྷག་པར་སྲས་མོ་དྲི་ལྡན་མས་དམག་གི་དམག་དཔོན་བྱས་ཏེ་འཛམ་གླིང་ཤར་ནུབ་ཀུན་ཏུ་དམག་བཀྱེས་ཏེ་འཐབ་ན་མི་རྒྱལ་བ་མེད་པའི་རྒྱལ་ཁ་བསྟུད་མར་བླངས་པས་སྙན་པའི་གྲགས་པ་ཕྱོགས་བཅུར་ཁྱབ་སྟེ་དམག་ཟོར་རྒྱལ་མོ་ཞེས་པའི་མཚན་གསོལ། འདི་ལྟར་བཤད་པ་ན་འཆར་ཡན་གྱི་རྟོག་པའི་བག་ཆགས་ཤུགས་ཆེར་ལྡན་ཞིང་། ལྷ་འདྲེ་གདོན་བགེགས་རྣམས་ནི་འཇིགས་སྐྲག་གི་བསམ་བློས་ཕར་བཏགས་པ་ཞིག་མིན་པར་ཚུགས་ཐུབ་ལིང་ངེ་བ་ཞིག་འཛིན་པ་དག་གིས་དམོད་པ་དང་ཁྲེལ་རྒོད་སོགས་བྱེད་སྲིད་མོད། ལེགས་པར་བསམས་ན་བསྐལ་པ་ཡ་ཐོག་གི་བུད་མེད་གྲགས་ཅན་ཐམས་ཅད་ཀྱི་ཆེ་བ་ལྷ་མོ་འདིའི་སྟེང་དུ་བསྡུས་ནས་བཤད་ཡོད་པ་སྟེ། ལྷ་ཀླུའི་ཡུལ་ན་གྲགས་ཆེ་བ་བརྒྱ་སྦྱིན་གྱི་བུ་མོ་ཡིད་འོང་མ་དང༌། གཙུག་ནའི་བུ་མོ་ནོར་འཛིན་མ། རྒྱ་བོད་ཧོར་གསུམ་ན་གྲགས་ཆེ་བ་གནོད་སྦྱིན་གངས་བཟང་གི་བུ་མོ་གཟི་ལེགས་མ་དང༌། (འདི་གནོད་སྦྱིན་ནག་པོའི་རྒྱལ་རྒྱུད་ཅིག་གི་སྲས་མོ་ཡིན་ནམ་སྙམ་) རེ་ཏི་མགོ་ཡག་གི་སྲས་མོ་དྲི་ལྡན་མ། རྒྱ་གར་ན་གྲགས་ཆེ་བ་དགའ་བྱེད་ཀྱི་ཆུང་མ་སི་ཏུ་མ་སྟེ། སྲིན་པོའི་གཙོ་མོ་མཛད་ཙ་ན། ། ཞབས་ལ་ལྕགས་སྒྲོགས་རྒྱན་དུ་བྱས། ། ཞེས་དོན་ལ་སྲིན་པོས་བཙོན་དུ་བཟུང་བ་ཞིག་ཡིན་ཡང༌། སྲིན་པོའི་གཙོ་མོ་མཛད་ཙ་ན། །ཞེས་རབ་བཏགས་ཀྱིས་བསྟོད་པ་བཞིན་ནོ། ། ད་དུང་དེའི་འོག་ཏུའང་དེ་དག་དང་འདྲ་བར་སྲིན་རྒྱལ་གཉའ་རེངས་ཁྲག་མིག་ནས་མ་སང་གི་བར་དུ་བྱུང་ལ། དེ་ནས་རྒྱལ་ཕྲན་བཅུ་གཉིས་དང་སིལ་མ་བཞི་བཅུ་ལྷག་གྱེས་ནས་བོད་སིལ་བུར་ཐེངས་དང་པོ་དེ་འཐོར་བ་ཡིན་ནོ། ། དེ་ལ་སིལ་མ་བཞི་བཅུ་ནི་ལོ་རྒྱུས་རྣམས་སུ་བགྲང་ཚུལ་མི་འདྲ་བ་འགའ་མཆིས་ཀྱང༌། འདིར་ཏུན་ཧོང་ཡིག་ཆ་ནང་བཀོད་པ་ལྟར་བགྲང་ན། རྒྱལ་པྲན་(ཕྲན་)ཡུལ་ཡུལ་ན། མཁར་བུ་རེ་རེ་ན་གན་སྟེ། རྒྱལ་པྲན་(ཕྲན་)བགྱིད་པ་དང༌། རྒྱལ་ཕྲན་གྱི་བློན་པོ་བགྱིད་པའི་རང་(རབས་)ལ། ཞང་ཞུང་ངར་པའི་རྗེ་(རྗེ་)། བོ་ལིག་སྙ་ཤུར། བློན་པོ་ཁྱུང་པོར་སངས་རྗེ་དང༌། སྟོང་ལོམ་མ་ཙེ་གཉིས། མྱང་རོའི་པྱེན་(ཕྱེད་)ཀར་ན། རྗེ་རྩང་རྗེའི་ཐོད་ཀར། བློན་པོ་སུ་རུ་དང་གནང་གཉིས། ཡུལ་གནུབས་ཀྱི་གླིང་དུག་ན། རྗེ་གནུབས་རྗེའི་སྲིས་པ། བློན་པོ་རྨེའུ་དང་གྲོ་གཉིས། ཡུལ་མྱང་རོའི་ཤམས་པོ་ནི། རྗེ་ལོ་ངམ་གྱི་བྲོམ་ཚ། བློན་པོ་མྱ་དང་བྲེ་གཉིས། ཡུལ་སྐྱི་རོའི་ལྗང་སྔོན་ན། རྗེ་ཀྱི་རྗེའི་མང་པོ། བློན་པོ་ཤེའུ་དང་སུག་གཉིས། ཡུལ་ངས་པོའི་ཁྲ་གསུམ་ན། རྗེ་དགུག་གྲི་འི་ཟིང་པོ་རྗེ། བློན་པོ་མགར་དང་གཉན་གཉིས། ཡུལ་དབྱེ་རོ་ཡུལ་བཞི་ན། རྗེ་དབྱི་རྗེ་འི་མཁར་པ། བློན་པོ་དབོ་དང་རྡུག་གཉིས། ཡུལ་འོ་ཡུལ་གཡི་སྤང་ཀར་ན། རྗེ་འོ་རྗེའི་ཟིན་བྲང་ཚ། བློན་པོ་རྔོ་དང་དབའས་གཉིས། ཡུལ་རྔེགས་ཡུལ་གྱི་གྲུ་བཞི་ན། རྗེ་རྔོག་རྗེའི་ལ་བྲང༌། བློན་པོ་སས་པ་དང་མྱང་ནད་གཉིས། ཡུལ་ཀླུམ་རོའི་ཡ་སུམ་ན། རྗེ་ནམ་པའི་བུ་གསེང་ཏི། བློན་པོ་མྱང་དང་སྦྲང་གཉིས། ཡུལ་སྲིབས་ཡུལ་གྱི་རལ་མོ་གོང་ན། རྗེ་དྲང་རྗེའི་རྣོལ་ནམ། བློན་པོ་ཞུག་ཚམས་དང་དབྲད་གཉིས། ཡུལ་ཀོང་ལ་བྲེ་སྣར་ན། རྗེ་ཀོང་རྗེའི་དཀར་པོ། བློན་པོ་མཁར་པ་དང་ཕ་དྲུག་གཉིས། ཡུལ་མྱང་ཡུལ་གྱི་རྟ་གསུམ་ན། རྗེ་མྱང་ཙུང་སླང་རྒྱལ། བློན་པོ་འོ་རུ་དང་སྤྲགས་གཉིས། ཡུལ་དྭགས་ཀྱི་གྲུ་བཞི་ན། རྗེ་དྭགས་རྒྱལ་གྱི་སྤྲོག་ཟིན། བློན་པོ་ཕོ་གུ་དང་པོག་རོལ་གཉིས། ཡུལ་མཆིམས་ཡུལ་གྱི་དགུའ་ཡུལ་ནའ། རྗེ་མཆིམས་རྗེའི་ནེ་འུ། བློན་པོ་དང་དང་དིང་དི་གཉིས། ཡུལ་སུམ་ཡུལ་གྱི་ཡ་སུམ་ནའ། རྗེ་འབས་ལྗི་མང་རུ་ཏི། བློན་པོ་རླང་དང་ཀམ་གཉིས། ཡུལ་འབྲོག་མོ་རྣམ་གསུམ་ནའ། རྗེ་སེ་རི་ཁྲི། བློན་པོ་སྐྱང་རེ་གནག ཞེས་གསལ་བ་ལྟར་རོ། །དེ་ལྟ་ན་བོད་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་གནང་མཁན་ཚོས། སྤུར་རྒྱལ་གཉའ་ཁྲི་མན་ཆད་ཀྱི་ལོ་རྒྱུས་ཙམ་གྱིས་ཚིམ་པར་མ་གནང་བར། དེའི་གོང་གི་བོད་ཀྱི་བྱུང་རིམ་ལའང་ཞིབ་ཏུ་གཟིགས་ཏེ། ཆོས་མགོ་སངས་རྒྱས་དང་། ཆུ་མགོ་གངས་ཀྱི་དཔེ་ལྟར། བོད་རང་གི་མི་རྒྱུད་གང་ལ་ཐུག་པའི་སྐོར་ཚུན་ཆད་ནས་ཞིབ་ཏུ་དཔྱད་པར་མཛོད་ཅིག་ཅེས་ཀྱང་བསྐུལ་ལོ། ། གདོད་མའི་སྤྲ་དང་སྤྲེའུ་ལས་ཆད་པའི།། གདུང་དྲུག་མེས་པོའི་ཕ་ས་ཡངས་པོ་འདི།། གཏུམ་དྲག་དཔའ་བོའི་རྩལ་ལྡན་མངའ་མཛད་བཅུས།། བཟུང་བའི་གཏམ་རྒྱུད་མདོ་རྒྱུད་གཞུང་ནའང་གསལ།། སྟག་སེང་ཁྱུང་འབྲུག་ལྟ་བུ་གཏུམ་པོའི་ཁྱུ།། གཅིག་ཏུ་འདུ་བའི་ཐབས་ཚུལ་ཆེས་དཀའ་བས།། སླར་ཡང་སིལ་མ་བཞི་བཅུ་འཐོར་བ་ཡི།། ཞིང་འདིའི་འགྱུར་འགྲོས་དབྱར་མཚོའི་རླབས་བཞིན་འཁྲུགས།།ཞེས་ཀྱང་སྨྲས་སོ།།

(༥) བོད་ཀྱི་རྒྱལ་རབས་རིམ་པར་བྱུང་ཚུལ། རང་རེའི་རྒྱལ་རབས་རྣམས་སུ་གནམ་གྱི་ཁྲི་བདུན་དང་། སྟོད་ཀྱི་སྟེང་གཉིས། ས་ཡི་ལེགས་དྲུག རྒྱལ་པོ་ལྡེ་བརྒྱད། བར་གྱི་བཙན་ལྔ་། གཉན་བཞི། སྨད་ཀྱི་བཙན་དགུ་ལྷ་སྲས་དར་མ་བསྣན་པས་བཅུ་སྟེ། སྔ་ཕྱི་རྒྱལ་ཐོག་བཞི་བཅུ་ཞེ་གཉིས་ཀྱིས་མི་ལོ་བརྒྱད་བརྒྱ་ལྷག་བོད་འདི་དབང་བསྒྱུར་བྱས་པ་ཡིན་ཞིང་། དེ་དག་ལས་དང་པོ་གནམ་གྱི་ཁྲི་བདུན་ནི། ༡ གནམ་གྱི་ཁྲི་བདུན། དེ་ཡང་གནམ་གྱི་ཁྲི་བདུན་ནི། གཉའ་ཁྲི་བཙན་པོ། མུ་ཁྲི་བཙན་པོ། དིང་ཁྲི་བཙན་པོ། སོ་ཁྲི་བཙན་པོ། མེར་ཁྲི་བཙན་པོ། གདགས་ཁྲི་བཙན་པོ། སྲིབ་ཁྲི་བཙན་པོ་བཅས་ཡིན་ལ། ས་སྐྱ་གྲགས་པ་རྒྱལ་མཚན་སོགས་ལོ་རྒྱུས་སྨྲ་བ་འགའ་ཞིག་གི་བཤད་པ་ལྟར་ན། གཉའ་ཁྲི་བཙན་པོ་དེང་ཁྲི་བཙན་པོ་དང༌། ། མུ་ཁྲི་བཙན་པོ་སྲིབ་ཁྲི་བཙན་པོ་དང་། ། གདགས་ཁྲི་བཙན་པོ་ཁྲི་ཡེས་བཙན་པོ་དང༌།། གྲི་གུམ་བཙན་པོ་གནམ་གྱི་ཁྲི་བདུན་ཡིན། །ཞེས་དང་། ཆོས་འབྱུང་མེ་ཏོག་སྙིང་པོ་ལས། རྗེ་གཉའ་ཁྲི་བཙན་པོའི་སྲས། ། མུ་ཁྲི་བཙན་པོ་དེ་ཡི་སྲས། ། དེང་ཁྲི་བཙན་པོ་དེ་ཡི་སྲས། ། སོ་ཁྲི་བཙན་པོ་དེ་ཡི་སྲས། ། ཁྲི་ཡེས་བཙན་པོ་བྱ་བ་སྟེ། ། དེའི་སྲས་ཁྲི་ཡེར་བྱ་བ་ཡིན། ། དེ་ལ་གྲི་གུམ་བཙན་པོ་འཁྲུངས། ། དེ་ཚོ་གནམ་གྱི་ཁྲི་བདུན་ཡིན། ། ཞེས་པ་ལྟར། བོད་རྗེ་ཐོག་མ་གཉའ་ཁྲི་བཙན་པོ་དང་། དེའི་སྲས་མུ་ཁྲི་བཙན་པོ། དེའི་སྲས་དེང་ཁྲི་བཙན་པོ། དེའི་སྲས་སོ་ཁྲི་བཙན་པོ། དེའི་སྲས་གདགས་ཁྲི་བཙན་པོ། དེའི་སྲས་ཁྲི་དེང་བཙན་པོ། དེའི་སྲས་གྲི་གུམ་བཙན་པོ་སྟེ་བདུན་ལ་གནམ་གྱི་ཁྲི་བདུན་ཞེས་བྱ་ཞིང་། གོང་འོག་ལུང་གཉིས་ལས་འགའ་ཞིག་མིང་མི་འདྲ་བ་ཙམ་མ་གཏོགས་དོན་གཅིག་ཡིན་ནོ། །རྒྱལ་རབས་བདུན་པོ་འདི་དག་ལས་གྲི་གུམ་བཙན་པོ་མ་གཏོགས་པ་གཞན་རྣམས་གཤེགས་པའི་སྐབས་ནམ་མཁའ་ནས་གནམ་གྱི་རྨུ་ཐག་བསྲིངས་ཏེ་ནམ་མཁའ་ལ་འགྲོ་བར་བཤད་ནས་སྐུ་སྤུར་མཐོང་རྒྱུ་མ་བྱུང་བས་གནམ་གྱི་ཁྲི་བདུན་ཞེས་གྲགས་པ་ཡིན་ནོ། །ཞེས་ཆབ་སྤེལ་བ་སོགས་ཕྱིས་ཀྱི་ལོ་རྒྱུས་སྨྲ་བའི་མཁས་པ་ཚོས་ཡིག་ཆ་དུ་མའི་ཁུངས་བགྲངས་ནས་བཤད་ཚུལ་འདི་ཉིད་རྩ་འཛིན་བྱས་ཏེ་གནམ་གྱི་ཁྲི་བདུན་དང་ས་ཡི་ལེགས་དྲུག་ཅེས་བགྲངས་འདུག །འདིར་བཤད་ཚུལ་ཅུང་ཟད་གྲགས་ཆེ་བའི་ལུགས་སུ་བྱས་ནས་འཆད་ན། བོད་རྗེ་དང་པོ་གཉའ་ཁྲི་བཙན་པོ། འདིར་རང་རེའི་རྒྱལ་རབས་རིམ་བྱུང་གི་ཐོག་མའི་མེས་པོ་གཉའ་ཁྲི་བཙན་པོ་མི་རྒྱུད་གང་ལས་ཆད་པའི་སྐོར་ཅུང་ཟད་དཔྱད་པར་འདོད་དེ། དེ་ཡང་བོན་གྱི་ལོ་རྒྱུས་སྨྲ་བ་ཚོས་གཉའ་ཁྲི་བཙན་པོའི་ཐོག་མའི་འབྱུང་ཁུངས་ནི་གནམ་རིམ་པ་བཅུ་གསུམ་གྱི་གོང་ནས་མི་ཡུལ་དུ་བབ་པར་བཤད་ཅིང་། ཤུཀྱའི་ཆོས་ལུགས་སྨྲ་བ་ཁ་ཅིག་གིས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་བུ་སྔ་ཚིགས་ཡིན་ཟེར། ཁ་ཅིག་གཟུགས་ཅན་སྙིང་པོའི་སྲས་ཆུང་བ་སྟོབས་ཆུང་གི་སྲས་སྔ་ཚིགས་ཡིན་ཟེར། ཁ་ཅིག་འཆར་བྱེད་ཀྱི་བུ་ཡིན་ཟེར་བ་དང་། རྒྱ་ནག་གི་ལོ་རྒྱུས་སྨྲ་བ་ཁ་ཅིག་གིས་འཇང་གི་རིགས་ལས་ཆད་པ་ཡིན་ཟེར། གོང་གསལ་བཤད་པ་དེ་དག་ནི། རང་རང་གི་ཆོས་ལུགས་དང་ལྟ་གྲུབ་ཅིག་རྨང་གཞིར་བཞག་ནས་དེ་དང་ཉེ་ཕྱོགས་སྒྲུབ་གང་ཐུབ་བྱས་པ་མ་གཏོགས། དོན་དངོས་དང་མཐུན་པའི་ལོ་རྒྱུས་ཀྱི་རྐང་འཛིན་བྱེད་ས་ཤིན་ཏུ་དཀའ་བར་སྙམ། དེ་ཡང་བོན་གྱིས་ནམ་མཁའ་ལྷར་བརྩིས་ཏེ་གཉའ་ཁྲི་ལྷ་ལས་བྱུང་བར་སྒྲུབ་འདོད་པ་དང་། བ}[༨་ཚོས་ནང་ཆོས་ཀྱི་ཁུངས་རྒྱ་གར་དུ་ཐུག་པས་གཉའ་ཁྲི་ཡང་མི་རྒྱུད་རྒྱ་གར་བར་སྒྲུབ་གང་ཐུབ་བྱས་པ་ལས། དོན་དངོས་ཀྱི་ལོ་རྒྱུས་དང་མི་རིགས་རང་གི་གཟི་བརྗིད་ཀྱི་ཆེ་བ་འདོན་ཐབས་གང་ཡང་བྱས་མེད་པས། དེ་དག་ལོ་རྒྱུས་དང་མཐུན་པའི་འགྲེལ་བཤད་འཐུས་ཚང་ཞིག་ཡིན་ཞེས་བཤད་པར་མི་སྤོབས་ཏེ། གོང་གི་རྒྱ་གར་གྱི་རྒྱལ་བུ་དེ་དག་གི་ཡབ་རྣམས་སྟོན་པ་ཤུཀྱ་ཐུབ་པ་དང་དུས་ཐོག་མཉམ་པར་མ་ཟད། སྟོན་པ་བདེ་བར་མ་གཤེགས་པའི་སྔོན་ནས་གཤེགས་ཟིན་ཅིང་། གཉའ་ཁྲི་ནི་སྟོན་པའི་འདས་ལོ་ཤིན་ཏུ་ཉུང་བའི་ལུགས་ཉན་ཐོས་སྡེ་བའི་འདོད་པ་ལྟར་རྩིས་ནའང་མི་ལོ་བཞི་བརྒྱ་ལྷག་གིས་ཆད་པས་རྒྱལ་པོ་དེ་དག་གི་བུ་རྣམས་མི་ཚེ་རིང་པོ་དེ་འདྲ་སྡོད་པར་སུ་ཞིག་གིས་ཡིད་ཆེས་བྱེད་ནུས། རྒྱུ་མཚན་འདི་དང་འདི་ལས་གཞན་པ་འགའ་ཞིག་གི་སྒོ་ནས་དཔའ་བོ་གཙུག་ཕྲེང་པས་ཀྱང་འདོད་ཚུལ་དེ་དག་ལ་དགག་པར་གནང་འདུག་པ་ནི་རྒྱུ་མཚན་དང་ལྡན་པའི་དགག་པ་ཞིག་ཡིན་ནོ། ། གཉའ་ཁྲི་འཇང་གི་མི་རྒྱུད་དུ་འདོད་པ་དག་གི་ལོ་རྒྱུས་ཀྱི་གཞི་འཛིན་བྱེད་ས་ནི། ཐང་ཧྲུའུ་རྙིང་མ་ཡིན་ཞིང་། དེའི་ནང་དུ་ཐུ་བྷད་ཅེས་པ་ནི་ཁྲང་ཨན་ནུབ་ཕྱོགས་ཀྱི་ལེ་དབར་བརྒྱད་སྟོང་གི་སར་མཆིས་ཤིང་། མ་གཞི་ས་ཆ་དེ་ནི་ཧན་རྒྱལ་རབས་ཀྱི་དུས་སུ་འཇང་ནུབ་མའི་མངའ་རིས་ཡིན་པ་དང་། དེའི་རིགས་རྒྱུད་དང་ཚོ་པ་དག་གི་འབྱུང་ཁུངས་ནི་མ་ངེས་ཀྱང་། ཁ་ཅིག་གིས་ལན་ནན་ལེང་གི་ཐུའུ་རྒྱཔྲ་ལི་ལོའུ་ཀུའུ་ཞེས་པའི་རྒྱུད་པ་ཡིན་ཟེར། ལི་ལེའུ་ཀུའུ་ལ་སྲས་གཅིག་བྱུང་བར་འཕན་མྱི་ཟེར་ཞེས་བྱ། དེ་དག་མཉམ་དུ་གུད་ནས་འཁོར་ལྷག་མ་རྣམས་འཁྲིད་དེ་ནུབ་ཕྱོགས་སུ་བྲོས། རྨ་ཆུ་བརྒལ། རི་བོ་ཅི་ཧྲི་རྒྱུད་འཇང་གི་ས་ཆ་ལ་རྒྱལ་ཁབ་ཅིག་བཙུགས་པ་དང་། འཕན་མྱི་དེ་རང་བཞིན་བཟང་བས་འཇང་པ་རྣམས་ཀྱིས་བཀུར་ཞིང་འབངས་སུ་གྱུར་པ་དང། དེ་ནས་འཕན་མྱི་རང་གི་རུས་སྤུར་རྒྱལ་བྱས་ཤིང་རྒྱལ་ཁབ་ཀྱི་མིང་ཐུ་རྒྱཔྲ་རྒྱཔྲ་་བྱ་བར་བཏགས། ཕྱིས་ཐུ་རྒྱཔྲ་་ཞེས་པ་སྒྲ་འགྱུར་ཏེ་ཐུ་བྷད་དུ་ཆགས་སོ། ཞེས་པ་འདི་ཉིད་ཡིན། ཡང་རྒྱ་ནག་གི་ལོ་རྒྱུས་ཚད་ལྡན་གཞན་དང་གཞན་དུ་འཕན་མྱི་འཁོར་བཅས་འཇང་གི་ཡུལ་དུ་བྲོས་པ་ནི་སྤྱི་ལོ་(༤༡༤) དུས་རབས་ལྔ་པའི་དུས་འགོར་ཡིན་ཞིང་། གཉའ་ཁྲི་བྱོན་ལོ་ཉུང་མཐའི་འདོད་པ་ལྟར་བཀོད་ནའང་སྤྱི་ལོ་མ་ཚུགས་གོང་གི་སྔོན་༡༢༧ ནས་ཡིན་པས་དེ་གཉིས་བར་མི་ལོ་ཧྲིལ་པོ་ལྔ་བརྒྱ་ལྷག་གིས་ཁྱད་པར་ཡོད་སྟབས། གཉའ་ཁྲི་འཕན་མྱི་དང་གཅིག་ཏུ་སྒྲུབ་པ་ནི་ཁྱིའི་ཡ་མགལ་དང་སེང་གེའི་མ་མགལ་གཉིས་ཨུ་ཚུགས་ཀྱིས་སྦྱོར་བ་ཙམ་ལས་དངོས་ཡོད་ཀྱི་ལོ་རྒྱུས་དང་དངོས་སུ་འགལ་བ་ཡིན་ནོ། ། འོ་ན་གཉའ་ཁྲི་བཙན་པོ་མི་རྒྱུད་གང་ལས་བྱུང་བ་ཡིན་ཞེ་ན། གཉའ་ཁྲི་བཙན་པོ་ནི་བོད་རང་གི་བརྒྱུད་ནས་ཆད་པའི་བོད་པ་གཙང་མ་གཙང་རྐྱང་ཞིག་ཡིན་ཞེས་སྨྲ་བར་བྱེད་དེ། འདི་ནི་དོན་དངོས་དང་འབྲེལ་བའི་ལོ་རྒྱུས་ཀྱི་གཞི་འཛིན་ས་རི་བོ་ལས་དཔངས་མཐོ་ཞིང་ཆུ་བོ་ལས་རྒྱུན་རིང་བ་ཞིག་ཡིན་ཏེ། འདིར་ཁ་གསལ་དོན་ཟབ་པའི་ཁུངས་ལུང་སྙིང་བསྡུས་འགའ་ཞིག་འགོད་པར་སྤྲོ་སྟེ། འབེལ་གཏམ་ལུང་གི་སྙིང་པོར་ཏུང་ཧོང་ལས་ཐོན་པའི་བོད་ཀྱི་གནའ་རབས་ཡིག་ཆ་དྲངས་པ་ལས། ཡུལ་དང་མཁར་དུ་བཅས་པའང། སོ་སོ་བོན་བཞི་ལས། སྤུར་རྒྱལ་བོན་གྱི་བཙན་པོ་ལྡེའུ་རྒྱལ་པོ་བོད་རྒྱལ་བྱུང་སྟེ། ལ་ལ་ནི་གཅེར་ནས་ནི་རྒྱལ་ཕྲན་བཅུ་གཉིས་ལ་གཏོགས་ཤེས་ཀྱང་མཆི། མི་གཏོགས་ཤེས་ཀྱང་མཆི། ཞེས་གསལ་བ་འདིས་གཉའ་ཁྲི་བཙན་པོ་སོ་སོ་བོན་བཞི་ལས་བྱུང་བ་ཐག་བཅད་འདུག་ཅིང༌། རྒྱལ་ཕྲན་བཅུ་གཉིས་ཀྱི་ཁུངས་སུ་གཏོགས་མིན་ཇི་ལྟར་ཡང་བོད་མི་བཀྲུས་ན་མི་དག་པ་ཞིག་ཡིན་པ་གསལ་བཤད་བྱས་ཡོད་ལ། རྒྱལ་ཕྲན་བཅུ་གཉིས་ཀྱི་ཁོངས་སུ་མ་གཏོགས་པའི་དབང་དུ་བཏང་ནའང་བོད་པ་མ་ཡིན་པར་མི་འགྱུར་ཏེ་ད་དུང་སིལ་མ་བཞི་བཅུ་སོགས་ཀྱི་ཁོངས་སུ་གཏོགས་མི་ཆོག་པའི་རྒྱུ་མཚན་མེད་པས་སོ། ། ད་དུང་ལོ་རྒྱུས་དེ་བས་ཁ་གསལ་བ་ཞིག་ལ། ལྡེའུ་ཆོས་འབྱུང་ལས། ཡུལ་སྤུ་བོའི་ཡུལ་ནས་སྤུའི་མི་མོ་བཙུན་བྱ་བའི་རུམ་ནས་ཐེ་རང་སྤུན་དགུ་སྐྱེས་པའི་ཆུང་བདག་ཐེ་རང་མ་སྙ་ཨུ་བེ་ར་བྱ་བ། ལྕེས་གདོང་གི་དཀྱིལ་འཁོར་ཁེབས་པ། ཕྱག་སོར་དྲ་བས་འབྲེལ་བ། ཤིན་ཏུ་གདུག་རྩུབ་དང་ནུས་མཐུ་ཆེ་བ་ཞིག་བྱུང་བས། འདི་ཐུ་དྲགས་བཤུགས་སྤྱུགས་དགོས་ཟེར་ནས་སྤུ་བོའི་ཡུལ་གྱི་བན་བོན་ནུས་མཐུ་ཅན་རྣམས་ཀྱིས་ཐེ་རང་སྐྱས་འདེབས་བྱས་ནས། བོད་དུ་བཤུགས་པ་ལ་དེར་བོད་ཀྱི་མི་རྗེ་འཚོལ་བ་དང་ཕྲད་ནས། ཁྱོད་ཅི་འདྲ་ཡིན། ཞེས་པས། ང་སྤུ་བོའི་ཡུལ་གྱི་མི་ཞིག་ཡིན། ཟེར་བས། འོ་ན་ཕྱག་སོར་དང་ལྕེ་ངོ་མཚར་ཆེ་བ་ཞིག་འདུག་པ་ཁྱོད་ལ་ནུས་མཐུ་འདྲ་བ་ཅི་ཡོད། བྱས་པས། ཁོ་ན་རེ་ནུས་མཐུ་དང་རྫུ་འཕྲུལ་ཆེ་དྲགས་ནས་བཤུགས་པ་ཡིན་ཟེར། འོ་ན་ངེད་ཀྱི་རྗེར་བཅོལ་ལོ་བྱས་ནས་གཉའ་བའི་ཁྲི་ལ་བླངས། འདི་རྗེ་གཉའ་ཁྲི་བཙན་པོ་ཡིན་བྱས་ནས་རྗེ་བཅོལ་བའི་ལོ་རྒྱུས་གདའ་སྟེ། དེ་ནི་རྗེའི་རྔན་ནམ་འཚང་ལགས་སོ། །ཞེས་དང་། ལྕང་གླང་པ་རོལ་བའི་རྡོ་རྗེས་མཛད་པའི་ཡུམ་བུ་བླ་སྒང་གི་དཀར་ཆག་ལས། སྔར་སྤུ་བོའི་ཡུལ་ན། བྱ་མོ་བཙུན་བྱ་བའི་མངལ་ནས་ཐེ་རང་སྤུན་དགུ་སྐྱེས་པའི་ཆུང་མཐར་ཨུ་བེ་ར་བྱ་བ། བཞིན་གྱི་དཀྱིལ་འཁོར་ལེགས་པ། ཕྱག་སོར་དྲ་བས་འབྲེལ་བ། ཤིན་ཏུ་མཐུ་ཆེ་བས་ཡུལ་མི་ཀུན་ཀྱིས་སྤྱུགས་ཏེ་བོད་དུ་བྱོན་པའི་ཚེ། བོད་རྣམས་རྗེ་བོ་འཚོལ་བ་དང་བྱང་ལམ་གཡའ་ལེ་གོང་དུ་ཕྲད་པས། ཁྱོད་སུ་ཡིན་གང་ནས་འོངས་དྲིས་པས། ང་སྤུ་བོའི་ཡུལ་ནས་འོང་། ད་བོད་དུ་འགྲོ་བྱས་པས། འོ་ན་ཁྱོད་ལ་ནུས་པ་ཅི་ཡོད་ཟེར། དེ་ན་རེ། ང་ནུས་མཐུ་ཆེ་བས་ཡུལ་མི་ཀུན་གྱིས་སྤྱུགས་པ་ཡིན་ཟེར། འོ་ན་ཁྱོད་ཀྱིས་བོད་ཀྱི་རྗེ་ཨེ་ནུས་བྱས་པས། ཁྱོད་རང་རྣམས་ཀྱི་གཉའ་བར་ཁྲི་ལ་བཏེག་ཅིག་དང་མཐུ་སྟོབས་རྫུ་འཕྲུལ་བདེན་མིན་ལྟ་ཟེར་བ་དང་། དེར་ཇི་ལྟར་གསུང་པ་བཞིན་གཉའ་བར་བཏེགས་ནས་རྗེ་རུ་ཁུར་བས་མཚན་ཡང་གཉའ་ཁྲི་བཙན་པོར་ཐོགས། ཞེས་དང་། གཉའ་ཁྲི་སྤུ་བོ་ཡུལ་ནས་ལྷོ་ཁ་བཙན་ཐང་སྒོ་བཞི་བར་དུ་རིམ་པར་བྱོན་པའི་སྐོར་ལྡེའུ་ཆོས་འབྱུང་དུ། དེ་ནས་བླ་འབྲམ་གྱང་མདོར་གཤེགས།། དེ་ནས་དགས་ཡོན་མཁར་དུ་གཤེགས།། དེ་ནས་ང་ལ་གཡའ་མ་གོང་དུ་གཤེགས།། དེ་ནས་དག་(དྭགས་) ཡུལ་ཤིང་ནག་(ནགས་)ཏུ་གཤེཊ།། དེ་ནས་ལྷ་ལུང་སྟག་པར་གཤེགས། ། དེ་ནས་ཡར་ཁྱིམ་སོག་ཀར་གཤེགས། ། དེ་ནས་ཙན་(བཙན་) དང་སྒོ་བཞིར་གཤེགས། །ཞེས་གསལ་ཞིང་། གོང་གསལ་ཡིག་རྙིང་དེ་དག་གི་འབྲུ་འགྲེལ་སྙིང་བསྡུས་སུ་བཀོད་ན། བོད་ཀྱི་རྒྱལ་རབས་དང་པོ་གཉའ་ཁྲི་བཙན་པོ་ནི། སྤུ་བོ་སྟེེ་དུས་ཕྱིས་སྒྲ་ཟུར་ཉམས་ནས་སྤོ་བོ་ཞེས་འབོད་པ་དེང་སང་གི་ཀོང་པོ་ཉིང་ཁྲི་སྤོ་མེས་རྫོང་ནས་ཡིན་པ་བྱ་མོ་བཙུན་བྱ་བའི་བུད་མེད་དེར་བུ་དགུ་སྐྱེས་པའི་ཆུང་ཤོས་དེ་ཡིན་ཞིང་། མིང་ལ་ཐེ་རང་ཨུ་བེ་ར་ཞེས་བཏགས། འདི་ཐེ་རང་ཞེས་པ་ནི་སྤྱོད་པ་འཚུབས་པས་བཏགས་པ་ཙམ་ལས་དངོས་མེད་ལྷ་འདྲེ་ལྟ་བུར་མཚོན་པ་མིན་ནོ། །ཕྲུ་གུ་དེ་ཆུང་དུས་ནས་གཟུགས་དང་སྙིང་སྟོབས་ཆེ་བ། སྐྱེ་བོ་གཞན་དང་མི་འདྲ་བར་ལྕེ་རིང་ཞིང་མིག་ལྤགས་གྱེན་དུ་འདེགས་པ་སོགས། ཡུལ་མི་ཚོའི་བློ་དང་མི་འཚམས་པ་མཐུ་དང་རྫུ་འཕྲུལ་ནུས་པ་ཆེ་བ་སོགས། ཁོར་ཡུག་དེའི་སྤྱི་ཚོགས་འཚོ་བའི་ཁྲོད་རྒྱུན་ལྡན་གྱི་འབངས་མི་ཚོ་ལས་རང་བཞིན་གྱིས་འབུར་དུ་ཐོན་པ་དང་། སྤྱོད་པ་འཚུབས་པ་བཅས་ལ་བརྟེན་ནས་ཐེ་རང་ཞེས་པའི་མིང་བཏགས། ལྷག་པར་ཀོང་ཡུལ་དབང་བསྒྱུར་བྱེད་མཁན་རྗེ་དཔོན་ཚོས་ཨུ་བེ་རའི་མཐུ་སྟོབས་ནུས་ཤུགས་དང་། ཀུན་སྤྱོད་རྣམ་འགྱུར། ཁྱིམ་གྱི་བུ་སྤུན་མང་བ་བཅས་ལ་བརྟེན་ནས་ཀོང་ཡུལ་གྱི་རྗེ་བོའི་གོ་གནས་འཕྲོག་རྒྱུའི་དོགས་འཆར་དང་། དེ་ཉིད་སྔོན་འགོག་གི་ཆེད་དུ་ཨུ་བེ་རའི་ལྕེ་དང་མིག་ལྤགས་ལ་རྟེན་འབྲེལ་ཉེས་པའི་འགྲེལ་བཤད་འདྲ་མིན་བྱས་ཏེ། དམངས་ཁྲོད་དུ་གྲགས་པ་ངན་པས་ཁྱབ་ཐབས་བྱས་པ་དང་། ཀུན་སྤྱོད་འཚུབས་པས་ཀྱང་ཡུལ་མི་རྣམས་རང་བཞིན་གྱིས་མི་དགའ་བར་གྱུར་བ་བཅས་ལ་གོ་སྐབས་བཟུང་སྟེ་ཀོང་ཡུལ་ནས་རྒྱངས་འབུད་བྱས། དེ་ནས་ཁོང་བླ་འབྲུམ་གྱང་དོར་རམ་ལྷ་རི་གྱང་དོར་ཏེ། ད་ལྟའི་ཉིང་ཁྲི་རྫོང་ཁོངས་ལྟག་རྩེ་ས་ཁུལ། སྟོན་པ་གཤེན་རབ་ཀྱི་གནས་ཆེར་གྲགས་པའི་ཀོང་པོ་བོན་རི་ལ་བྱོན། དེ་ནས་ང་ལ་གཡའ་མོ་གོང་ངམ་བྱང་ལམ་གཡའ་ལེ་གོང་སྟེ་དེང་སང་ཀོང་པོ་ང་ལ་ཞེས་བཏགས་པ་དེར་གཤེགས། དེ་བཞིན་རིམ་གྱིས་དྭགས་པོ་དང་། ལྷོ་བྲག ལྷ་ལུང་། ཡར་ཁྱིམ་སོགས་ཀ་སྟེ་ཡར་ལུང་བརྒྱུད་ནས་བཙན་དང་སྒོ་བཞིར་བྱོན་པ་དང། དེར་བོད་རྒྱལ་ཕྲན་ཕན་ཚུན་གཅིག་འོག་གཅིག་མི་འདུ་བར་ཡང་ཡང་འཁྲུག་ཅིང་འགྱེད་པའི་སྐབས་འཁེལ་ཞིང་། ཐོག་མར་བོད་ཀྱི་མི་འགའ་ཞིག་དང་ཐུག་པས་དེ་དག་གིས་ཁྱོད་སུ་ཡིན། གང་ནས་འོངས། མཐུ་དང་ནུས་པ་ཇི་ཙམ་ཡོད་པ་སོགས་དྲིས་པའི་ལན་དུ། ཨུ་བེ་ར་ཟེར་བ་ཡིན། ཡུལ་སྤུ་བོ་ནས་འོང་། མཐུ་དང་ནུས་པ་ཆེ་དྲགས་པས་མི་ཡུལ་སྤྱུགས་པ་ཡིན་ཚུལ་རྣམས་བཤད་པས། དེ་དག་གིས་ཨུ་བེ་རའི་ལུས་ཀྱི་རྣམ་འགྱུར་དག་མཐོང་ཞིང་མཐུ་དང་ནུས་པ་ཆེ་བའི་གཏམ་ཐོས་པ་ལས་རྒྱལ་ཕྲན་ཕན་ཚུན་གཡུལ་འགྱེད་པ་ལ་མེད་ཐབས་མེད་པར་ཤེས་ཏེ། ཁྱེད་ངེད་ཀྱི་རྗེ་བོ་ཨེ་བྱེད་ང་ཚོའི་དགྲ་སྡེ་རྣམས་ཕམ་པར་ནུས་སམ་དྲིས། དེས་ཁྱོད་ཚོས་གཉའ་བར་ཁྲི་བྱས་ནས་ང་དྲངས་ན། ངས་རྗེ་བོ་བྱེད་ཅིང་རྒོལ་བའི་ཁྱུ་རྣམས་འཇོམས་པར་ནུས་ཟེར་བ་བཞིན་གཉའ་བར་ཁྲི་བཅས་ཏེ་གདན་དྲངས་པ་དང་། དུས་ཕྱིས་རྒྱལ་ཕྲན་སིལ་མ་བཅུ་གཉིས་པོ་ཡོངས་རྫོགས་དྲག་པོའི་དཔུང་ཤུགས་ཀྱིས་དབང་བསྒྱུར་བྱས་པས་མིང་ཡང་སྤུ་རྒྱལ་གཉའ་ཁྲི་བཙན་པོ་ཞེས་བཏགས་པ་ཡིན་ནོ། ། འདི་རང་རེའི་ལོ་རྒྱུས་ཕལ་པོ་ཆེར་གཉའ་ཁྲི་གང་ནས་འོངས་པ་དྲིས་སྐབས། བོད་སྐད་མི་ཤེས་པས་གནམ་ལ་མཛུབ་མོ་འཛུགས་པས་གནམ་ནས་འོང་བར་བསམ་ཏེ། བོན་ཤེས་པ་ཅན་བཅུ་གཉིས་ཀྱིས་གཉའ་བར་ཁྲི་བྱས་ཏེ་དྲངས་པར་བཤད་པ་དང་། བོན་གྱི་ལོ་རྒྱུས་རྣམས་སུ་གནམ་རིམ་པ་བཅུ་གསུམ་གྱི་གོང་ནས་རྨུ་ཐག་ལ་འཇུས་ནས་འོང་པ་བཤད་པ་སོགས། ཡར་ཐོག་བསྐལ་བའི་དུས་སུ་ལོ་རྒྱུས་དངོས་བྱུང་ལ་དཔྱོད་པའི་རྣམ་གཞག་ཚན་རིག་དང་མཐུན་པ་ཞིག་མ་བྱུང་བས། ཆོས་ལུགས་ཀྱི་ལྟ་གྲུབ་ཅིག་ངོ་སྲུང་བའི་གཏམ་ཡིན་པར་ཤེས་སླ་བས་དགག་སྒྲུབ་ཀྱི་སྤྲོས་པ་བྱེད་པར་མི་འདོད་དོ། །རང་རེའི་བཙན་པོ་གོང་མ་རྣམས་ལ་སྤུ་རྒྱལ་དང་སྤུར་རྒྱལ་ཞེས་འབོད་པའང་ཐོག་མའི་འཁྲུངས་ཡུལ་གྱི་མིང་ཟུར་དེ་རུས་མིང་གི་ཚུལ་དུ་སྤྱོད་པ་ཡིན་ཞིང་། སྤུ་ཞེས་པ་དེ་དུས་ཕྱིས་སྒྲ་ཟུར་ཉམས་ནས་སྤོ་ཞེས་ཐོགས་པ་ཡིན་ཞེས་ཁུངས་ལྡན་ལོ་རྒྱུས་རྣམས་སུ་གསལ་བར་ལྟར་འདོད། སྤྱིར་རྒྱལ་པོ་འདིའི་མཚན་ལ། འོ་ལྡེ་སྤུ་རྒྱལ་དང་། འོ་དེ་སྤུར་རྒྱལ། ཁྲི་བཙན་པོ་འོ་ལྡེ། ཨུ་བེ་ར། ལྡེ་སྲས་བྱ་ཙམ། གཉའ་ཁྲི་བཙན་པོ་བཏགས་པ་སོགས་ལྷ་སའི་རྡོ་རིང་དང་། རྒྱལ་པོའི་བཀའ་ཐང་། དེབ་སྔོན། ཡུམ་བུ་བླ་སྒང་གི་དཀར་ཆག །སྲིད་པ་རྒྱུད་ཀྱི་ཁ་བྱང་ཆེན་མོ་སོགས་ལོ་རྒྱུས་ཡིག་ཆ་ཁུངས་ལྡན་མང་པོར་གསལ་བ་དེ་དག་གང་ཟག་གཅིག་གི་མིང་ཡིན་པ་ཤེས་དགོས། ། རྒྱལ་པོ་འདིས་བཞག་པའི་བྱས་རྗེས་ནི། གཅིག་གྱུར་གྱི་བོད་རྒྱལ་ཁབ་འདི་ཐོག་མར་ཚུགས་པ་དང་། ནང་གི་ཚིས་སྦྱར་བ། ཕྱི་ཡི་དགྲ་བཏུལ་བ་བཅས་ཡིན་ལ། དེ་དག་གི་རྣམ་གཞག་རྒྱས་པ་ནི་ཏུན་ཧོང་ཡིག་ཆ་ལས་ཤིན་ཏུ་གསལ་ཞིང་འདིར་ཡང་ག་ོབདེར་བྱས་ཏེ་བཀོད་པར་འདོད་མོད་མངས་སུ་དོགས་ནས་མ་བྲིས་ཤིང་། ཤེས་པར་འདོད་ན་ཏུན་ཧོང་ཡིག་ཆ་དང་། དེབ་ཐེར་གཡུ་ཕྲེང་། དཔྱིད་ཀྱི་རྒྱལ་མོའི་མཆན་འགྲེལ་སོགས་ལ་གཟིགས་དགོས། ། གནམ་གྱི་ཁྲི་གཉིས་པ་ནས་བདུན་པའི་བར་གྱི་མཚན་རྣམས་ཀྱང་བཙན་པོ་རང་རང་གི་ཡུམ་གྱི་མཚན་ཟུར་སྦྲེལ་ནས་བཏགས་པ་ཡིན་ཏེ། གནམ་མུག་མུག ས་དིང་དིང་། སོ་ཐམ་ཐམ། དོག་མེར་མེར། གདགས་ཁྲི་ལྷ་མོ་དཀར་པོ། སྲིབ་ཀྱི་ལྷ་མོ་སྔོན་མོ་ལ་སོགས་པའི་ཡུམ་རྣམས་ཀྱི་མཚན་ཟུར་དང་སྦྲེལ་ནས། མུ་ཁྲི་བཙན་པོ། དེང་ཁྲི་བཙན་པོ། སོ་ཁྲི་བཙན་པོ། མེར་ཁྲི་བཙན་པོ། གདགས་ཁྲི་བཙན་པོ། སྲིབ་ཁྲི་གཙན་པོ་ཞེས་འདོགས་པ་ལས་ཤེས་ནུས་ཤིང་རྒྱལ་པོ་དེ་དག་གི་ལོ་རྒྱུས་མདོར་བསྡུས་རེ་འཆད་ན། བོད་རྗེ་གཉིས་པ་མུ་ཁྲི་བཙན་པོ་ནི། ཡབ་གཉའ་ཁྲི་བཙན་པོ་དང་ཡུམ་གནམ་མུག་མུག་གམ་མུ་ཙོ་བཟའ་གཉིས་ཀྱི་སྲས་སུ་ཡུམ་བུ་བླ་སྒང་དུ་འཁྲུངས། བོན་གྱི་ལོ་རྒྱུས་ལས། བཙན་པོ་འདིས་ས་སྨན་ཏིངཏིང་ངམ་ས་དིང་མ་ཁབ་ཏུ་བཞེས། སྐུ་བོན་ཅོའུ་ལན་ཚས་མཛད། གསས་མཁར་ཁོ་མ་ནེའུ་ཆུང་བཞེངས། ཞང་ཞུང་ནས་མཁས་པ་ཆེན་པོ་གཤེན་ནམ་མཁའ་སྣང་བ་གདོག་ཅན་ལ་སོགས་པ་བརྒྱ་རྩ་བརྒྱད་གདན་དྲངས། བོད་དུ་བོན་གྱིི་རྟེན་གཞི་ཆེན་པོ་བཞི་བཅུ་རྩ་ལྔ་བཙུགས། བོན་གྱི་གསུང་རབ་མདོ་འབུམ་རྒྱུད་མཛོད་སོགས་པོ་ཏི་མང་པོ་བསྒྱུར། ཞེས་དང༌། བོན་ཆོས་ལུང་གི་སྙིང་པོ་ལས། དག་པ་ལྷ་ཡི་ཡི་གེ་སྟག་གཟིག་སྤུངས་ཡིག་ཏུ་བསྒྱུར། སྟག་གཟིག་སྤུངས་ཡིག་ཞང་ཞུང་ཡིག་རྒན་དུ་བསྒྱུར། ཡིག་རྒན་སྨར་སྦྲག་ཏུ་བསྒྱུརད། དེ་སྨར་ཆེ་ཆུང་དུ་བསྒྱུར། སྨར་ཆེ་དབུ་ཆེན་ནམ་གཟབ་ཏུ་བསྒྱུར། ཡིག་སྣ་འབྲུ་མ་ལས་བརྩམས་སོ། །ཞེས་གསུངས་སོ། །སྐུ་ཕུང་མེ་ལ་བསྲེགས་པའི་དུ་བ་མཁའ་ལ་ཡལ་བས་བང་ས་ོགནམ་ལ་བཏབ་པར་གྲག བོད་རྗེ་གསུམ་པ་དིང་ཁྲི་བཙན་པོ་ནི། སྤྱི་ལོ་སྔོན་དུས་རབས་གསུམ་པའི་ནང་ཡབ་མུ་ཁྲི་བཙན་པོ་དང་། ཡུམ་ས་དིང་དིང་གཉིས་ཀྱི་སྲས་སུ་སྐུ་བལྟམས། གསས་མཁར་ཁོ་མ་ཡོང་རྩེ་བཞེངས། ཞང་ཞུང་ནས་སྐུ་གཤེན་ཅོའུ་སྨིན་དཀར་གདན་དྲངས། བཙུན་མོ་སོ་ཐམ་ཐམ་ཁབ་ཏུ་བསུས། རིགས་སྲས་སོ་ཁྲི་བཙན་པོ་འཁྲུངས། བང་སོ་གནམ་ལ་བཏབ་ཅིང་གནམ་གྱི་ཁྲི་གཉིས་པ་གྲག བོད་རྗེ་བཞི་པ་སོ་ཁྲི་བཙན་པོ་ནི། སྤྱི་ལོ་སྔོན་དུས་རབས་གསུམ་པའི་ནང་ཡབ་དིང་ཁྲི་བཙན་པོ་དང་། ཡུམ་སོ་ཐམ་ཐམ་གཉིས་ཀྱི་སྲས་སུ་འཁྲུངས། གསས་མཁར་དགུ་ར་དགུ་འཁྱུད་བཞེངས། སྐུ་གཤེན་ཅོའུ་འོད་དཀར་གྱིས་མཛད། བཙུན་མོ་དོག་མེར་མེར་རམ་སེ་བཟའ་སྨན་མོ་ཁབ་ཏུ་བསུས། རིགས་སྲས་མེར་ཁྲི་བཙན་པོ་འམ་དེ་ཁྲི་བཙན་པོ་འཁྲུངས། བང་ས་ོགནམ་ལ་བཏབ་ཅིང་གནམ་གྱི་ཁྲི་བཞི་བ་གྲག བོད་རྗེ་ལྔ་པ་མེར་ཁྲི་བཙན་པོ་ནི། སྤྱི་ལོ་སྔོན་དུས་རབས་གསུམ་པའི་ནང་ཡབ་སོ་ཁྲི་བཙན་པོ་དང་། ཡུམ་དོག་མེར་མེར་གཉིས་ཀྱི་སྲས་སུ་འཁྲུངས། གསས་མཁར་ཟོ་བོ་ཁྱུང་ལག་བཞེངས། སྐུ་གཤེན་ཅོའུ་ཤངས་དཀར་གྱིས་མཛད། བཙུན་མོ་གདགས་ལྷ་དཀར་མོའམ་དར་བཟའ་མ་ཁབ་ཏུ་བསུས། རིགས་སྲས་གདགས་ཁྲི་བཙན་པོ་འམ་ཁྲི་སྤེན་ཁྲི་བཙན་པོ་འཁྲུངས། བང་ས་ོགནམ་ལ་བཏབ་ཅིང་གནམ་གྱི་ཁྲི་ལྔ་པ་གྲག བོད་རྗེ་དྲུག་པ་གདགས་ཁྲི་བཙན་པོ་ནི། སྤྱི་ལོ་སྔོན་དུས་རབས་གསུམ་པའི་ནང་ཡབ་མེར་ཁྲི་བཙན་པོ་དང་། ཡུམ་གདགས་ལྷ་དཀར་མོ་གཉིས་ཀྱི་སྲས་སུ་འཁྲུངས། གསས་མཁར་གཡུང་དྲུང་ལྷ་རྩེ་བཞེངས། སྐུ་གཤེན་ཅོའུ་ན་མི་ཆེན་གྱིས་མཛད། བཙུན་མོ་སྲིབ་ལྷ་སྔོན་མོ་ཁབ་ཏུ་བསུས། རིགས་སྲས་སྲིབ་ཁྲི་བཙན་པོ་འཁྲུངས། བང་སོ་གནམ་ལ་བཏབ་ཅིང་གནམ་གྱི་ཁྲི་དྲུག་པ་གྲག བོད་རྗེ་བདུན་པ་སྲིབ་ཁྲི་བཙན་པ་ོནི། སྤྱི་ལོ་སྔོན་དུས་རབས་གསུམ་པའི་ནང་གདགས་ཁྲི་བཙན་པོ་དང་། ཡུམ་སྲིབ་ལྷ་སྔོན་པོོ་གཉིས་ཀྱི་སྲས་སུ་འཁྲུངས། གསས་མཁར་ཁོམ་རུ་རིང་བཞེངས། སྐུ་གཤེན་ཅོའུ་ཞལ་དཀར་གྱིས་མཛད། བཙུན་མོས་བཙུན་རླུང་རྗེའམ་ས་བཙུན་ཀླུ་རྗེ་ཁབ་ཏུ་བསུས། རིགས་སྲས་གྲི་གུམ་བཙན་པོ་འཁྲུངས། རྒྱལ་པོ་འདི་དག་གི་རིང་ལ་བོན་གྱི་བསྟན་པ་གང་སར་དར་ཏེ། བླ་ན་རྒྱ་ཆེ། གོང་ན་གཉན་ཆེ། བར་ན་ཁྲིམས་དམ། འོག་ན་འབངས་སྐྱིད། བོན་སྲིད་ཟུང་འབྲེལ་གྱི་འཕྲིན་ལས་དར་ཞིང་རྒྱས་ཟེར། འདི་ཡན་གྱི་བོད་རྗེ་རྣམས་སྲས་ཀྱིས་རྟ་ཞོན་ཐུབ་པ་དང་། ཡབ་རྨུ་ཐག་ལ་འཇུས་ནས་གནམ་ལ་གཤེགས་པ་དང་། ས་ལ་པུར་དང་བང་སོ་མེད་པས་གནམ་གྱི་ཁྲི་བདུན་ཞེས་གྲགས་པར་བཤད། དོན་དུ་རྒྱལ་པོ་འདི་དག་གཤེགས་རྗེས་ཕུང་པོ་མེ་ལ་བསྲེགས་པའ་ིདུ་བ་གནམ་ལ་སོང་བ་ན། བཙན་པོ་གནམ་གྱི་རྨུ་ཐག་ལ་འཇུས་ནས་སོང་ཚུལ་དང་། བང་སོ་གནམ་ལ་བཏབ་ཅེས་བསྒྲགས་པ་ཙམ་ཡིན་ནོ། །དེ་དག་དང་འབྲེལ་བའི་མེས་པོའི་གདུང་བརྒྱུད་ཀྱི་འཕེལ་རིམ་དང་སྐབས་དེའི་འཚོ་བའི་གནས་བབས་སོགས་དཔྱད་འདོད་པ་ཤིན་ཏུ་མང་ཡང་རེ་ཞིག་དེ་ཙམ་གྱིས་ཆོག་པར་བྱས་སོ། ། ༢ སྟོད་ཀྱི་སྟེང་གཉིས། དེ་ནས་བར་གྱི་སྟེང་གཉིས་ནི། གྲི་གུམ་བཙན་པོ་དང་། སྤུ་དེ་གུང་རྒྱལ་གཉིས་ཡིན་ཞིང་། རྒྱལ་པོ་འདི་གཉིས་ཀྱི་ལོ་རྒྱུས་རགས་ཙམ་བཤད་ན། དེ་ཡང་། བོད་རྗེ་བརྒྱད་པ་གྲི་གུམ་བཙན་པོ་ནི། སྤྱི་ལོ་སྔོན་གྱི་དུས་རབས་གཉིས་པ་ཡས་མས་ནང་ཡབ་སྲིབ་ཁྲི་བཙན་པོ་དང་ཡུམ་ས་བཙུན་ཀླུ་རྗེ་གཉིས་ཀྱི་སྲས་སུ་འཁྲུངས་པར་མངོན། འདིའི་ལོ་རྒྱུས་དངོས་བྱུང་ནི། ཏུན་ཧོང་ཡིག་ཆ་ལས་ཤིན་ཏུ་གསལ་ཞིང། དེ་ལས་གཞན་སྲིད་པ་རྒྱུད་ཀྱི་ཁ་བྱང་ཆེན་མོ་དང་། ཆོས་འབྱུང་མཁས་པའི་དགའ་སྟོན། རྒྱལ་རབས་གསལ་བའི་མེ་ལོང་སོགས་སུའང་བཤད་སྲོལ་ཅུང་ཟད་མི་འདྲ་བ་རེ་ཡོད་པ་ལས། འདིར་ཏུན་ཧོང་ཡིག་ཆ་རྨང་གཞིར་བྱས་ཏེ་གྲི་གུམ་བཙན་པོའི་སྐབས་ཀྱི་ལོ་རྒྱུས་ཕྱོགས་བསྡོམས་ཙམ་བཀོད་ན། གྲི་གུམ་བཙན་པོ་ཡབ་ཡུམ་ལས་སྐྱེས་མ་ཐག་ནས་མཚན་ལྟས་ལ་གོ་བ་ལོག་ནས་རྟེན་འབྲེལ་ངན་པ་བྱུང་བས་མིང་ལ་དྲི་གུམ་བཙན་པོ་ཞེས་བཏགས། དུས་ཕྱིས་བློན་པོ་ལོ་ངམ་གྱིས་གྲིས་བཀུམས་པ་ལས་ལོ་རྒྱུས་སྨྲ་བ་ཚོས་མིང་གི་ཡིག་འབྲུ་བསྒྱུར་ཏེ་གྲི་གུམ་བཙན་པོ་ཞེས་ཐོགས་པ་ཡིན་ལ། རྒྱལ་པོ་འདི་ཆེར་སྐྱེས་པ་ན་ཡབ་མེས་ཀྱི་སྲོལ་རྒྱུན་ལྟར་རྒྱལ་སྲིད་ཀྱི་ལས་རིམ་གང་བྱེད་བོན་གྱི་སྟོན་པར་ལུང་བརྟགས་ཞུ་བའི་སྲོལ་དེ་ཉིད་གནས་བབ་ཇེ་མཐོར་ཕྱིན་ཏེ་འབངས་ཀྱིས་རྒྱལ་པོའི་སྐུ་དབང་དང་བོན་གྱི་མཛད་འཕྲིན་གཉིས་ལས་ཕྱི་མ་མཐོང་ཆེར་འཛིན་པ་དང་། གོ་སྐབས་དེ་དམ་འཛིན་བྱས་ནས་བོན་སྟོན་ཚོས་རྒྱལ་པོའི་ཁྲི་དང་གོ་བབ་འདྲ་མཉམ་བཟུང་བའི་ཉེན་ཁ་དེ་ཉིད་འགོག་ཆེད། བོན་སྟོན་རྣམས་རྒྱང་འབུད་བཏང་བས་བོན་སྟོན་ལ་ཕྱོགས་འཛིན་བྱེད་མཁན་བློན་འབངས་ཁག་གཅིག་རང་བཞིན་གྱིས་རྒྱལ་པོའི་ཁ་གཏད་དུ་གྱུར། ནང་ཁུལ་གྱི་རྨ་ཁ་དེ་ལྟར་ཡོད་མུར། ཁ་ཆེ་ལ་དམག་བྱས་ཏེ་བོད་རྒྱལ་ནས་ཚུར་ལོག་པའི་ལམ་དུ་ཁ་ཆེ་བའི་མི་ལྷག་མ་འགའ་ཞིག་གིས་མགོ་བཏགས། དུས་ཕྱིས་དེ་དག་གིས་རྒྱལ་པོ་དང་ལོ་ངམ་བར་དུ་ཕྲ་མ་བཅུག་པས། མཐར་བཙན་པོ་ལ་མི་དགའ་བའི་བློན་འབངས་ཚོ་དང་ལོ་ངམ་བཅས་མཉམ་དུ་སྒྲིལ་བའི་ངན་ཇུས་འོག་གྲི་གུམ་བཙན་པོའི་སྐུ་སྲོག་ཤོར། བཙན་པོ་བཀྲོངས་རྗེས་སུའང་བོན་ལ་ཞེན་པའི་ལོ་རྒྱུས་སྨྲ་བ་ཚོས་རྒྱལ་པོ་སྨོན་ལམ་ལོག་པ་སོགས་ཀྱི་གཏམ་རྒྱུད་ལྷ་སྒྲུང་དང་འདྲ་བ་མང་པོ་བྱས་ཏེ་དོན་དངོས་ཀྱི་ལོ་རྒྱུས་ལ་བསྲེ་ལྷད་བྱས། རྒྱལ་པོ་འདི་གཡུལ་སར་ཤི་བས་སྐུ་པུར་མཐོང་སར་ལུས་སྟབས་ཡབ་མེས་རྣམས་གནམ་གྱི་རྨུ་ཐག་ལ་འཇུ་ནས་གནམ་རིམ་པ་བཅུ་གསུམ་གྱི་གོང་དུ་སོང་ཡང་། འདིས་ལོ་ངམ་དང་འཐབ་པའི་སྐབས་གྲི་གནམ་ལ་བསྐོར་ནས་རྨུ་ཐག་བཅད་པས་གནམ་ལ་འགྲོ་མ་ནུས་པར་བཤད། རྒྱལ་པོའི་སྐུ་སྤུར་སྒྲོམ་དུ་བཅུག་སྟེ་ཡར་ཀླུང་དུ་འཕངས་པས་ཀོང་པོའི་ཕྱོགས་སུ་སླེབས། ། བོད་རྗེ་དགུ་པ་སྤུར་དེ་གུང་རྒྱལ་ནི། ཡབ་གྲི་གུམ་བཙན་པོ་དང་ཡུམ་ཀླུ་སྲིང་མེར་ལྕམ་གཉིས་ཀྱི་སྲས་སུ་འཁྲུངས། ཡབ་གྲི་གུམ་བཙན་པོ་བློན་ལོ་ངམ་གྱིས་བསད་རྗེས། རང་ཉིད་ལ་བྱ་ཁྲི་དང་སྤུན་ཆུང་བ་གཉིས་ལ་ཤ་ཁྲི་དང་ཉ་ཁྲི་བཅས་བཏགས་ནས་ཀོང་ཡུལ་དུ་བྲོས། སྲས་དེ་གསུམ་གྱིས་སྤོ་ཀོང་ཉང་གསུམ་གྱི་རྗེ་བོ་བྱས། སྲིང་མོ་ལོ་ངམ་གྱི་ཆུང་མར་བྱས། མ་ཡུམ་རྟ་རྫིར་བཞག་པ་ལས་ཡར་ལྷ་ཤམ་པོ་དང་རྨི་ལམ་དུ་འདུས་པས་རུ་ལས་སྐྱེས་ཞེས་པ་འཁྲུངས། དེ་ཆེར་སྐྱེས་པ་དང་ཀོང་པོ་བྲེས་སྣ་ནས་གཅེན་པོ་རྣམས་དང་མཇལ། ཡབ་ཀྱི་ཤ་འཁོན་ལེན་པའི་ཆེད་དུ་སྤོ་ཀོང་ཉང་གསུམ་ནས་དམག་བསྡུས་ཏེ། དབུས་སུ་དཔུང་འཇུག་བྱས་པས་སྤུར་རྒྱལ་གདུང་བརྒྱུད་ཀྱི་དམག་སླེབས་པ་ཤེས་རྗེས། ལོ་ངམ་ཀྱི་ཕྱོགས་སུ་འཛིན་མཁན་ཇེ་ཉུང་དུ་ཕྱིན་ཏེ་མཐར་ལོ་ངམ་བསད། རྒྱལ་སྲིད་ཤ་ཁྲིས་མཛད་པ་ནས་སྤུར་དེ་གུང་རྒྱལ་ཞེས་པའི་མཚན་གསོལ། དེ་ཡང་བུ་དེ་ཀུན་ལས་རྒྱལ་ཞེས་པའི་མཚན་ཟུར་ཆག་ནས་སྤུར་དེ་གུང་རྒྱལ་ཐོགས་པར་བཤད། འདི་དག་གི་ལོ་རྒྱུས་རྒྱས་པར་ཤེས་འདོད་ན་ཏུན་ཧོང་ཡིག་ཆ་དང་། ཆོས་འབྱུང་མཁས་པའི་དགའ་སྟོན་སོགས་སུ་གཟིགས་དགོས། ལར་ནས་ལོ་རྒྱུས་དངོས་བྱུང་གི་བདེན་དཔང་སྲ་ཞིང་བརྟན་པ་ཞིག་འཚོལ་དགོས་ན་གཞི་འཛིན་བྱེད་ས་ཁུངས་ལྡན་ཡིག་ཆ་ཚོ་ལ་ཞིབ་ཏུ་བལྟས་ནས་ཆོས་ལུགས་དང་ལྟe་གྲུབ་གང་གི་འང་གཞན་དབང་དུ་མ་ཤོར་བར་ལོ་རྒྱུས་ཀྱི་བྱུང་རིམ་དངོས་ལ་བརྟགས་པར་བྱེད་དགོས་སོ་ཞེས་ཀྱང་བསྐུལ་ལོ། ། རྒྱལ་རབས་གསལ་བའི་མེ་ལོང་ལས། རྒྱལ་པོ་འདིའི་སྐབས་གསེར་དངུལ་ཟངས་ལྕགས་སོགས་བཏོན་ཅེས་བཤད་པ་ནི། སྔར་ཡོད་ནས་སོལ་བའི་མེས་བཞུས་པའི་འཕྲུལ་ལ་བརྟེན་ནས་འབེལ་དུ་བཏང་བ་ཡིན་སྲིད་ཀྱང་། སྔར་མེད་གསར་གཏོད་བྱས་པ་ནི་མིན་པར་སེམས་ཏེ། དེའི་གོང་ནས་ལྕགས་དང་མཚོན་ཆ་སོགས་གྲུབ་ཟིན་པའི་ཕྱིར། ཀོང་ཡུལ་ནས་ཡབ་ཀྱི་པུར་གདན་དྲངས་ཏེ་བང་སོ་བརྩིགས་པ་དང་དེ་ནས་བཟུང་སྤུར་རྒྱལ་རིམ་བྱོན་གྱི་བང་སོ་བརྩིགས་པའི་ལམ་སྲོལ་དར། ། རྒྱལ་པོ་འདིའི་མཛད་རྗེས་ཆེ་ཤོས་ནི་ཆུ་ལ་ཟམ་བཙུགས་པ། ཞིང་ལ་རྨོས་འདེབས་པ། ཕུ་ཆུ་ཡུར་དུ་འདྲེན་པ། ཞང་ཞུང་ནས་བོན་གྱི་དཔེ་མང་བསྒྱུར་བ་བཅས་ཡིན་ནོ། ། ༣ ས་ཡི་ལེགས་དྲུག དེ་ནས་ས་ཡི་ལེགས་དྲུག་ནི། ཨི་ཤོ་ལེགས་དང་། དེ་ཤོ་ལེགས། ཐི་ཤོ་ལེགས། གུང་རུ་ལེགས། འབྲོང་གཞེར་ལེགས། ཨེ་ཤོ་ལེགས་བཅས་ཡིན་ལ། འདི་དག་གི་མཚན་ཟུར་ཡང་རང་རང་གི་མ་ཡུམ་གྱི་མཚན་དང་སྦྲེལ་ནས་བཏགས་པ་ཡིན་ཏེ། ཨི་ཤོ་ལེགས་ཀྱི་མ་ཡུམ་འོམ་ཐང་སྨན་འཚོ་ཕུད་པའི་གཞན་རྣམས་རིམ་པ་བཞིན། རྨུ་ལྕམ་བྲལ་མ། ཀླུ་ལྕམ་མེར་མ། མཚན་མོ་གུང་སྨན། མཚོ་སྨན་འབྲོང་མ་བཅས་ཡིན་པ་ལས་ཤེས་ཐུབ་ཅིང༌། བོད་ཀྱི་རྒྱལ་བརྒྱུད་ཕལ་ཆེ་བའི་མཚན་ཟུར་དུ་ཡུམ་གྱི་མིང་ཟུར་རེ་རུས་མིང་གི་ཚུལ་དུ་འཇུག་ཡོད་པ་འདིས། ལོ་རྒྱུས་ཀྱི་འཕེལ་རིམ་ནང་མེས་དབོན་རིམ་བྱུང་གི་བཙུན་མོ་ཚོས་ཀྱང་རྒྱལ་སྲིད་དང་འབྲེལ་བའི་ལས་རིམ་མི་ཉུང་བ་ཞིག་གི་ཐོག་དབང་ཚད་ངེས་ཅན་རེ་བཟུང་ཡོད་པ་དེ་ཤེས་ཐུབ་པ་ཡིན། རྒྱལ་པོ་འདི་དག་གི་ལོ་རྒྱུས་རགས་ཙམ་རེ་གླེང་ན་དེ་ཡང་། བོད་རྗེ་བཅུ་པ་ཨེ་ཤོ་ལེགས་ནི། སྤྱི་ལོ་སྔོན་དུས་རབས་གཉིས་པའི་ནང་སྤུར་དེ་གུང་རྒྱལ་དང་། ཡུམ་སྲིབ་འོམ་ཐང་སྨན་མཚོ་གཉིས་ཀྱི་སྲས་སུ་འཁྲུངས། ཆོས་འབྱུང་མཁས་པའི་དགའ་སྟོན་ལས། དེ་ཡི་བློན་པོ་ལྷ་བུ་མགོ་དཀར་ཟེར། །ཁུ་ཁུ་རུ་ལས་སྐྱེས་པའི་བུ་ཡིས་བྱས། །ཞེས་འབྱུང་བ་ལྟར། རུ་ལས་སྐྱེས་ཀྱི་བུ་ལྷ་བུ་མགོ་དཀར་དཀར་གྱིས་བློན་བྱས་ཏེ་ཞིང་ལ་དོར་ཁ་དང་། འབྲོག་ལ་ཐུལ་བརྩི་བ། ཕུ་ཆུ་ཡུར་དུ་འདྲེན་པ། མདའ་རུ་ཆུ་མ་རྨོ་བ་བཅས་ཀྱི་སྲོལ་གཏོད། གསས་མཁར་སྟག་རྩེ་བཞེངས། སྐུ་གཤེན་ཅོ་ཉག་ཞེར་གྱིས་མཛད། བཙུན་མོ་དམུ་ལྕམ་བྲ་མ་ཁབ་ཏུ་བསུས། རིགས་སྲས་དེ་ཤོ་ལེགས་འཁྲུངས། སྐུ་པུར་གཡའ་སྤང་མཚམས་སུ་སྦས་ཏེ་བང་སོ་བཏབ་པས་ས་ཡི་ལེགས་དྲུག་གི་ཐོག་མར་བགྲངས། བོད་རྗེ་བཅུ་གཅིག་པ་དེ་ཤོ་ལེགས་ནི། སྤྱི་ལོ་སྔོན་དུས་རབས་གཉིས་པའི་ནང་ཡབ་ཨེ་ཤོ་ལེགས་དང་། ཡུམ་དམུ་ལྕམ་བྲ་མ་གཉིས་ཀྱི་སྲས་སུ་འཁྲུངས། ལེགས་བཤད་རིན་པོ་ཆེའི་གཏེར་ལས། སྐུ་གཤེན་མི་མོ་ཆུང་གིས་མཛད་ཅིང༌། །གསས་ཁང་ཁོ་མ་ཡང་རྩེ་བཞེངས། ཞེས་འབྱུང་བ་ལྟར། གསས་མཁར་རྒོད་རྩེ་བཞེངས། སྐུ་གཤེན་ཅོ་སྟག་ཀླུ་སྲས་ཀྱིས་མཛད། བཙུན་མོ་ཀླུ་ལྕམ་མེར་མ་ོཁབ་ཏུ་བསུས། རིགས་སྲས་ཐི་ཤོ་ལེགས་འཁྲུངས། བང་སོ་ས་ལ་བཏབ་ཅིང་ས་ཡི་ལེགས་གཉིས་པ་གྲག བོད་རྗེ་བཅུ་གཉིས་པ་ཐི་ཤོ་ལེགས་ནི། སྤྱི་ལོ་སྔོན་དུས་རབས་གཉིས་པའི་ནང་ཡབ་དེ་ཤོ་ལེགས་དང་། ཡུམ་ཀླུ་ལྕམ་མེར་མ་གཉིས་ཀྱི་སྲས་སུ་འཁྲུངས། གསས་མཁར་རྩེ་མ་ཁྱུང་རྒྱལ་བཞེངས། སྐུ་གཤེན་དབོན་སྲས་ཕུ་ལུ་གྲུ་འཛིན་གྱིས་མཛད། བཙུན་མོ་ས་སྨན་མཚོ་མོ་ཁབ་ཏུ་བསུས། རིགས་སྲས་ཨེ་ཤོ་ལེགས་སམ་གུ་རུ་ལེགས་འཁྲུངས། བང་སོ་གཡའ་སྤང་གི་མཚམས་སུ་བཏབ་ཅིང་ལེགས་གསུམ་པ་གྲགས། བོད་རྗེ་བཅུ་གསུམ་པ་ཨེ་ཤོ་ལེགས་སམ་གུ་རུ་ལེགས་ནི། སྤྱི་ལོ་སྔོན་དུས་རབས་གཉིས་པའི་ནང་ཡབ་ཐི་ཤོ་ལེགས་དང་། ཡུམ་མཚོ་སྨན་འབྲོང་མ་གཉིས་ཀྱི་སྲས་སུ་འཁྲུངས། དབོན་གསལ་འབེ་ཤོ་ཀྲམ་བསྟེན་ཞིང་ལྷ་བོན་ཅོ་ཕན་གྲགས་ཀྱིས་མཛད། གསས་ཁང་ས་ལེ་བང་དང་སྐུ་མཁར་ཡང་རྩེ་བཞེངས། བཙུན་མོ་གུར་སྨན་ཁབ་ཏུ་བཞེས་ཏེ་རིགས་སྲས་འབྲོང་ཞི་ལེགས་སྐུ་འཁྲུངས། བང་སོ་གཡའ་སྤང་མཚམས་སུ་བཏབ། ས་ཡི་ལེགས་དྲུག་ནང་གི་གསུམ་པ་ཡིན་ནོ། ། བོད་རྗེ་བཅུ་བཞི་པ་འབྲོང་ཞི་ལེགས་ནི། སྤྱི་ལོ་སྔོན་དུས་རབས་དང་པོའི་ནང་ཡབ་གུ་རུ་ལེགས་དང་། ཡུམ་གུར་སྨན་གཉིས་ཀྱི་སྲས་སུ་འཁྲུངས། དབོན་གསས་གུ་རུབ་བཙན་དོ་མི་སེར་བསྟེན་ཞིང་ལྷ་བོན་ཅོ་སྙན་རིང་གིས་མཛད། གསས་ཁང་རིན་ཆེན་ཟུར་མང་དང་སྐུ་མཁར་ཁྲི་རྩེ་བཞེངས། བཙུན་མོ་མཚོ་སྨན་འབྲོང་མོ་ཁབ་ཏུ་བཞེས་ཏེ་རིགས་སྲས་ཐི་ཤོ་ལེགས་སྐུ་འཁྲུངས། བང་སོ་གཡའ་སྤང་མཚམས་སུ་བཏབ། འདི་ཉིད་ས་ཡི་ལེགས་དྲུག་ནང་གི་བཞི་པ་ཡིན་ནོ། ། བོད་རྗེ་བཅོ་ལྔ་པ་ཨེ་ཤོ་ལེགས་ནི། ཡབ་འབྲོང་ཞི་ལེགས་དང༌། ཡུམ་ས་སྨན་བུ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྐུ་བོན་ཨ་ལ་དུན་ཅུག་གིས་མཛད། སྐུ་མཁར་ཁྲི་བརྩིགས་འབུམ་གདུགས་བཞེངས་ཤིང་བཙུན་མོ་དམུ་ལྕམ་རྨང་ལེགས་ཁབ་ཏུ་བཞེས་ཏེ་རིགས་སྲས་ཟྭ་ནམ་ཟིན་ལྡེ་སྐུ་འཁྲུངས། བང་སོ་གཡའ་སྤང་མཚམས་སུ་བཏབ། འདི་ཉིད་ས་ཡི་ལེགས་དྲུག་ནང་གི་དྲུག་པཡིན། མདོར་ན་འབེབས་གཏམ་ལུང་གི་སྙིང་པོ་ལས། ས་ལ་ལེགས་དྲུག་གི་རིང་ལ། བོན་གྱི་རྒྱུད་གཞུང་དུ་མ་དང༌། རིག་པའི་གནས་ལྔ་རྣམས་དར་ཞིང༌། རིག་པའི་གནས་ལྔ་ནི། ནད་ཀྱིས་གདུང་བ་སྨན་གྱིས་གསོ། །གདོན་གྱིས་གཙེས་པ་སྔགས་ཀྱིས་བཅོམ། །རྒས་རྒུད་འཆི་འཕོ་རྩིས་ཀྱིས་བཏུལ། །ཕས་ཀྱི་རྒོལ་བ་སྒྲས་ཚར་གཅོད། །ཅེས་འཁོད་པ་ལྟར་ལེགས་དྲུག་པོ་འདི་དག་གི་རིང་ལ་རིག་གནས་ལྔ་ཀ་དར་བ་དང་བོན་གྱི་བསྟན་པ་ཤིན་ཏུ་འཕེལ་བར་བྱས། སྟག་རྩེ་དང་། རྒོད་རྩེ། ཡང་རྩེ། ཁྲི་རྩེ། རྩེ་མོ། ཁྱུང་རྒྱལ། ཁྲི་བརྩེགས། འབུམ་གདུགས་ཏེ་ཕོ་བྲང་དེ་དག་རིམ་པར་བརྩེགས་ཤིང་བཟུང་བ་ཡིན་ལ། འདིའི་ཡན་དུ་གོང་གསལ་ཕོ་བྲང་དྲུག་གི་ཐོག་ཕྱིང་དབར་སྟག་རྩེ་དང་ཡུམ་བུ་བླ་སྒང་བསྣན་པས་ཕོ་བྲང་བརྒྱད་བྱུང་བ་ཡིན་ནོ། །རྒྱལ་པོ་འདི་དག་གི་བང་སོ་གཡའ་སྤང་གི་མཚམས་སུ་བཏབ་པས་ས་ཡི་ལེགས་དྲུག་ཏུ་གྲགས་པ་ཡིན་ནོ། ། ༤ ཆུ་ལ་ལྡེ་བརྒྱད། དེ་ནས་ཆུ་ཡི་ལྡེ་བརྒྱད་ནི། ཟྭ་ནམ་ཟིན་ལྡེ། ལྡེ་འཕྲུལ་ནམ་གཞུང་བཙན། སེ་སྣོལ་ནམ་ལྡེ། སེ་སྣོལ་པོ་ལྡེ། གནམ་ལྡེ་སྣོལ་ནམ། ལྡེ་སྣོལ་པོ། བཙན་པོ་ལྡེ་རྒྱལ་པོ། ལྡེ་སྤྲིན་བཙན་བཅས་ཡིན་ཞིང་རྒྱལ་པོ་འདི་དག་གི་ལོ་རྒྱུས་མདོ་ཙམ་བཤད་ན། བོད་རྗེ་བཅུ་དྲུག་པ་ཟྭ་ནམ་ཟིན་ལྡེ་ནི། སྤྱི་ལོའི་དུས་རབས་དང་པོའི་ནང་དུ་ཡབ་རྒྱལ་པོ་ཨེ་ཤོ་ལེགས་དང༌། ཡུམ་དམུ་ལྕམ་རྨང་ལེགས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྐུ་བོན་ཞང་ཞུང་གཡུང་དྲུང་རྒྱལ་པོས་མཛད་ཅིང་གསས་ཁང་ཡང་བཞེངས། བཙུན་མོ་མཚོ་སྨན་ཁྲི་དཀར་བྱ་བ་ཁབ་ཏུ་བཞེས། རིགས་སྲས་ལྡེ་འཕྲུལ་ནམ་གཞུང་བཙན་སྐུ་འཁྲུངས། བང་སོ་ཆུ་བོའི་གཞུང་ལ་བཏབ། འདི་ཉིད་ཆུ་ཡི་ལྡེ་བརྒྱད་ལས་ལྡེ་དང་པོ་ཡིན་ནོ། ། བོད་རྗེ་བཅུ་བདུན་པ་ལྡེ་འཕྲུལ་ནམ་གཞུང་བཙན་ནི། སྤྱི་ལོའི་དུས་རབས་དང་པོའི་ནང་དུ་ཡབ་རྒྱལ་པོ་ཟྭ་ནམ་ཟིན་ལྡེ་དང༌། ཡུམ་མཚོ་སྨན་ཁྲི་དཀར་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྐུ་བོན་ཞང་ཞུང་མཚོ་མི་ཀུན་སྣང་གིས་མཛད་ཅིང་གསས་ཁང་ཞིག་ཀྱང་བཞེངས། བཙུན་མོ་བསེ་གཉན་མེར་མོ་ཁབ་ཏུ་བཞེས། རིགས་སྲས་སེ་སྣོལ་ནམ་ལྡེ་འཁྲུངས། བང་སོ་ཆུ་བོའི་གཞུང་ལ་བཏབ། འདི་ཉིད་ཆུ་ཡི་ལྡེ་བརྒྱད་ལས་ལྡེ་གཉིས་པ་ཡིན་ནོ། ། བོད་རྗེ་བཅོ་བརྒྱད་པ་སེ་སྣོལ་ནམ་ལྡེ་ནི། སྤྱི་ལོའི་དུས་རབས་དང་པོའི་ནང་དུ་ཡབ་རྒྱལ་པོ་ལྡེ་འཕྲུལ་ནམ་གཞུང་བཙན་དང༌། ཡུམ་བསེ་གཉན་མེར་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། བཙུན་མོ་ཀླུ་ཐང་མེར་མོ་ཁབ་ཏུ་བཞེས།་རིགས་སྲས་སེ་སྣོལ་པོ་ལྡེ་འཁྲུངས། བང་སོ་ཆུ་བོའི་གཞུང་ལ་བཏབ། འདི་ཉིད་ཆུ་ཡི་ལྡེ་བརྒྱད་ལས་ལྡེ་གསུམ་པ་ཡིན་ནོ། ། བོད་རྗེ་བཅུ་དགུ་པ་སེ་སྣོལ་པོ་ལྡེ་ནི། སྤྱི་ལོའི་དུས་རབས་དང་པོའི་ནང་དུ་ཡབ་རྒྱལ་པོ་སེ་སྣོལ་ནམ་ལྡེ་དང༌། ཡུམ་ཀླུ་ཐང་མེར་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྐུ་བོན་ཞང་ཞུང་ཨ་སོ་གཙུག་ཕུད་ཀྱིས་མཛད་ཅིང་གསས་ཁང་ཞིག་ཀྱང་བཞེངས། །བཙུན་མོའོ་བཟའ་རི་མོ་མཚོ་ཁབ་ཏུ་བཞེས། རིགས་སྲས་ལྡེ་སྣོལ་ནམ་སྐུ་འཁྲུངས། བང་སོ་ཆུ་བོའི་གཞུང་ལ་བཏབ། འདི་ཉིད་ཆུ་ཡི་ལྡེ་བརྒྱད་ལས་ལྡེ་བཞི་པ་ཡིན་ནོ། ། བོད་རྗེ་ཉི་ཤུ་པ་ལྡེ་སྣོལ་ནམ་ནི། སྤྱི་ལོའི་དུས་རབས་དང་པོའི་ནང་དུ་ཡབ་རྒྱལ་པོ་སེ་སྣོལ་པོ་ལྡེ་དང༌། ཡུམ་འོ་བཟའ་རི་མོ་མཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྐུ་བོན་ཞང་ཞུང་ཨ་ལ་ནན་ཅིས་མཛད་ཅིང་གསས་ཁང་ཞིག་ཀྱང་བཞེངས། བཙུན་མོ་ཁྲི་སྨན་རྗེ་མ་ཁབ་ཏུ་བཞེས། རིགས་སྲས་ལྡེ་སྣོལ་པོ་སྐུ་འཁྲུངས། བང་སོ་ཆུ་བོའི་གཞུང་ལ་བཏབ། འདི་ཉིད་ཆུ་ཡི་ལྡེ་བརྒྱད་ལས་ལྡེ་ལྔ་པ་ཡིན་ནོ། ། བོད་རྗེ་ཉེར་གཅིག་པ་ལྡེ་སྣོལ་པོ་ནི། སྤྱི་ལོའི་དུས་རབས་དང་པོའི་ནང་དུ་ཡབ་རྒྱལ་པོ་ལྡེ་སྣོལ་ནམ་དང༌། ཡུམ་ཁྲི་སྨན་རྗེ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྐུ་བོན་ཞང་ཞུང་དར་མ་ཧ་རིས་མཛད་ཅིང་གསས་ཁང་ཞིག་ཀྱང་བཞེངས། བཙུན་མོ་ས་བཙུན་སྙན་རྗེ་ཁབ་ཏུ་བཞེས། རིགས་སྲས་ལྡེ་རྒྱལ་པོ་སྐུ་འཁྲུངས། བང་སོ་ཆུ་བོའི་གཞུང་ལ་བཏབ། འདི་ཉིད་ཆུ་ཡི་ལྡེ་བརྒྱད་ལས་ལྡེ་དྲུག་པ་ཡིན་ནོ། ། བོད་རྗེ་ཉེར་གཉིས་པ་ལྡེ་རྒྱལ་པོ་ནི། སྤྱི་ལོའི་དུས་རབས་དང་པོའི་དུས་མཇུག་ཙམ་དུ་ཡབ་རྒྱལ་པོ་ལྡེ་སྣོལ་པོ་དང༌། ཡུམ་ས་བཙུན་སྙན་རྗེ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྐུ་བོན་ཞང་ཞུང་ད་ས་ཧ་རིས་མཛད་ཅིང་གསས་ཁང་ཞིག་ཀྱང་བཞེངས། བཙུན་མོ་སྨན་བཙུན་ལུང་གོང་ཁབ་ཏུ་བཞེས། རིགས་སྲས་ལྡེ་སྤྲིན་བཙན་སྐུ་འཁྲུངས། བང་སོ་ཆུ་བོའི་གཞུང་ལ་བཏབ། འདི་ཉིད་ཆུ་ཡི་ལྡེ་བརྒྱད་ལས་ལྡེ་བདུན་པ་ཡིན་ནོ། ། བོད་རྗེ་ཉེར་གསུམ་པ་ལྡེ་སྤྲིན་བཙན་ནི། སྤྱི་ལོའི་དུས་རབས་གཉིས་པའི་དུས་མགོ་ཙམ་དུ་ཡབ་རྒྱལ་པོ་ལྡེ་རྒྱལ་པོ་དང༌། ཡུམ་སྨན་བཙུན་ལང་གོང་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྐུ་བོན་ཞང་ཞུང་མུ་ལ་མ་ཧོས་མཛད་ཅིང་གསས་ཁང་ཞིག་ཀྱང་བཞེངས། བཙུན་མོ་གཉན་བཙུན་མང་མོ་རྗེ་ཁབ་ཏུ་བཞེས། རིགས་སྲས་རྒྱལ་ཏོ་རི་ལོང་བཙན་སྐུ་འཁྲུངས། བང་སོ་ཆུ་བོའི་གཞུང་ལ་བཏབ། འདི་ཉིད་ཆུ་ཡི་ལྡེ་བརྒྱད་ལས་ལྡེ་བརྒྱད་པ་ཡིན་ནོ། །རྒྱལ་པོ་འདི་དག་གཤེགས་རྗེས་སྐུ་ཕུང་ཆུ་ལ་བསྐྱུར་བ་དང་མཚན་ཟུར་ལ་ལྡེ་ཞེས་ཡོད་པས་ཆུ་ལ་ལྡེ་བརྒྱད་དུ་གྲགས་པ་ཡིན་ནོ། །རྒྱལ་རབས་འདི་དག་གི་རིང་ལ་ཞང་ཞུང་ནས་གཤེན་རབ་བོན་གྱི་སྐུ་བོན་རེ་གདན་དྲངས་ནས་སྲིད་ཀྱི་བྱ་བ་ཆེ་ཕྲ་ཀུན་སྐུ་བོན་གྱི་ལུང་བརྟག་ཁོ་ན་ལ་བརྟེན་ནས་མཛད་ཅིང་། རྒྱལ་སྲིད་བོན་གྱིས་སྐྱོང་བའི་བོན་སྲིད་ཟུང་འབྲེལ་གྱི་ལམ་ལུགས་དང་རྒྱུད་རིམ་གཏིང་ཟབ་ཏུ་ཕྱིན།༥ བར་གྱི་བཙན་ལྔ། དེ་ནས་བར་གྱི་བཙན་ལྔ་ནི། ཏོ་རེ་ལོང་བཙན་དང་། ཁྲི་བཙན་ནམ། ཁྲི་སྒྲ་དཔུང་བཙན། ཁྲི་ཐོག་རྗེ་བཙན། ཐོ་རི་སྙན་བཙན་བཅས་ཡིན་ཞིང་། རྒྱལ་པོ་འདི་དག་གི་ལོ་རྒྱུས་རགས་ཙམ་རེ་གླེང་ན་དེ་ཡང་། བོད་རྗེ་ཉེར་བཞི་པ་རྒྱལ་ཏོ་རེ་ལོང་བཙན་ནི། སྤྱི་ལོའི་དུས་རབས་གཉིས་པའི་དུས་སྟོད་ཙམ་དུ་ཡབ་རྒྱལ་པོ་ལྡེ་སྤྲིན་བཙན་དང༌། ཡུམ་གཉན་བཙུན་མང་མོ་རྗེ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྐུ་བོན་ཞང་ཞུང་ཏ་ར་ལ་ཧ་རིས་མཛད་ཅིང་གསས་ཁང་ཡང་བཞེས། བཙུན་མོ་འོ་མ་ལྡེ་བཟའ་ཁྲི་བཙུན་བྱང་མ་ཁབ་ཏུ་བཞེས། རིགས་སྲས་ཁྲི་བཙན་ནམ་སྐུ་འཁྲུངས། བློན་པོ་ཐོན་མི་འབྲིང་པོ་རྒྱལ། གནུབས་སྨན་ད་རེ། སྟོང་དར་རྗེ་རྣམས་ཀྱིས་བྱས་སྐད། འདི་མན་ཆད་འབངས་དང་གཉེན་བསྲེས་མན་ཆད་ལྡེ་སྲས་བཞག །དེ་ཡི་དོད་དུ་ལྷ་སྲས་བཙན་པོ་ཟེར། ཞེས་གྲགས། རྒྱལ་པོ་འདིའི་གཅུང་པོ་ལྟབ་ནག་བྱ་བ་ཐང་མཚམས་སུ་ཕབ། དེའི་རྒྱུད་ལ་ཞང་ལྔ་གཅུང་པ་ཞེས་གྲགས། ། བོད་རྗེ་ཉེར་ལྔ་པ་ཁྲི་བཙན་ནམ་ནི། སྤྱི་ལོའི་དུས་རབས་གཉིས་པའི་དུས་དཀྱིལ་ཙམ་དུ་ཡབ་རྒྱལ་པོ་ཏོ་རི་ལོང་བཙན་དང༌། ཡུམ་འོ་མ་ལྡེ་བཟའ་ཁྲི་བཙུན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྐུ་བོན་ཞང་ཞུམ་མུ་ཧ་ལ་རྒྱལ་གྱིས་མཛད། བཙུན་མོ་སྨན་བཟའ་ཁྲི་དཀར་ཁབ་ཏུ་བཞེས། རིགས་སྲས་ཁྲི་སྒྲ་དཔུང་བཙན་འཁྲུངས། གནུབས་གཉའ་དོར་གཙུག་དང་དབས་ཁྲི་ཟུང་མོང་ཁོང་གཉིས་ཀྱིས་བློན་པོ་བྱས། བང་སོ་གངས་དཀར་རྩེ་ལ་བཏབ། རྒྱལ་པོ་འདི་ཉིད་བཙན་ལྔ་ལས་བཙན་གཉིས་པ་ཡིན་ནོ། ། བོད་རྗེ་ཉེར་དྲུག་པ་ཁྲི་སྒྲ་དཔུང་བཙན་ནི། སྤྱི་ལོའི་དུས་རབས་གཉིས་པའི་དུས་སྨད་ཙམ་དུ་ཡབ་རྒྱལ་པོ་ཁྲི་བཙན་ནམ་དང༌། ཡུམ་སྨན་བཟའ་ཁྲི་དཀར་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། བཙུན་མོ་སྨན་བཟའ་ཀླུ་སྟེངས་ཁབ་ཏུ་བཞེས་ཏེ་རིགས་སྲས་ཁྲི་ཐོག་རྗེ་བཙན་སྐུ་འཁྲུངས། མགར་གཉའ་བཙན་ལྡོམ་བུ་དང་གནུབ་སྐྱེས་ཐོག་རྗེ་མོར་བཙན་གཉིས་ཀྱིས་བློན་པོར་བྱས། རྒྱལ་པོ་འདིའི་སྐུ་རིང་ལ་ལྷ་ཡི་རོལ་མོ་གླིང་བུ་ཅག་པར་བྱུང་། བོན་གྱི་བསྟན་པ་རྒྱས་པར་མཛད་ཅེས་གྲགས། ཞང་ཞུང་མུ་ཧ་ལ་རྒྱལ་གྱིས་མུ་མཐུད་གདུང་རབས་གསུམ་གྱི་སྐུ་བོན་བྱས། རུ་ཡོང་བཟའ་སྟོང་རྒྱལ་མོ་མཚོ་ཁབ་ཏུ་བཞེས། བང་སོ་གངས་དཀར་རྩེ་ལ་བཏབ། རྒྱལ་པོ་འདི་ཉིད་བཙན་ལྔ་ལས་བཙན་གསུམ་པ་ཡིན་ནོ། ། བོད་རྗེ་ཉེར་བདུན་པ་ཁྲི་ཐོག་རྗེ་བཙན་ནི། སྤྱི་ལོའི་དུས་རབས་གསུམ་པའི་དུས་མགོ་ཙམ་དུ་ཡབ་རྒྱལ་པོ་ཁྲི་སྒྲ་དཔུང་བཙན་དང༌། ཡུམ་སྨན་བཟའ་གླུ་སྟེངས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། འདི་ལ་གཅུང་པོ་རྒུང་མཐའ་དང༌། སྣུབས་མཐའ། འབྲིང་སྙ། སྙ་འབྲིང་བཅས་བཞི་ཡོད་ཀྱང་ཚང་མ་ཐང་མཚམས་སུ་ཕབ། ཐང་མཚམས་ཞེས་པ་ནི་རྒྱལ་པོ་ལས་དམའ་བ་དང༌། འབངས་ལས་མཐོ་བ་ཞིག་གི་ཐོབ་ཐང་ཡིན། སྐུ་བོན་ནི་ཞང་ཞུང་མུ་ཧ་ལ་རྒྱལ་ཡིན་ཞིང་འདིས་མུ་མཐུད་གདུང་རབས་གསུམ་གྱི་སྐུ་བོན་བྱས། བཙུན་མོ་རུ་ཡོང་བཟའ་སྟོང་རྒྱལ་མཚོ་་ཁབ་ཏུ་བཞེས་ཏེ་རིགས་སྲས་ལྷ་ཐོ་ཐོ་རི་གཉན་བཙན་སྐུ་འཁྲུངས། གཤེགས་རྗེས་བང་སོ་གངས་དཀར་རྩེ་ལ་བཏབ། འདི་ཡན་གདུང་རབས་ཉི་ཤུ་རྩ་བདུན་དུ། ཆབ་སྲིད་སྒྲུངདང་ལྡེའུ་བོན་གྱིས་བསྐྱངས་ཞེས་གྲགས། རྒྱལ་པོ་འདི་ཉིད་བཙན་ལྔ་ལས་བཙན་བཞི་པ་ཡིན་ནོ། །རྒྱལ་པོ་འདི་དག་གི་རིང་དུའང་ཞང་ཞུང་གི་བོན་སྟོན་རེ་བཀུར་ཏེ་སྲིད་ཀྱི་སྟངས་འཛིན་སྒྲུང་སྡེའུ་བོན་གསུམ་ལ་བརྟེན་པ་དང་། ཆབ་སྲིད་སྐྱོང་བའི་ཐབས་ཇུས་ཀྱང་སྒྲུང་ལྡེའུ་བོན་གྱིས་མཛད་པ་སོགས་ནི་རྒྱལ་རབས་གོང་མ་རྣམས་དང་མཚུངས་ཤིང་བོན་གྱི་བསྟན་པ་ཤིན་ཏུ་རྒྱས་པར་བྱས། བོད་རྗེ་ཉེར་བརྒྱད་པ་ལྷ་ཐོ་ཐོ་རི་གཉན་བཙན་ནི། ཡབ་ཁྲི་ཐོག་བཙན་དང་ཡུམ་རུ་ཡོང་བཟའ་སྟོང་རྒྱལ་མཚོ་གཉིས་ཀྱི་སྲས་སུ་སྤྱི་ལོ་(༢༥༤)ལོར་འཁྲུངས་པར་བཤད། གཙོ་ཡི་བོན་པོ་གཡང་སྐྱེས་དང༌། མཚོའི་བོན་པོ་འདུལ་སྲོང༌། འབྲིའི་བོན་པོ་ཤོད་དྲི་གསུམ་གྱིས་སྐུ་བོན་བྱས། གནོ་བཟའ་མང་མོ་རྗེ་ཇི་དགོས་ཞེས་པ་ཁབ་ཏུ་བསུས་སོ། །རྒྱལ་པོ་འདིའི་སྐབས་སུ་པཎྜི་ཏ་བློ་སེམས་འཚོ་དང་། ལི་ཡུལ་གྱི་ལོ་ཙཱ་བ་ལི་ཐེ་སེ་གཉིས་ཀྱིས། སྐུ་རྟེན་བདེ་གཤེགས་སྐུ་ལྔའི་ལུག་སྐུ་དང་། གསུང་རྟེན། མདོ་སྡེ་ཟ་མ་ཏོག་དང་དཔང་སྐོང་ཕྱག་རྒྱ། སྙིང་པོ་ཡིག་དྲུག །ཐུགས་རྟེན། ཙི་སྒྲoཱ་མ་ཎིའི་རྐོས་ཕོར། མུ་ཌཱའི་ཕྱག་རྒྱ། གསེར་གྱི་མཆོད་རྟེན་ཁྲུུ་གང་བཅས་རྒྱལ་པོ་ལ་ཕུལ་ཞིང་། གསུང་རྟེན་དེ་དག་གི་དོན་འཆད་ཀྱང་བོད་དུ་ཡི་གེ་མེད་པ་དང་། རྒྱ་སྐད་ཤེས་པའི་ལོ་ཙཱ་མེད་པས། དོན་མ་གོ་བས་པབྲསྤྱཱི་ཏ་ཕྱིར་ལོག རྒྱལ་པོས་ཡ་མཚན་དུ་བརྩིས་ཏེ་དཀོར་ཁང་དུ་བཞུགས་སུ་གསོལ། མཆོད་པ་རྒྱ་ཆེར་བྱས་པས། དགུང་ལོ་དྲུག་ཅུ་ལོན་པར་སེའུ་སྐྱེས་བ་དང་དབུ་སྐྲ་དཀར་བ་རྣམས་ཀྱང་ནག་པོར་གྱུར། གཉེར་མ་རྣམས་ཀྱང་རང་ཡལ་དུ་སོང་ནས་གཞོན་ཤ་ཆགས། དགུང་ལོ་བརྒྱ་དང་ཉི་ཤུ་ཐུབ་པ་བྱུང་། རྨི་ལམ་དུ་འདི་ལ་མཆོད་པར་གྱིས་དང་རྒྱལ་སྲིད་དར་ཞིང་འབངས་རྣམས་བདེ། ཁྱོད་ཀྱང་ཚེ་རིང་བར་འགྱུར་ལ། འདི་ནས་མི་རབས་ལྔའི་རྗེས་སུ་འདིའི་དོན་རྟོགས་པར་འགྱུར་བའི་ལུང་སྟོན་བྱུང་བར་བཤད། རང་རེའི་ལོ་རྒྱུས་རྣམས་སུ། གོང་གི་རྟེན་གསུམ་དེ་དག་གནམ་ནས་ཕོ་བྲང་ཡུམ་བུ་བླ་སྒང་དུ་བབ་པར་བཤད་པ་དང་། ཡང་ཆོས་རྒྱལ་ཨ་ཤོུ་ཀའི་བུ་རྒྱལ་པོ་ཛ་ཞེས་པས་ཁང་སྟེང་དུ་གླེགས་བམ་གྱི་ཆར་འབེབས་པ་རྣམས། རྒྱལ་མཚན་གྱི་རྩེར་བཏགས་ཏེ་མཆོད་པ་ལས་གཅིག་རླུང་གི་བདས་ཏེ་བོད་ཀྱི་རྒྱལ་པོའི་ཕོ་བྲང་དུ་བབ་པ་མདོ་སྡེ་ཟ་མ་ཏོག་དང་། དཔང་སྐོང་ཕྱག་རྒྱ་གཉིས་ཡིན་པར་བཤད་པ་སོགས་ལས། དང་པོ་ནི་རྒྱལ་པོས་བོན་རྣམས་འགུག་བའི་ཆེད་དུ། འགྲེལ་བཤད་དེ་ལྟར་བྱས་ཡོད་སྲིད་ལ། ཕྱི་མ་ནི་ནང་ཆོས་ལ་ཞེན་པའི་ལོ་རྒྱུས་སྨྲ་བ་ཚོས་དད་པའི་ས་བོན་བརྟས་པའི་ཆེད་དུ་གསུང་པ་ཡིན་སྲིད་པས། རང་རེས་དགག་པ་བྱེད་དོན་མེད་ཀྱང་། ལོ་རྒྱུས་དངོས་ཡོད་དང་ལྷ་སྒྲུང་བར་གྱི་དབྱེ་མཚམས་ཕྱེ་རྒྱུ་དེ་ནི་ལོ་རྒྱུས་སྨྲ་བ་ཚོས་རྩ་འཛིན་བྱེད་དགོས་པ་ཞིག་ཡིན། འདི་ལ་བརྟེན་ནས་ཆོས་འབྱུང་རྣམས་སུ་རང་རེ་བོད་དུ་དམ་པའི་ཆོས་ཀྱི་དབུ་བརྙེས་པའི་ཐོག་མའང་འདི་ནས་ཡིན་པར་གསུངས་སོ། །འོན་ཀྱང་བོན་སྟོན་མཆོད་པའི་ལམ་སྲོལ་ནི་མེས་དབོན་གོང་མ་ཚོ་དང་མཐུན་པར་མ་ཟད་ད་དུང་རྒྱ་བསྐྱེད་ཇེ་ཆེར་གཏོང་བར་མཛད་དོ། །རྒྱལ་པོ་འདིའི་སྐབས་སྨན་པ་དུང་གི་ཐོར་ཅོག་གིས་བོད་དུ་གསོ་དཔྱད་སྨན་གྱི་རིག་པའི་རྨང་གཞི་བརྟན་པོར་ཚུགས་པ་ཡང་བཤད་དོ། །གཉན་བཞི། ༦ གཉན་བཞི། དེ་ནས་གཉན་བཞི་ནི་ཁྲི་གཉན་གཟུངས་བཙན། འབྲོ་གཉན་ལྡེ་བཙན། སྟག་རི་གཉན་གཟིགས། གནམ་རི་སྲོང་བཙན་བཅས་ཡིན་ཞིང་། རྒྱལ་པོ་འདི་དག་གི་ལོ་རྒྱུས་མདོ་བསྡུས་རེ་འགོད་ན། བོད་རྗེ་ཉེར་དགུ་པ་ཁྲི་གཉན་གཟུངས་བཙན་ནི། སྤྱི་ལོ་(༣༣༣)ལོ་ཡབ་རྒྱལ་པོ་ལྷ་ཐོ་ཐོརི་གཉན་བཙན་དང༌། ཡུམ་གནོ་བཟའ་མང་མོ་རྗེ་ཇི་དགོས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྐུ་བོན་ནི་ཁུའི་མིང་སྒྲ་ལེགས་པས་མཛད། བཙུན་མོ་འབྲོ་བཟའ་དུང་པྱད་བཞེར་ཁབ་ཏུ་བཞེས་ཏེ་རིགས་སྲས་འབྲོང་གཉན་ལྡེའུ་བཙན་སྐུ་འཁྲུངས། བང་སོ་ནི། ཁྲི་གཉན་མཆད་པ་དོན་མཁར་མདའ་རུ་བརྩེགས། །དེ་ཡང་ཕུལ་མེད་ས་ཕུང་བརྡལ་བ་འདྲ། །ཞེས་སོ། །ལེགས་བཤད་རིན་པོ་ཆེའི་གཏེར་མཛོདལས། སྐུ་གཤེན་ཞང་ཞུང་ཚ་ལ་རྒྱུང་གིས་མཛད། །ཅེས་ཀྱང་གསུངས་སོ།། བོད་རྗེ་སུམ་ཅུ་པ་འབྲོང་གཉན་ལྡེའུ་བཙན་ནི། ཡབ་ཁྲི་གཉན་གཟུང་བཙན་དང༌། ཡུམ་བཙུན་མོ་འབྲོ་བཟའ་དུང་པྱད་བཞེར་གྱི་སྲས་སུ་བོད་ཤིང་རྟ་(སྤྱི་ལོ་༣༩༤)ལོར་འཁྲུངས་སྐད། བློན་པོ་གཉགས་ཐང་བ་ཡར་རྗེ་དང༌། གནུབས་ཁྲོ་དར་རེ་མཐོང་པོས་བྱས། ཁུའི་བོན་པོ་མང་རྗེ་ལོད་པས་སྐུ་བོན་བྱས། །རྒྱལ་པོ་འདིའི་གཅུང་པོ་རྨུ་བཙན་དང་མོན་བུ་རྒྱལ་མཚན་གཉིས་ཐང་མཚམས་སུ་ཕབ། བཙན་པོ་འདིའི་རིང་ལ་བོད་དུ་དཀར་ཡོལ་བྱུང་བར་བཤད། རྒྱལ་པོ་འདིས་དྭགས་པོའི་ཡུལ་ནས་མཆིམས་བཟའ་ཀླུ་རྒྱལ་བྱ་བའི་མཛེས་མ་ཞིག་ཁབ་ཏུ་བཞེས། ཕྱིས་མི་མཛེས་པར་གྱུར་ནས་རྒྱུ་དྲིས་པས་རང་གི་ཡུལ་ན་ཟས་ཤིག་ཡོད་པ་དེ་མེད་པས་ལན་ཟེར། དེ་ལེན་དུ་ཆུག་གསུངས་པས་གཡོག་མོས་སྦལ་པ་མར་ལ་བཙོས་པ་བླངས་ཏེ་མཛོད་དུ་སྦས་ནས་བཙུན་མོ་ལ་དྲངས་པས་མདངས་ཤིན་ཏུ་མཛེས་པར་གྱུར་སྟབས། རྒྱལ་པོས་ཟས་དེ་ང་རང་ཡང་ཟའོ་དགོངས་ནས་ལྡེ་ཚབ་ཀྱིས་སྒོ་ཕྱེ་ནས་གཟིགས་སྐབས་སྦལ་རོ་མཐོང་བས་རྣམ་རྟོག་སྐྱེས་པ་ལས་སྐུ་ལ་མཛེ་ནད་ཕོག །དེ་སྐབས་དྭགས་པོ་སྦལ་ཟན་གྱི་ཡུལ་ཞེས་པ་དེ་ན་ཉ་ཟ་ཞིང་ཉ་ལ་སྦལ་པར་གྲགས་པ་ཡིན་སྐད། རྒྱལ་པོའི་བཙུན་མོ་ལ་སྲས་དམུས་ལོང་ཞིག་བལྟམས་ཤིང༌། དེ་ཅུང་ཟད་ཆེར་ལོངས་པ་ན་ཡབ་ཀྱིས་ཁྱོད་འ་ཞའི་ཡུལ་ནས་སྨན་པ་བོས་ཏེ་མིག་ཕྱེ་ནས་རྒྱལ་ས་ཟུངས། གལ་ཏེ་མིག་འབྱེད་མ་ཐུབ་ན་སུམ་པའི་ཡུལ་དུ་བོན་པོའི་ཆུང་མ་རྒྱ་མོ་རྒྱ་ལྕམ་བྱ་བ་ལ་ངའི་བུ་སུམ་རི་རིང་པོ་བྱ་བ་ཞིག་ཡོད་པ་དེ་བོས་ནས་ཁྱོད་རང་གཤེགས་རྫུ་ཐོབ་ལ་ཁོང་རྒྱལ་སར་ཆུག །ཅེས་གསུངས་ཏེ་རྒྱལ་པོ་ཡབ་ཡུམ་གཉིས་བློན་པོ་སྙགས་ཐང་པ་ཡར་རྗེ་དང་བཅས་པ་གདུང་རྒྱུད་ལ་སྙུན་མི་ཕོག་པའི་ཆེད། ཡར་ལུང་ཞང་མདར་བང་སོ་བརྩིགས་ནས་གསོན་པོར་དུར་དུ་བཞུགས་པར་གྲགས་ཤིང༌། བང་སོའི་མིང་ལའང་གསོན་མཆད་ཟླུམ་པོ་ཟེར། བོད་རྗེ་སོ་གཅིག་པ་སྟག་རི་གཉན་གཟིགས་ནི། ཡབ་འབྲོང་གཉན་ལྡེའུ་བཙན་དང་ཡུམ་མཆིམས་བཟའ་ཀླུ་རྒྱལ་གྱི་སྲས་སུ་འཁྲུངས། འདི་ཉིད་ཐོག་མར་བཙས་སྐབས་དམུས་ལོང་ཡིན་པས་མཚན་ཡང་དམུས་ལོང་དཀོན་པ་བཀྲ་ཞེས་གསོལ། ཡབ་ཀྱི་ཞལ་ཆེམས་བཞིན་འདི་ཉིད་ཀྱིས་འ་ཞའི་ཡུལ་ནས་སྨན་པ་གདན་དྲངས་ཏེ་སྤྱན་ཕྱེ་སྐབས་སྐྱིད་ཤོད་སྟག་མོ་རི་ལ་རི་དྭགས་གཉན་འདུག་པ་གཟིགས་པས་མཚན་ཡང་སྟག་རི་གཉན་གཟིགས་སུ་ཐོགས། ཁྲི་ངོར་སྣང་བཙན་མོང༌། །སྣ་ནམ་མང་གཉའ། སྦྲང་ཁྲི་ཟུང་ལན་པ་རྣམས་ཀྱིས་བློན་པོ་བྱས། ར་སངས་ཁྲི་ནེ་ཁོད་ཀྱིས་སྐུ་བོན་བྱས། སྟོང་བཙུན་འབྲོ་དཀར་རམ་འོལ་གོད་བཟའ་སྟོང་བཙུན་འབྲོ་དཀར་ཁབ་ཏུ་བཞེས། རྒྱལ་པོ་འདིའི་མཛད་རྗེས་གཙོ་བོ་ཁག་ནི། བན་རྗེ་དང༌། འ་ཞ་རྗེ། དྲང་གར་རྗེ། ཟིན་པོ་རྗེ། ཞང་ཞུང་རྗེ་རྣམས་བཏུལ་ནས་མངའ་འོག་ཏུ་འདུ་བར་བྱས། འཕྲུལ་བློན་མཛངས་མི་བདུན་གྱི་གསུམ་པ་ཁྲིར་སྣང་བཙན་མོང་གིས་ཚོང་ལས་དང་འཇལ་བྱེད་བྲེ་སྲང་སོགས་གསར་དུ་བཏོད། རྒྱལ་པོ་འདི་ནི་དབུ་རྨོག་བཙན་ལ་སྙན་གྲགས་ཆེ་བ་ཞིག་བྱུང༌། གདུང་གི་བང་སོ་དོན་མཁར་མདའ་རུ་བརྩིགས་པ་དང་། གྲལ་ནི་ཁྲི་གཟུང་བང་སོའི་གཡོན་ན་ཡོད། དེ་ཡང་ཕུལ་མེད་ས་ཕུང་བརྡལ་བ་འདྲ། །ཞེས་སོ།། བོད་རྗེ་སོ་གཉིས་པ་གནམ་རི་སྲོང་བཙན་ནི། ཡབ་སྟག་རི་གཉན་གཟིགས་དང་ཡུམ་སྟོང་བཙུན་འབྲོ་དཀར་གྱི་སྲས་སུ་བོད་ས་སྟག་(སྤྱི་ལོ་༥༥༨)ལོར་འཁྲུངས་སྐད། གཙོའི་བོན་པོ་ཁྲི་ཁྱུང་གྲགས་པས་སྐུ་བོན་བྱས། དབས་སྣང་བཞེར་དང༌། ཚེ་སྤོང་ན་གནག་སེར། ཉང་ཙེང་ཀུམས་ཀྱིས་བློན་པོ་བྱས། ཚེ་སྤོང་བཟའ་འབྲི་མ་ཐོད་དཀར་ཁབ་ཏུ་བཞེས། རིགས་སྲས་སྲོང་བཙན་སྒམ་པོ་དང༌། སྲས་མོ་སད་མ་དཀར། གཅུང་མོ་སློན་ཀོང་བཅས་འཁྲུངས། གཅུང་པོ་འོལ་གོད་ཚ་སློན་གེར་ལེགས་བྱ་བ་ཐང་མཚམས་སུ་ཕབ། རྒྱལ་པོ་འདིའི་མཛད་རྗེས་ནི། རྒྱ་ནག་གི་ཡུལ་ནས་རྩིས་དང་སྨན་དཔྱད་བླངས། མཐའ་ཡི་རྒྱ་དང་གྲུ་གུ་འོག་ཏུ་བཏུལ། རྒྱལ་པོ་སྐུ་ངོ་མས་དམག་མི་ཁྲི་ཕྲག་ཙམ་ཁྲིད་ནས་གཡུལ་བཤམས་ཏེ་མཁར་ཡུ་སྣ་ནི་གཏོར། དགུ་གྲི་ཟིང་པོ་རྗེ་ནི་བརླགས། མང་པོ་རྗེ་གསུམ་བུ་ནི་དྲུ་གུའི་ཡུལ་དུ་བྲོས། ཕག་གི་ཡུང་བ་སྣ་མན་ཆད་ཀོང་པོ་བྲེ་སྣ་ཡན་ཆད་བཙན་པོའི་ཕྱག་ཏུ་ལོན་ཞིང༌། བཙན་པོས་བཀའ་ཕབ་སྟེ་སྔར་ཡུལ་ངས་པོ་ཟེར་བ་ལ་འཕན་ཡུལ་ཞེས་མིང་བརྗེས་སོ། དེ་སྐབས་མྱང་ཙེང་སྐུ་དང༌། དབས་དབྱི་ཚབ། མནོན་འདྲོན་པོ། ཚེས་པོང་ནག་སེང་བཅས་ཀྱིས་སྤུ་རྒྱལ་ལ་བློ་དཀར་བྱས་པས་བྲན་གཡོག་ཁྱིམ་དུད་མང་པོ་དང༌། ཡུལ་ཆེན་པོ་གནང་བ་མ་ཟད། རྒྱལ་པོའི་བློན་པོར་བཅུག་པ་དང༌། ཁྱུང་པོ་སྤུང་སད་ཀྱིས་རྩང་བོད་ཀྱི་རྗེ་བོ་མར་མུན་ཞེས་པའི་མགོ་བཅད་དེ་རྩང་བོད་ཀྱི་འབངས་མི་ཁྱིམ་དུད་ཁྲི་ཕྲག་གཉིས་སྤུར་རྒྱལ་བཙན་པོའི་མངའ་འབངས་སུ་ཕུལ་བ་དང༌། སེང་གོ་མི་ཆེན་གྱིས་དྭགས་པོ་ཡོངས་རྫོགས་སླར་ཡང་བཙན་པོའི་མངའ་འབངས་སུ་བཀུག་པ་སོགས་དབུས་གཙང་ཕལ་ཆེ་བ་སྤུ་རྒྱལ་གྱི་མངའ་ཞབས་སུ་ཚུད། གཞན་ཡང་སྐུ་མཁར་ཁྲི་བརྩེགས་འབུམ་གདུཊ་བྱ་བ། བ་དམར་པོའི་འོ་མའི་འཇིམ་པས་བརྩིཊ་པ་དང༌། དམུས་ཏེ་ལོང་བ་ཁྲིད་དེ་བྲག་གསུམ་དེང་མའི་མཚོ་འགྲམ་ནས་རྟ་མདོ་བ་ཅང་ཤེས་རྙེད་དེ་རྒྱལ་པོའི་ཆིབས་པ་བྱས། སྦྲང་དགའ་བོ་དང་རྨུ་དཔུང་རི་བྱ་བའི་གྱད་གཉིས་ཀྱིས་ཞབས་ཏོག་བྱས་ཏེ་ཕུང་གཡག་ཐལ་ཀ་རུ་རིང་བྱ་བའི་བྱང་འབྲོང་སྨྱོན་པ་བསད་ནས་ཤ་རྟ་སྒ་ལ་བཏགས་པ་སར་ལྷུང་བ་ལ་ཚྭ་འགོས་པས་བྲོ་བ་ཚོར་ཏེ་ལན་ཚྭ་ངོ་ཤེས་ནས་ཚྭ་ལེན་པའི་སྲོལ་བྱུང་སྐད། སྐབས་དེར་རྒྱལ་པོའི་བཞུགས་གནས་ཀྱང་ཡར་ལུང་གཙང་པོའི་ཤར་ཕྱོགས་སུ་སྤོས་ཏེ་མལ་གྲོའི་ཕོ་བྲང་བྱམས་པ་མི་འགྱུར་གླིང་བཞེངས་པར་སྣང༌། མཐར་རྒྱལ་པོ་འདི་ཉིད་མོན་དུག་ཕུལ་ནས་བཀྲོངས་པར་གྲགས་ཤིང༌། བང་སོ་དོན་མཁར་མདར་བརྩིགས་པ་དང༌། བང་སོ་གྲུ་བཞིར་བཙིགས་པ་དེ་ནས་བྱུང༌། །གྲལ་ནི་ཁྲི་གཟུང་བང་སོའི་གཡས་ན་ཡོད། །ཕུལ་ཆེ་དབྱིབས་ནི་གྲུ་བཞི་སོག་ཀ་རིས། །མིང་དུ་གུང་རི་སོག་ཀར་བཏགས་སོ་སྐད། ། མདོར་ན་རྒྱལ་པོ་འདི་དག་གི་སྐབས་ས་ཁྱོན་རྒྱ་བསྐྱེད་ཇེ་ཆེར་བཏང་ཞིང་། ལྷག་པར་གནམ་རི་སྲོང་བཙན་སྐབས་ཡུལ་ཡར་ཀླུང་ཧྲིལ་པོ་དབང་བྱས་པར་མ་ཟད། ད་དུང་གཙང་དང་། དྭགས་ཀོང་མྱང་གསུམ། སུམ་པ། དབུས་ཀྱི་འཕན་པོ་སོགས་སུའང་ལུང་རྒྱུགས། རྒྱ་ནག་དང་ཡང་འབྲེལ་བ་རགས་ཙམ་བྱུང་སྟེ། སྨན་དང་རྩིའི་ཚོང་བྱས། ཇ་དང་ཁ་ཟས་ལན་ཚྭ་སྤྱོད་པའི་སྲོལ་དར་བ་སོགས་ཡར་ཀླུང་ཆོས་འབྱུང་དུ་བཤད། རྒྱལ་པོ་འདི་ནང་ཁུལ་བློན་པོ་དག་དང་འགལ་བ་ཅི་ཆེར་བྱུང་བ་ལས་ལྐོག་ཏུ་དུག་དྲངས་ནས་བཀྲོངས་པ་དང་། བཙན་པོ་བཀྲོངས་པའི་རྗེས་སུ་ཡབ་འབངས་ཐམས་ཅད་ཡུས་ཆེ་བ་དང་། ཡུམ་འབངས་ཐམས་ཅད་ངོ་ལོག་པར་མ་ཟད། ཞང་ཞུང་དང་། སུམ་པ། དྭགས་ཀོང། མྱང་སོགས་ཀྱང་ངོ་ལོག་ནས་གཅིག་གྱུར་གྱི་སྟོབས་ཤུགས་ཡོངས་སུ་ཉམས་ཏེ་སིལ་བུར་འཐོར།། ཁ་བའི་མེ་ཏོག་འཕུར་བའི་ཞིང་ཁམས་ན། ། སྡེ་བཞིའི་སྲིད་ཀྱི་སྤོ་ལ་གནས་བཅས་ཏེ། ། སྟོབས་ཀྱི་དཔུང་པའི་རྩལ་རྫོགས་སྤུར་རྒྱལ་ཚོ། ། གངས་ཀྱི་རི་ལ་ཤ་ར་བྷབཞིན་འགྱིང༌། །ཞེས་ཀྱང་སྨྲས་སོ། །༧ སྨད་ཀྱི་བཙན་བཅུ། དེ་ནས་སྨད་ཀྱི་བཙན་བཅུ་ནི། སྲོང་བཙན་སྒམ་པོ། གུང་རུ་གུང་བཙན། མང་སྲོང་མང་བཙན། འདུས་སྲོང་མང་རྗེ། ཁྲི་ལྡེ་གཙུག་བརྟན། ཁྲི་སྲོང་ལྡེའུ་བཙན། མུ་ནེ་བཙན་པོ། ཁྲི་ལྡེ་སྲོང་བཙན། ཁྲི་ལྡེ་གཙུག་བརྟན། འུ་དུམ་བཙན་པོ་བཅས་ཡིན་ནོ།། འདིར་བོད་ཀྱི་དེབ་ཐེར་ཡོངས་གྲགས་སུ། སྨད་ཀྱི་བཙན་དགུ་ཞེས་ལྷ་སྲས་དར་མ་འུ་དུམ་བཙན་པོ་མ་བགྲང་པ་ནི། ལོ་རྒྱུས་འབྲི་མཁན་ཚོའི་སེམས་ཁོང་དུ་ཡོད་པའི་ཆོས་ཞེན་ཀྱི་ཕྱོགས་ལྷུང་དེ་ཉིད་གསལ་བྱེད་ཙམ་ལས་རྒྱུ་མཚན་གཞན་མ་མཐོང་ཞིང་། བཙན་བཅུ་ཞེས་བགྲང་ན་ས་བཅད་ཀྱི་འགྲོས་བདེ་བ་སོགས་དགེ་མཚན་དང་། རྒྱུ་མཚན་གཞན་ཡང་མང་བས་འདིར་བཅུ་ཞེས་བགྲང་པ་ཡིན་ནོ།། བོད་རྗེ་སོ་གསུམ་པ་སྲོང་བཙན་སྒམ་པོ་ནི། རབ་བྱུང་མ་ཚུགས་གོང་གི་མེ་གླང་སྤྱི་ལོ་(༦༡༧)ལོར་མལ་གྲོ་རྒྱ་མ་ནང་གི་ཕོ་བྲང་བྱམས་པ་མི་འགྱུར་གླིང་དུ་ཡབ་རྒྱལ་པོ་གནམ་རི་སྲོང་བཙན་དང༌། ཡུམ་ཚེ་སྤོང་བཟའ་འབྲི་མ་ཐོད་དཀར་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ལོ་ཚིགས་འདི་ནི་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་དེབ་དཀར་དང༌། ཐང་ཧྲུན་ཡིག་ཆ་གཉིས་ཀ་དང་མཐུན་ནོ། །དགུང་ལོ་བཅུ་གསུམ་པ་ས་གླང་སྤྱི་ལོ་(༦༢༩)ལོར་རྒྱལ་ས་འཛིན། བཙུན་མོ་མོང་བཟའ་ཁྲི་ལྕམ་ཁབ་ཏུ་བཞེས་ཏེ་རིགས་སྲས་གུང་རི་གུང་བཙན་འཁྲུངས། །ད་དུང་བཙུན་མོ་ཆུང་བ་ཞང་ཞུང་བཟའ་ལི་ཐིག་སྨན་དང༌། མི་ཉག་རུ་ཡོང་བཟའ་རྒྱལ་མོ་བཙུན། བལ་བཟའ་ཁྲི་བཙུན། རྒྱ་བཟའ་ཀོང་ཇོ་བཅས་ཁབ་ཏུ་བཞེས་ཀྱང་རིགས་སྲས་མ་འཁྲུངས། ཆོས་རྒྱལ་འདིས་ལོ་ངོ་ཉེར་གཉིས་ཀྱི་རིང་དུ་ཆབ་སྲིད་བསྐྱངས་ཤིང་། དེའི་རིང་ལ་ཕྱི་ནང་བར་གསུམ་གྱི་བློན་པོ་རྣམས་བསྐོ་བཞག་མཛད་ཅིང་མཐའ་བཞིའི་རྒྱལ་ཕྲན་དབང་དུ་བསྡུས་ཏེ་བོད་ཁམས་གཅིག་གྱུར་བཟོས་པ། བོད་ཀྱི་ཆབ་སྲིད་གཏན་ཆགས་སུ་ཡོང་བའི་ཆེད་དུ་རྒྱལ་ཁབ་ཀྱི་སྒྲིག་གཞི་དང་ལས་རིགས་སོ་སོའི་ཁྲིམས་ཡིག་གཏན་འབེབས་མཛད་པ། བལ་ཡུལ་དང་རྒྱ་ཡུལ་ནས་ཇོ་ཤུཀྱ་རྣམ་གཉིས་གདན་འདྲེན་ཞུས་པ། སངས་རྒྱས་ཀྱི་ཆོས་བོད་དུ་སྤེལ་ནས་གཙུག་ལག་ཁང་བཞེངས། བོད་ཡིག་གཅིག་གྱུར་བཟོས་ནས་བརྡ་སྤྲོད་གཞུང་ལུགས་ཚད་ལྡན་ཅན་དུ་གཏན་འབེབས་མཛད་པ། བོད་ཀྱི་ཆབ་སྲིད་མཐའ་བཞིར་བཀྱེད་ནས་དཔལ་འབྱོར་རིག་གནས་སྤེལ་རེས་མཛད་པ་བཅས་ཡིན་ཞིང་། དེ་ཡང་རྒྱལ་པོ་འདི་ཉིད་ཀྱི་མཛད་རྗེས་ཕྱོགས་བསྡོམས་ཙམ་བྱས་ན། དང་པོ་བོད་ཁམས་གཅིག་གྱུར་བྱས་ཏེ་རྒྱལ་ས་དང་ཕོ་བྲང་ལྷ་སར་སྤོས་པ་དེ་ཡིན་ལ། དེ་ཡང་མེས་དབོན་འདི་ཉིད་ཡབ་གནམ་རུ་དུག་གིས་བཀྲོངས་པའི་སྐབས་ཁོང་དགུང་ལོ་བཅུ་གསུམ་ཙམ་ལས་མ་ཟིན་ཀྱང་། ཡབ་ཀྱི་རྒྱལ་སར་འཁོད་པ་དང་། ཡབ་དང་གློ་བ་ཉེ་བའི་བློན་པོ་དབས་དབྱི་ཚབ་དང་། མྱང་མང་པོ་རྗེ་སོགས་ལ་བརྟེན་ནས་ཐོག་མར་ཡབ་ལ་གློ་བ་རིང་ཞིང་དུག་སྦྱོར་བྱེད་མཁན་རྣམས་བརྩད་གཅོད་ནས་ཚར་བཅད་དེ་ནང་ཁུལ་གྱི་གནས་བབས་ཇེ་བརྟན་དུ་བཏང། དེ་ནས་ངོ་ལོག་རྒྱལ་ཕྲན་རྣམས་རིམ་པར་བཞིན་བཏུལ། རང་གིས་ཡབ་ཡུམ་གྱི་རུས་ཚན་རྣམས་རང་བཞིན་གྱིས་བཙན་པོ་སྲིད་འོག་ཏུ་ཕྱིར་འཛུལ། མཐའ་ཁུལ་གྱི་དྭགས་ཀོང་མྱང་གསུམ་ཡང་། ཡབ་ཀྱི་རུས་ཡིན་པས་དམག་བྱེད་མ་དགོས་པར་སྲིད་འོག་ཏུ་ཆུད། ད་དུང་སྲོང་བཙན་རང་གི་གོ་བབས་སྲ་བརྟན་དུ་གཏོང་བའི་ཆེད། བློན་པོ་གཞོན་གྲས་ཁག་ལའང་མཉམ་ཤི་མཉམ་གནས་ཀྱི་གནའ་འབྲེལ་བཙུགས་ཏེ་ནང་ཁུལ་མཐུན་ལམ་ཇེ་ཟབ་ཏུ་གཏོང་། རྒྱལ་བློན་ཐམས་ཅད་བསམ་པའི་ཆུ་བོ་གཅིག་ཏུ་འདྲེས་པའི་སྐབས། ལྕགས་ཡོས(༦༣༡)ལོར་ཕོ་བྲང་བྱམས་པ་མི་འགྱུར་གླིང་ནས་མི་འཇིགས་པའི་དཔུང་གི་ཚོགས་མང་པོས་བསྐོར་ཏེ་འོ་ཐང་སྨན་མཚོའི་འགྲམ་དེང་སང་གི་ལྷ་སར་སྤོས་ནས་ཕོ་བྲང་པོ་ཏ་ལ་གསར་སྐྲུན་བྱས། དེ་ནས་བཟུང་བོད་རྒྱལ་ཁབ་ཆེན་པོའི་བཙན་པོ་རིམ་བྱོན་གྱི་རྒྱལ་ས་ལྟེ་བ་ལྷ་ས་རང་དུ་གྱུར་པ་ཡིན་ནོ།། གཉིས་པ་མཐའ་བཞིའི་རྒྱལ་ཕྲན་དབང་དུ་བསྡུ་ཚུལ་ནི། གནམ་རུ་སྲོང་བཙན་གྱི་སྐུ་རིང་ལ་ཞང་ཞུང་བོད་ཀྱི་མངའ་རིས་སུ་གྱུར་ཅིང་། ཞང་ཞུང་རྒྱལ་པོ་ལིག་མྱི་སྐྱ་ལ་བཙན་པོའི་སྲས་མོ་སད་མར་ཀར་བག་མར་བརྫངས་པས་གློ་བ་ཉེ་ནའང་། སྲོང་བཙན་སྐབས་ཞང་ཞུང་རྒྱལ་པོས་བཙུན་མོ་ཆེ་བར་གཤིན་ཆེས་པས་སྲས་མོ་སད་མར་ཀར་དང་མ་འདུམ་པའི་སྐྱོན་ལས། ཞང་བོད་བར་གྱི་འཁོན་བྱུང་ཞིང་། འོན་ཀྱང་ཞང་དམག་སྟོང་སྡེ་དགུ་འབུམ་དགུ་ཁྲི་ཡོད་པ་དང་། བོད་ལ་སྟོང་སྡེ་བཞི་བཅུ་རྩ་གཉིས་ལས་མེད་པས། སྐབས་དེར་དམག་འཐབ་ཀྱིས་རྒྱལ་ཁ་ལ་གདེང་འཇོག་བྱེད་ཐབས་དཀའ་བས། ནང་བསླུས་ཏེ་བོད་ཀྱི་རྒྱལ་བློན་ཚོས་དྭངས་རིའི་གསེར་ཕུག་དང་དངུལ་ཕུག་བྱ་བ་གཉིས་སུ་གབ་ནས་བསྒུགས། ཞང་ཞུང་རྒྱལ་པོ་དེ་ཕྱོགས་ནས་འབྱོར་བ་དང་སྲོང་བཙན་རང་གིས་དུག་བགོས་པའི་མདའ་འཕངས་ཏེ་བསད། དེ་ནས་བཟུང་ཞང་ཞུང་ཡོངས་རྫོགས་དབང་བསྒྱུར་བྱས། ། དེ་རྗེས་བོད་ཀྱི་ཤར་ཕྱོགས་ཐང་གི་རྒྱལ་པོའི་སྲས་མོ་བཙུན་མོར་སློང་ཡང་ཐང་གོང་མས་ཁས་ལེན་མ་བྱས་པ་དང༌། སྐབས་དེར་འ་ཞ་ཡང་ཀོང་ཇོ་སློང་མཁན་དེར་ལྷག་ཡོད་པས་དེས་ཕྲ་མ་བཅུག་པར་དོགས་པ་ཟོས། དེར་སྲོང་བཙན་ཁྲོས་ནས་ཞང་ཞུང་དང་བོད་གཉིས་ཀའི་དཔུང་དམག་ཟླ་བསྒྲིལ་ཏེ་འ་ཞ་ལ་ཕབ། ཞར་ལ་ཐང་གི་མངའ་ཁོངས་ཡིན་པ་ཏང་ཞང་དང་། པེ་ལན། འཇང་གསུམ་ཡང་ཕམ་པར་བྱས། ད་དུང་རྒྱའི་མངའ་ཁོངས་སུང་ཀྲུའི་ཀྱང་བཅོམ། དེ་ནས་འ་ཞ་ཡོངས་རྫོགས་ཆམ་ལ་ཕབ། བལ་བཟའ་ཁྲི་བཙུན་བོད་རྒྱལ་གྱི་བཙུན་མོར་བླངས་པ་ནས་བོད་ཀྱི་རྒྱལ་པོའི་སྟོབས་འབྱོར་ཟིལ་ཤུགས་ཀྱིས། བལ་པོའི་རྒྱལ་ཁབ་རང་བཞིན་གྱིས་བོད་ཀྱི་བཙན་པོའི་འོག་ཏུ་འདུས། ། དེ་རྗེས་སླར་ཡང་(༦༤༨) ལོར་རྒྱ་གར་ནུབ་རྒྱུད་ཀྱི་རྒྱལ་པོ་ཞིག་གིས་ཐང་རྒྱལ་ཁབ་ལ་སངས་རྒྱས་ཀྱི་རིང་བསྲེལ་སོགས་དད་རྟེན་རྩ་ཆེན་འགའ་ཞིག་སྐྱེས་སུ་བསྐུར་བའི་ལན་དུ། ཐང་གི་རྒྱལ་པོ་དམག་དཔོན་ཟུང་ཞོན་ཚེ་ལ། གསེར་དངུལ་དར་ཟབ་སོགས་ཀྱི་ལེགས་སྐྱེས་བཏོས་ཆེར་བསྐུར་ནས་རྒྱ་གར་དུ་མངགས་པ་ན། རྒྱ་གར་ཀྱི་རྒྱལ་པོ་དེ་ནང་ཁུལ་བློན་པོ་ཞིག་གིས་བསད་དེ་རྒྱལ་སྲིད་བཙན་འཕྲོག་བྱས། ཐང་གི་ཕོ་ཉ་རྣམས་བཟུང༌། ལེགས་སྐྱེས་རྣམས་འཕྲོག །འགའ་ཞིག་བྲོས། ཐར་བ་རྣམས་བོད་དུ་ཡོང་ནས་བཙན་པོ་ལ་ཞུས། བཙན་པོ་དབོན་ཞང་གི་འབྲེལ་བ་ལ་ངོ་ལྟོས་ཏེ་བལ་བོད་ཀྱི་དམག་དཔུང་གཅིག་ཏུ་བསྒྲིལ་ནས་རྒྱ་གར་ནུབ་ཕྱོགས་སུ་དམག་བྱས། མི་ཁྲི་ལྷག་བསད། རྟ་དང་བ་གླང་ཁྲི་ཁྲག་ལྷག་འཕྲོག རྒྱལ་གཞིས་འབངས་འཁོར་བཅས་པ་བོད་ཀྱིས་དབང་བསྒྱུར་བྱས། གསུམ་པ་ཆབ་སྲིད་དང་དམག་དཔུང་གི་སྒྲིག་གཞི་བཙུགས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་སྲ་བརྟན་བཏང་ཚུལ་ནི། དབུ་རུ་དང་། གཡོན་རུ། གཡས་རུ། རུ་ལག། སུམ་པ་རུ། ཞང་ཞུང་རུ་སྟེ་རུ་སྡེ་ཆེན་པོ་དྲུག་བཙུགས་ཏེ། དེ་ཡང་སུམ་པའི་རུ་སྡེ་མ་གཏོགས་པ་གཞན་རྣམས་ལ་སྟོད་སྨད་གཉིས་རེ་ཕྱེས་པའི་རུ་སྡེ་བཅུའི་སྟེང་། སུམ་པའི་རུ་སྡེ་བསྣན་པས་རུ་སྡེ་བཅུ་གཅིག་ཏུའང་བགྲང་སྲོལ་ཡོད། འདི་དག་ནི་བོད་རྒྱལ་ཁབ་ཀྱི་སྲིད་འཛིན་ས་ཁུལ་ཡིན་པར་མ་ཟད། དམག་དོན་ཀྱི་རྩ་འཛུགས་ཀྱང་ཡིན་ལ། སྲོང་བཙན་ནས་ལྷ་སྲས་དར་མའི་བར་རྒྱལ་ཐོགས་བཅུའི་རིང་ལ་སྲིད་འཛིན་ས་ཁུལ་དང་དམག་དོན་ལམ་ལུགས་ལ་འགྱུར་བ་ཆེན་པོ་མ་བྱུང་བར་གནས་ཐུབ་ཡོད། ལམ་ལུགས་འདི་ནི། རྒྱ་ནག་ཐང་གི་རྒྱལ་རབས་ཀྱི་སྲིད་འཛིན་ས་ཁུལ་དང་ཤན་སྦྱར་བྱས་ན། ཏོའོ་རིམ་པའི་ས་ཁུལ་དང་མཚུངས། རུ་ཆེན་དྲུག་གི་ལས་ཁུངས་ལྟེ་བ་ནི་རིམ་པ་བཞིན་ར་མོ་ཆེ་དང་། ཁྲ་འབྲུག །ཞོང་པ་ཚལ། དུར་པ་སྣ། སྟག་པ་ཚལ། ཁྱུང་ལུང་བཅས་ཡིན་ནོ། ། རུ་སྡེ་དྲུག་པོ་དེ་དག་ལ་རྒྱལ་བློན་སོ་སོ་ལ་དབང་བའི་སྒེར་འཛིན་གྱི་དཔྱ་ཁྲལ་ཁྲིམས་འཛིན་གྱི་སྒོ་ནས་ཡུལ་གྱི་དབང་རིས་བཅོ་བརྒྱད་དུ་ཕྱེས་པ་ནི། དབུ་རུ་ཤོད་དང་། ཕོ་བྲང་སྣེ་རྩེ་གཉིས་བཙན་པོ་ལ་དབང་བའི་དབང་རིས་དང་། ལྷག་མ་ཁུ་དང་གཉགས་ཀུང་རིང་སྡེ་ལྔ། མགོས་དང་སྣུབས་་སྤོང་། འབྲོང་དང་ཁྱུང་པོ། འགྲུ་དང་ཕྱུགས་མཚམས། སྒྲོ་དང་རྨ། འབྲེ་དང་ལྕེ། རི་དང་གླེ། བྲན་ཀ། སྦས། འབྲིང་དང་ཆག །ཕྱ་དང་ར། རྒོད་སྟོང་སྡེ་བརྒྱད་བཅས་བཅུ་དྲུག་ནི་བློན་རྣམས་ཀྱི་དབང་རིས་ཡིན་ལ་བློན་པོ་རྣམས་ཀྱི་རང་ཁོངས་དབང་རིས་ཀྱི་ནང་ནས། རྗེ་བོ་དང་། སྡེ་དཔོན། རྩེ་རྗེ། མཁར་དཔོན། སོ་དཔོན། ཚུགས་དཔོན་ལ་སོགས་པའི་གོ་རིམ་གྱིས་དཔོན་ཐོབ་ཀྱི་དབང་རིས་ངེས་ཅན་རེ་བསྩལ་ནས། ས་ཁྱོན་ཆེ་ཕྲ་འཛིན་སྐྱོང་བྱེད་སྲོལ་ལས་རང་ས་སྲུང་བའི་རྗེ་དཔོན་ཚོ་ལ་ཝང་དང་། ཐེ་ཇི། ཇེ་སང། ཏུ་ཀོ་ཤི། ནོ་མོ་ཧན་ཟེར་པ་ལྟ་བུའི་རྒྱ་སོག་གི་སྐད་རིགས་ཡ་མ་ཟུང་རེ་བཏགས་ནས་གཞན་གྱི་ཐ་སྙད་ལ་འགྲམ་ཆུ་ལྡང་བའི་ལུགས་སྲོལ་ཡ་མཚན་པ་དེ་འདྲ་མེད་དོ།། གོང་གསལ་བོད་ཀྱི་རུ་ཆེན་དྲུག་བཤད་པ་དེའི་ཁོངས་སུ་སྟོང་སྡེ་དྲུག་ཅུ་རེ་གཅིག་ཡོད་དེ། དེ་ཡང་དབུ་རུ། གཡོན་རུ། གཡས་རུ། རུ་ལག། ཞང་ཞུང་ལྔ་ལ་སྟོང་སྡེ་བཅུ་རེ་བྱས་པའི་ལྔ་བཅུ་དང་། སུམ་པར་སྟོང་སྡེ་བཅུ་གཅིག་སྟེ་བསྡོམས་པས་སྟོང་སྡེ་དྲུག་ཅུ་རེ་གཅིག་ཏུ་བཤད་ཅིང་། །བློན་པོ་བཀའ་ཐང་དུ། རྒྱལ་པོའི་འཕྲིན་ལས་སྐུ་མཁར་སྟོང་སྡེ་གསུམ། ། གཡོན་རུའི་བཀའ་བཏགས་སྟོང་སྡེ་གཉིས། ། ཆབ་འོག་བཀའ་བཏགས་དབུ་རུ་སྟོང་སྡེ་ལྔ། ། གཡས་རུ་བཀའ་བཏགས་སྟོང་སྡེ་བདུན། ། བོད་ཁམས་གཞི་མའི་ས་ལ་སྟོང་སྡེ་བཅོ་བརྒྱད། ། སྟོད་ཀྱི་ཞང་ཞུང་སྟོང་སྡེ་བཅུ་གསུམ། ། སྨད་ཀྱི་སུམ་པ་སྟོང་སྡེ་བཅུ་གསུམ་བཅས་བསྡོམས་པས་སྟོང་སྡེ་དྲུག་བཅུ་རེ་གཅིག་ཏུ་བཤད། ། དུས་ཕྱིས་ལི་ཡུལ་ནས་རྙེད་པའི་ཁྲམ་བུའི་ཡི་གེ་ལྟ་ན། སྟོང་སྡེ་ལྔ་བཅུ་འཁོད་པར་མ་ཟད། དེ་དག་གི་མིང་རེ་རེ་བཞིན་གསལ་ཡང་། འདིར་མངས་སུ་དོགས་ནས་མ་བྲིས། དེ་ལ་སྟོང་སྡེ་ཞེས་པ་ནི་དམག་གྲངས་སྟོང་ལངས་པ་ནས་ཁྲི་མན་ཆད་ལ་སྟོང་སྡེ་རེ་བཏགས་པ་ཡིན་ཡང་། དུས་ཕྱིས་སྟོང་སྡེ་རེ་ལའང་དམག་དཔུང་འཕེལ་རྒྱས་བྱུང་ནས་ཁྲི་ཕྲག་དུ་མ་བྱུང་ཡང་སྟོང་སྡེ་ཞེས་པའི་མིང་ལ་དེ་སྔོན་བཙན་པོས་དམག་སྒྲིག་ཏུ་འཁོད་པ་ལ་འགྱུར་བ་བཏང་མ་ནུས་པར་རང་སོར་བཞག་པར་བཤད། གཞན་ཡང་བོད་ཁམས་དཔའ་བའི་སྡེ་གསུམ་དུ་ཕྱེས་ཏེ། མོན་དང་། མངའ་རིས། གྲུ་གུ་སོགས་སྟོད་ཀྱི་དཔའ་བོའི་སྡེ་དང་། ཆ་སྐོར་དར་མ་མན་ཆད་དང་། རི་པེ་ནམ་ལུང་ཡན་ཆད་དེ་དེང་སང་གིས་ཆབ་མདོ་མན་ཆད་དང་ཡུན་ནན་དར་མདོ་ཡན་ཆད། སྟོད་ཀྱི་དཔའ་བོའི་སྡེ། རྨ་ཆེན་སྤོམ་ར་མན་ཆད་དང་ཀ་ཐང་ཀླུ་ཆེ་ཡན་ཆད། འ་ཞ་སྟོང་སྡེ་དྲུག་ཅུ་སོགས་དེང་སང་གི་མཚོ་སྔོན་དང་ཀན་སུའུ་བཅས་པ་སྨད་ཀྱི་དཔའ་བོའི་སྡེ་ཞེས་བཏགས་ཏེ་སྡེ་གསུམ་གྱིས་བོད་ཁམས་ཡོངས་རྫོགས་ལ་ཁྱབ་པ་ཡིན་ནོ།། བཞི་པ་ཆོས་དང་རིག་གཞུང་གི་སྲོལ་རྒྱ་ཆེར་འཕེལ་བའི་ཚུལ་ནི། སྲོང་བཙན་དགུང་ལོ་བཅུ་གསུམ་སྐབས་བོད་ཀྱི་བཙན་པོའི་ཁྲི་ལ་འཁོད་པ་ན། ཕྱོགས་མཐའི་ཁྱིམ་མཚེས་རྒྱལ་ཁབ་དག་གིས་འཚམས་འཕྲིན་དང་ལེགས་སྐྱེས་དངོས་འབུལ་གྱི་མི་སྣ་དུ་མར་འབྱོར་བ་ལ། དེ་ལན་སྐྱེས་འབུལ་ཙམ་ལས་ཡིག་ལན་ཕུལ་ཐབས་མ་བྱུང་བས། བཙན་པོ་ཐུགས་ཕྱུངས་ཏེ་བློན་པོ་རྣམས་བཀའ་བགྲོས་པས་མགར་གྱི་དགོངས་འཆར་ལྟར་འཕགས་ཡུལ་དུ་བོད་ཕྲུག་རིག་པ་གསལ་བ་སུ་འགྲོ་བ་ལ་རྒྱལ་པོའི་མཛོད་ནས་མཐུན་རྐྱེན་སྦྱར་བའི་དྲིལ་སྒྲོགས། བོད་བློན་ཐོན་མིའི་བུ་ཐོན་མི་ཨ་ནུས་རང་འགུལ་གྱིས་ཁས་བླངས་ཏེ་(སྤྱི་ལོ་༦༣༣)འཕགས་ཡུལ་དུ་བརྟོལ། མི་ལོ་བདུན་གྱི་རིང་ལ་ལྷ་རིག་པའི་སེང་གེ་སོགས་བསྟེན་ནས་རིག་གནས་སྤྱི་དང་ལྷག་པར་ཡིག་རིགས་དྲུག་ཅུ་རྩ་བཞིར་མཁས་པར་སྦྱངས་ཏེ་བོད་དུ་ཕེབས། བཙན་པོའི་བཀའ་བཞིན་སྐུུ་མཁར་མ་རུ་ལེ་དྲར་བཞུགས་ཏེ། ལེགས་སྦྱར་གྱི་ཡི་གེ་ལ་བོད་སྐད་ཀྱི་འགྲོས་དང་བསྟུན་ནས་འདོར་ལེན་རྒྱ་ཆེར་བྱས་ཏེ། དབྱངས་གསལ་སོ་བཞིར་གཏན་འབེབས་ཀྱིས་སུམ་རྟགས་གཉིས་ཀྱིས་གཙོས་བརྡ་སྤྲོད་པའི་བསྟན་བཅོས་ཆེན་པོ་བརྒྱད་བརྩམས། བོད་གངས་ཅན་པའི་ཆོས་དང་རིག་གཞུང་གི་སྲོག་རྩ་ལྟ་བུ་འདི་ཉིད་གསར་གཏོད་གནང་བ་ནས་ད་ལྟའིི་བར་མི་རིགས་ཤིག་གི་ངོ་བོ་མཚོན་པའི་དཔང་རྟགས་ཀྱི་གཟི་བྱིན་བླ་ན་འབར་བ་འདི་བཞིན་ཡིན་ལ། འདིའི་གོང་དུ་བོད་ལ་ཡི་གེ་ཡོད་མེད་དང་། རྨ་ཡིག་དང༌། ཞང་ཞུང་གི་ཡིག་རྒན་སོགས་བོད་ཡིག་ཡིན་མིན། བོད་ཡིག་དཔེ་བླངས་ས་རྨ་ཡིག་དང་། ལེགས་སྦྱར། གུ}e་སོགས་ཀྱི་ཡི་གེ་གང་ཞིག་ཡིན་མིན་ལ་མཁས་པ་ཚོས་བཞེད་སྲོལ་འདྲ་མིན་ཡོད་ཀྱང་། འདིར་ཡོངས་གྲགས་ཀྱི་བཤད་སྲོལ་ལྟར་བསྡུས་བསྒྲིགས་བྱས་པ་ཙམ་ལས་རང་གི་འདོད་ཚུལ་ལྟར་བྲིས་པ་མིན་ནོ།། ཡི་གེ་འདི་ཉིད་རྨང་གཞིར་བྱས་ཏེ་ཐོན་མི་སམ་}ོË་ཊས་རྒྱ་གར་ནས་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉེར་གཅིག་དང་། བོད་ཀྱི་སྤུར་རྒྱལ་ཉེར་བརྒྱད་པ་ལྷ་ཐོ་རི་གཉན་བཙན་གྱི་སྐབས་སུ་བྱུང་བའི་ཟ་མ་ཏོག་བཀོད་པའི་མདོ་དང་། དཔང་སྐོང་ཕྱག་བརྒྱ་སོགས་བོད་སྐད་དུ་བསྒྱུར། དེ་དག་ཀྱང་མེས་དབོན་སྔ་མ་ཚོས་བོན་གྱི་སྟོན་པ་རེ་མཆོད་གནས་སུ་བསྟེན་པའི་སྲོལ་ལས་དུས་ཕྱིས་བོན་སྟོན་གྱི་འཕྲིན་ལས་དང་བཙན་པོའི་དབང་ཚད་གཉིས་དོ་མཉམ་པར་མ་ཟད། ཆབ་འབངས་ཀྱི་ཁྲིམས་སྲོལ་ལ་བོན་གྱི་ལུང་རྒྱུགས་པའི་དབང་ཚད་འཕེལ་བ་ལ་བརྟེེན་ནས། བོན་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ལ་ནང་ཁུལ་དབང་རིས་ཀྱི་འཐབ་རྩོད་དང་འགལ་ཟླ་ཆེས་ཆེར་བྱུང་སྐབས། བཙན་པོས་བོན་ལུགས་འབུར་འཇོམས་བྱེད་པའི་ལག་ཆ་དང་བོད་འབངས་ཆོས་ཀྱིས་སྐྱོང་བའི་ཆེད་དུ། སངས་རྒྱས་པའི་ཆོས་ལུགས་འདི་བཞིན་བོད་དུ་སྤེལ་དགོས་པའི་བཀའ་ལུང་བཞིན། གོང་གསལ་མདོ་སྡེ་དེ་དག་བོད་སྐད་དུ་བསྒྱུར་ནས་ཕན་བདེ་འབྱུང་གནས་བསྟན་པ་རིན་པོ་ཆེ་འདི་ཉིད་བྱང་ཕྱོགས་ཁ་བ་ཅན་དུ་ཉི་མ་དང་ཟླ་བ་ལྟར་གསལ་བའི་འགོ་ཚུགས་པ་ཡིན་ནོ། ། རྒྱ་ནག་ཐང་གི་རྒྱལ་པོ་དང་། བལ་ཡུལ་ཡམ་བུའི་རྒྱལ་པོའི་སྲས་མོ་གཉིས་བློན་ཆེན་མགར་གྱི་རིག་འཕྲུལ་དང་དྲག་པོའི་དམག་གི་འཇིགས་བསྐུལ་གྱི་འོག་བཙན་པོའི་བཙུན་མོར་བླངས་པའི་རྟེན་སྐལ་དུ་ཇོ་བོ་ཤུ་ཀྱ་མུ་ནེ་དང་། ཇོ་བོ་མི་བསྐྱོད་རྡོ་རྗེ་གཉིས་གདན་དྲངས། ཇོ་ཤུཀྱ་རྣམ་གཉིས་ཀྱི་གཙུག་ལག་ཁང་བརྩེགས་ཏེ་ད་ལྟའིི་བར་དུ་བྱིན་རླབས་ཀྱི་ཚན་ཁ་བླ་ན་འབར་བཞིན་སྐྱེ་རྒུ་སྤྱི་དང་གངས་ཅན་པའི་བསོད་ནམས་ཀྱི་ཞིང་ས་ཉིད་དུ་བཞུགས། དེ་བཞིན་མཐའ་འདུལ་བཞི་དང་། ཡང་འདུལ་བཞི། རུ་གནོན་བཞི་སྟེ་བཅུ་གཉིས་ལ་གཙུག་ལག་ཁང་བཅུ་གཉིས་(བཅུ་གཉིས་ཀྱི་ས་གནས་ངོས་འཛིན་པར་མ་ཎི་བཀའ་འབུམ་དང་མཁས་པའི་དགའ་སྟོན་སོགས་སུ་བཤད་ཚུལ་མི་འདྲ་བ་དུ་མ་ཡོད་) བཞེངས་ཏེ། ནད་ཡམས་དང་གདོན་བགེགས་བར་ཆད་ཐམས་ཅད་ཟིལ་གྱིས་གནོན་ནས་བོད་ཁམས་བདེ་ལ་བཀོད། ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་བཅས། བྲེ་སྲང་ཕུད་གསུམ་གྱི་འཇལ་ཚད་བོད་ཁམས་ཡོངས་རྫོགས་ལ་མཉམ་པར་བྱས། ད་དུང་མོང་བཟའ་ཁྲི་ལྕམ་གྱིས་ཡེར་བའི་གཙུག་ལག་ཁང་བཞེངས། ཞང་ཞུང་བཟའ་ལི་ཐིག་སྨན་གྱིས་ཐེམ་བུ་བཀོག་པའི་ལྷ་ཁང་བཞེངས། མི་ཉག་རུ་ཡོངས་བཟས་བྲག་ལྷ་ཕུག་གི་རང་བྱུང་རི་མོ་རྣམས་གསལ་པོར་བརྐོས་ཤིང་མིང་མང་ཚལ་གྱི་ལྷ་ཁང་བཞེངས་པ་སོགས། བཙན་པོའི་ཡུམ་རྣམས་ཀྱིས་ཀྱང་དམ་པའི་ཆོས་ལ་སྨན་པའི་བསོད་ནམས་ཀྱི་ལས་རླབས་ཆེན་བསགས་ཤིང༌། དེ་ལ་མོང་བཟའ་ཁྲི་ལྕམ་ནི། སྟོད་ལུང་མོང་དུ་ཞང་བློན་གྱི་སྲས་མོའི་རིགས་སུ་འཁྲུངས། གཟུགས་དང་ལང་ཚོའི་དཔལ་ཡོན་སོགས་ཕྱི་དང་ནང་གི་མཛེས་ཆོས་ཡོན་ཏན་མ་ཚང་བ་མེད་པ་འདི་ཉིད་བཙུན་མོ་ཀུན་ཀྱི་ཐོག་མ་ཁབ་ཏུ་བཞེས་པ་ཡིན་ཏེ། བོད་ཀྱི་ལོ་རྒྱུས་ཡིག་ཚང་ནང༌། བཙུན་མོ་སྔ་མ་མོང་བཟའ་ཁྲི་བཙུན། དེའི་ཕྱི་མ་ཞང་ཞུངབཟའ་ཁྲི་བཙུན། དེ་ནས་རུ་ཡོང་བཟའ་རྒྱལ་མོ་བཙུན་ཞེས་འཁོད་པ་ནས་མཁྱེན་ཐུབ། སྲོང་བཙན་གྱི་བཙུན་མོ་ལྔའི་སྔ་མར་གྱུར་པ་མོང་བཟའ་ཁྲི་ལྕམ་ལ་རྒྱལ་སྲས་གུང་སྲོང་གུང་བཙན་འཁྲུངས། མོང་བཟའ་ཁྲི་ལྕམ་གྱིས་ཡུམ་སྲས་ཀྱི་རྟེན་སྐལ་དུ་བྲག་ཡེར་པའི་ལྷ་ཁང་བཞེངས། བཙུན་མོ་འདི་ཉིད་ལ་བོད་མི་རྣམས་ཀྱིས་བཅོས་མིན་གྱི་གུས་བརྩི་ཞུ་བ་མ་ཟད། སྔ་དུས་ལྷ་ལྡན་གཙུག་ལག་ཁང་གི་འོག་ཤོད་ལྟེ་བའི་གཙང་ཁང་སྟེ་ཇོ་ཁང་གི་བར་ཁྱམས་བྱང་ངོས་ལན་ཀན་གྱིས་བརྒྱན་པའི་ཁྲི་སྟེགས་ཐོག་ཏུ་བཙན་པོ་ཡབ་ཡུམ་གསུམ་གྱི་སྐུ་བརྙན་དང་ལྷན་དུ་མོང་བཟའ་ཁྲི་ལྕམ་གྱིས་རྒྱལ་སྲས་གུང་སྲོང་གུང་བཙན་སྐུ་པང་དུ་བཏབ་ནས་བཞུགས་པའི་སྐུ་ཡི་སྣང་བརྙན་བཞེངས། ཕྱིས་ཀྱི་དུས་ལའང་བྱམས་པ་མཆེད་བཞིའི་ལྷ་ཁང་གི་ཕྱི་ཁྱམས་ཤར་ངོས་ལྡེབས་རིས་ལ་བཙན་པོ་ཡབ་ཡུམ་གསུམ་དང་ལྷན་དུ་མོང་བཟའ་ཁྲི་ལྕམ་ཡུམ་སྲས་ཀྱི་སྣང་བརྙན་བྲིས་ནས་ཡོད། ཞང་ཞུང་བཟའ་ལི་ཐིག་སྨན་ནི། ཞང་ཞུང་གི་རྒྱལ་པོ་ལི་མིག་སྐྱའི་སྲས་མོ་ཡིན་ཞིང༌། མོང་བཟའ་ཁྲི་བཙུན་དང༌། ཞང་ཞུང་བཟའ་ཁྲི་བཙུན། མི་ཉག་རུ་ཡོང་བཟའ་བཅས་ལ་ཇོ་མོ་བོད་མོ་ཞེས་བོད་ཀྱི་ལོ་རྒྱུས་ཡིག་ཚང་ནང་དམིགས་སུ་བཀར་ནས་གསུངས་པ་ལྟར་དེ་དག་བོད་མིའི་རིགས་ཡིན། བཙན་པོས་ཞང་ཞུང་ནས་བཙུན་མོར་བསུས་ཀྱང་རིགས་སྲས་ནི་མ་བྱུང་བར་སེམས། ཕྱག་རྗེས་སུ་ཐིམ་བུ་ལྐོག་གི་ལྷ་ཁང་བཞེངས། བོན་གྱི་ལོ་རྒྱུས་རྣམས་སུ་་དེ་ནི་གཡུང་དྲུང་བོན་གྱི་ལྷ་ཁང་ཡིན་ཞེས་འཁོད་འདུག་པ་ནི་ཅིས་ཀྱང་བདེན་སྙམ། མི་ཉག་རུ་ཡོང་བཟའ་ནི། མི་ཉག་ཏུ་རྒྱལ་པོའི་སྲས་མོར་དུས་རབས་བདུན་པའི་ནང་འཁྲུངས། བོད་ཀྱི་བཙན་པོས་གཉེན་སློང་བ་ལྟར་བོད་དུ་ཕེབས་ཀྱང་རིགས་སྲས་མ་བྱུང་། མིག་མང་ཚལ་གྱི་ལྷ་ཁང་དང་། ལྷ་ས་ལྕགས་པོ་རིའི་གཤམ་འོག་ཏུ་བྲག་ལྷ་མགོན་པོའི་ལྷ་ཁང་བཞེངས། བོད་ཀྱི་ཡིག་ཚང་ནང་། རུ་ཡོང་བཟས་བྲག་ལྷ་ཕུག་གི་སྐུ་རང་རྣམས་གསལ་བར་བརྐོས་ཏེ་ཚྭ་བ་བརྒྱད་ཅུའི་སྡེའི་བྲག་ཕྱེ་བྲེ་རེ་ཕེད་པ་ལ་ཚྭ་བྲེ་རེ་བྱིན་ནས་བྲག་ལ་བསྐོར་ཁང་བརྐོས། ཞེས་གསུངས། དེང་སང་མཐོང་ཆོས་སུ་ཡོད་པའི་བྲག་རྡོ་སྐོར་ཁང་ཅན་གྱི་བྲག་ལ་ཇོ་བོ་ཤུཀྱ་མུ་ནེའི་སྐུ་གཟུགས་འབུར་དུ་དོད་པ་གཙོ་བོར་བྱས་པའི་ལྷ་སྐུ་དང་སྲོང་བཙན་སྒམ་པོ་སོགས་ཀྱི་སྣང་བརྙན་སྣ་ཚོགས་ཡོད་པའི་བྲག་ཕུག་འདི་ཡིན་ནོ། དེ་དག་གི་ལོ་རྒྱུས་གནའ་བོའི་ཡིག་རྙིང་རྣམས་སུ་རྒྱས་པར་འཁོད་ཡོད་ངེས་ནའང་། དུས་ཕྱིས་རང་རེའི་ལོ་རྒྱུས་སྨྲ་བ་ཕལ་ཆེ་བ་རྒྱ་དཀར་ནག་སེར་གསུམ་དང་། ལི་དང་བལ་ཡུལ་ལྟ་བུ་མི་རིགས་དང་སྐད་རིགས་མི་གཅིག་པ་རྣམས་ལ་ཐུགས་ཤིན་ཏུ་དགྱེས་ཤིང་གཙིགས་ཆེན་འཛིན་པའི་དབང་གིས་ཀོང་ཇོ་དང་ཁྲི་བཙུན་གཉིས་ཀྱི་ལོ་རྒྱུས་མ་གཏོགས་བཙུན་མོ་གཞན་རྣམས་ཀྱི་མཛད་རྗེས་དང་བྱུང་རབས་ནི། བྱ་ནམ་མཁར་འཕུར་བ་དང་ཁབ་ས་འོག་ཏུ་བོར་བ་ལྟར་རྗེས་ཤུལ་ཙམ་ཡང་མཐོང་རྒྱུ་དཀོན་པས་འདིར་ཅུང་ཟད་གསལ་བ་བཀོད་པ་ཡིན་ནོ།། བཙན་པོ་རང་ཉིད་ཀྱི་རྗེས་སུ་འབྱུང་རྒྱུའི་གདུང་རྒྱུད་དང་དེ་དག་གི་སྐབས་བོད་ཁམས་བདེ་སྡུག་ཇི་ཡོང་གི་ལུང་བསྟན་པ་རྒྱལ་པོའི་བཀའ་ཆེམས་བཀའ་ཁོལ་མར་གྲགས་པ་ཡང་མཛད་དེ་གཏེར་དུ་སྦས། (འོན་ཀྱང་དུས་ཕྱིས་ཚད་ལྡན་དང་ཚད་ལྡན་མ་ཡིན་པའི་གཏེར་གཏོན་ཅི་རིགས་བྱུང་སྟེ། འགའ་ཞིག་གིས་གཏེར་མའི་ལུང་བསྟན་ལ་རང་འདོད་ལྟར་བཟོ་བཅོས་བརྒྱབ་པ་དང་། ཡང་ན་རང་གི་འདོད་བློ་ལྟར་གསར་རྩོམ་བྱེད་པ་སོགས་ཀྱི་རྐྱེན་ལ་བརྟེན་ནས། ལོ་རྒྱུས་སྨྲ་བ་ཚོས་མཐའ་གཅིག་ཏུ་ཡིད་ཆེས་བྱེད་ཐབས་མེད་པའམ་གལ་ཏེ་ཁུངས་སུ་བཅོལ་ནའང་དཔྱད་པ་ཞིབ་མོའི་ལུགས་སུ་བྱས་ན་མ་གཏོགས་ཡིད་རྟོན་བྱེད་ཐབས་མེད་པ་འདི་བྱུང་ངོ༌།།) དེ་ལྟར་བོད་ཁམས་གཅིག་གྱུར་དང་། སྲིད་འབྱོར་རིག་གསུམ། དམ་པའི་ཆོས། ལུགས་ཟུང་གི་ཁྲིམས་ལུགས་སོགས་ཀྱི་སྒོ་ནས་འཛམ་གླིང་སུམ་གཉིས་དབང་བསྒྱུར་བྱས་པས་མཚོན། བོད་རྒྱལ་ཁབ་འདི་ཉིད་འཛམ་གླིང་ཟླུམ་པོ་འདིའི་དབུས་ན་ནམ་ཡང་ཟུབ་ཐབས་མེད་པའི་ལོ་རྒྱུས་ཀྱི་སྒྲོན་མེ་ཐོག་མར་སྤར་བར་མཛད་མཁན་འདི་ཉིད། དགུང་གྲངས་སོ་བཞི་ཐོག་ལྕགས་ཁྱི་(སྤྱི་ལོ་༦༥༠)ལོར་དགོངས་པ་ཆོས་དབྱིངས་སུ་གཤེགས་ཤིང་འདིའི་ བང་སོ་ནི་ལྷོ་ཁ་འཕྱོངས་རྒྱས་སུ་བཞེངས་སོ། ། སྟག་སེང་ཁྱུང་འབྲུག་སྡེབ་པའི་སྟོང་སྡེ་འབུམ། ། རྟ་མཆོག་ཁྲོས་བའི་སྐད་དང་བསྡོངས་བྱས་ཏེ། ། ས་ཆེན་འགྲམ་པའི་ཐིག་ལེ་བརྡར་བ་ནས། ། ལུགས་ཟུང་གདུགས་དཀར་སུམ་རྩེན་དབྱིངས་ན་འཁོར། ། སྟོབས་ཀྱི་དཔུང་པས་ས་ཆེན་དབང་དུ་བསྒྱུར། ། སྡེ་བཞི་སྲིད་ཀྱིས་རྫོགས་ལྡན་མགྲོན་དུ་བསུས། ། ཆོས་རིག་སྣང་བ་གསར་པའི་ཤིས་པ་སྒྲུབ། ། སྲོང་བཙན་སྒམ་པོའི་མཛད་རྗེས་བརྗོད་ལས་འགོངས། །ཞེས་ཀྱང་སྨྲས་སོ། ། བོད་རྗེ་སོ་བཞི་པ་གུང་རུ་གུང་བཙན་ནི། ཡབ་རྒྱལ་པོ་སྲོང་བཙན་སྒམ་པོ་དང༌། ཡུམ་མོང་བཟའ་ཁྲི་ལྕམ་གཉིས་ཀྱི་སྲས་སུ་རབ་བྱུང་མ་ཚུགས་གོང་གི་ས་ཁྱི་ལོ་(སྤྱི་ལོ་༦༣༨)ལོར་ཕོ་བྲང་དམར་པོ་རི་ལ་སྐུ་འཁྲུངས། དགུང་ལོ་བཅུ་གསུམ་པ་ལྕགས་ཁྱི་(སྤྱི་ལོ་༦༥༠)ལོར་ཡབ་ཀྱི་རྒྱལ་སར་འཁོད། སྐུ་གཤེན་ཞང་ཞུང་ཁྱུང་སྐར་བྱས། ལོ་ངོ་ལྔའི་རིང་དུ་རྒྱལ་སྲིད་བསྐྱངས། བཙུན་མོ་འ་ཞ་བཟའ་ཁོ་འཇོ་མང་མོ་རྗེ་ཁབ་ཏུ་བཞེས། རིགས་སྲས་མང་སྲོང་མང་བཙན་སྐུ་འཁྲུངས། དགུང་ལོ་བཅོ་བརྒྱད་པ་རབ་བྱུང་མ་ཚུགས་གོང་གི་ཤིང་ཡོས་(སྤྱི་ལོ་༦༥༥)ལོར་སྐུ་གཤེགས། བང་སོ་དོན་མཁར་མདའ་རུ་བརྩིགས་ཤིང་གྲལ་ནི་གནམ་རི་སྲོང་བཙན་གྱི་གཡོན་ན་ཡོད། འདིའི་མཚན་གཞན་ལ་གུང་སྲོང་གུང་བཙན་དང་གུང་རི་གུང་ཆེན་ཡང་ཟེར། ལོ་རྒྱུས་འགའ་ཞིག་ཏུ་རྒྱལ་པོ་འདི་ཡབ་མ་འདས་པའི་སྔོན་ནས་རྒྱལ་སྲིད་ཅུང་ཟད་བཟུང་ནས་འདས་པར་བཤད་པ་ནི། སྲོང་བཙན་དགུང་ལོ་བརྒྱད་ཅུ་བཞུགས་པའི་ཨུ་ཚུགས་ཀྱིས་བྱས་པ་ཙམ་ཡིན་ནོ། ། བོད་རྗེ་སོ་ལྔ་པ་མང་སྲོང་མང་བཙན་ནི། ཡབ་གུང་རུ་གུང་བཙན་དང༌། ཡུམ་འ་ཞ་བཟའ་མང་མོ་རྗེ་ཁྲི་དཀར་ཞུ་བ་གཉིས་ཀྱི་སྲས་སུ་མེ་རྟ(སྤྱི་ལོ་༦༤༦)་ལོར་འཁྲུངས་པར་མངོན། དགེ་འདུན་ཆོས་འཕེལ་གྱི་དེབ་དཀར་དུ། འདི་བཙན་པོ་སྲོང་བཙན་གྱི་གཅུང་མོ་སད་མ་དཀར་དང་། གཅུང་མོ་སློན་ཀོང་གང་རུང་གི་སྲས་སམ་གུང་རི་གུང་བཙན་གྱི་སྲས་གང་ཞིག་ཡིན་མིན་ལོ་རྒྱུས་ཐོག་ཁ་ཚོན་ཆོད་པ་ཞིག་མེད། ཅེས་གསུངས་འདུག །དགུང་ལོ་བཅུ་གསུམ་པར་སྲིད་ཀྱི་ཁྲི་ལ་བཞུགས་ནས་བོད་ཀྱི་རྒྱལ་སྲིད་བསྐྱངས། སྐུ་ན་མ་སོན་བར་ཕྱི་ནང་གི་བྱ་བ་ཐམས་ཅད་བློན་ཆེན་མགར་སྟོང་བཙན་ཡུལ་བཟུང་གིས་བྱས་ཏེ་ལོ་བཅོ་བརྒྱད་ཙམ་གྱི་རིང་བོད་བཙན་པོའི་ཆབ་སྲིད་མུ་མཐུད་ནས་ལེགས་པར་བསྐྱངས་པ་དང༌། འབྲོ་བཟའ་ཁྲི་མ་ལོད་ཁབ་ཏུ་བསུས། རིགས་སྲས་འདུས་སྲོང་མང་རྗེ་རླུང་ནག་འཕྲུལ་གྱི་རྒྱལ་པོ་འཁྲུངས། རྗེ་འདིས་སྲིད་བཟུང་བའི་དུས་(སྤྱི་ལོ་༦༥༨)བོད་ས་རྟ་ལོར་གྲུ་གུ་རྣམས་རྒྱ་ལ་ཤོར་བའི་གནས་ཚུལ་བློན་པོ་མགར་གྱིས་གོ་ཐོས་བྱུང་བར་བརྟེན། བོད་ཀྱི་དམག་དཔུང་རྣམས་གྲུ་གུའི་ཡུལ་དུ་ཕབ། ཕན་ཚུན་དམག་འཐབ་ལན་མང་བྱས་པའི་མཐའ་མར་བོད་ཀྱི་དམག་དཔུང་གིས་གྲུ་གུ་ཕམ་ཉེས་སུ་བཏང་། གྲུ་གུའི་རྒྱལ་པོ་མུ་ཡུན་ནོ་ཧ་པོ་དང༌། བཙུན་མོ་ཝམ་ཕཱ་ཟེར་བ་གཉིས་བློན་འཁོར་ཧྲག་བསྡུས་དང་བཅས་པ་རང་ཡུལ་སྤངས་ནས་རྒྱ་ཡུལ་ལན་ཀྲའུ་ཕྱོགས་སུ་བྲོས་དགོས་པ་བཟོས། (སྤྱི་ལོ་༦༧༡ )ལོར་བོད་དམག་གིས་རྒྱའི་ཀྲིའུ་བཅོ་བརྒྱད་བཅོམ། དེ་ནས་ལི་ཡུལ་པ་རྣམས་དང་མཐུན་སྡེབས་བྱས་ཏེ་ཆིག་ཚི་གྲོང་ཁྱེར་གྱི་པོ་ཧན་མཁར་ཡང་དབང་དུ་བསྡུས། སྤྱི་ལོ་༦༧༦ བོད་དམག་གིས་ཧྲན་ཀྲིའུ་དང་། ཀོ་ཀྲིའུ། །ཧི་ཀྲིའུ། ཧུང་ཀྲིའུ།(ད་ལྟའི་བ་ཡན། ལིན་ཞ། ཀན་སུའུ་བཅས་ཡིན་)རྣམས་ཕམ་པར་བྱས། ས་ཁུལ་དེ་དག་གི་འགོ་དཔོན་རྣམས་བསད་དེ་རྟ་ནོར་ཁྲི་ཕྲག་ལྷག་འཕྲོག །དེ་ནས་བོད་དམག་རྣམས་ཏེས་ཀྲིའུ་ལ་མཆོང༌། མི་ཀོའུ་དང་། ཏན་ཡིན། རྒྱཔྲ༤འུ་ཀྲིའུ་བཅས་ཀྱི་སྲུང་དམག་དང་ཚོ་དཔོན་རྣམས་བསད་དེ་དབང་བསྒྱུར་བྱས། ལོ་ངོ་བཅོ་བརྒྱད་རིང་དུ་བོད་ཀྱི་ཆབ་སྲིད་བསྐྱངས་ཤིང་གྲུ་གུའི་རྒྱལ་ཁམས་སོགས་མངའ་འོག་ཏུ་བསྡུས་པ་དང༌། འབྲོག་ལས་ཐོན་བསྐྱེད། ཞིང་ལས་ཐོན་བསྐྱེད་ཀྱང་མུ་མཐུད་ནས་གོང་འཕེལ་བྱུང་། ཞིང་གི་དོར་ཀ་དང་། འབྲོག་གི་ཐུལ་ཀ་བརྩི་བའི་སྲོལ་བཏོད་དེ་ལོ་ལྟར་འདུ་ཚོགས་ཆེན་པོ་རེ་སྐོང་འཚོགས་བྱེད། དགུང་ལོ་སོ་གཅིག་སྤྱི་ལོ་(༦༧༦)པར་གཙང་གི་བར་སྣང་སྒང་སྐུ་གཤེགས། བང་སོ་ནི་གུང་རི་གུང་བཙན་གྱི་གཡོན་དུ་བརྩིགས་སོ། ། བོད་རྗེ་སོ་དྲུག་པ་འདུས་སྲོང་མང་པོ་རྗེ་རླུང་ནམ་འཕྲུལ་གྱི་རྒྱལ་པོ་ནི། ཡབ་མང་སྲོང་མང་བཙན་དང་ཡུམ་འབྲོ་བཟའ་ཁྲི་མ་ལོད་གཉིས་ཀྱི་སྲས་སུ་ཡབ་འདས་ནས་ཞག་བདུན་ནམ་ཟླ་གཅིག་སོང་བ་མེ་བྱི་(སྤྱི་ལོ་༦༧༦)ལོར་འཁྲུངས། མགར་བཙན་སྙ་ལྡོམ་བུ་དང༌། སྟག་ར་ཁོང་ལོད། མགར་ཁྲི་འབྲིང་བཙན་བྲོད་རྣམས་ཀྱིས་བློན་པོ་བྱས། བཙུན་མོ་མཆིམས་བཟའ་བཙན་མེ་ཏོག་ཁབ་ཏུ་བཞེས། སྲས་ཁྲི་ལྡེ་གཙུག་བརྟན་སྐུ་བལྟམས། རྒྱལ་པོ་འདི་སྐུ་ཆུང་ངུའི་དུས་ནས་གཞན་དང་མི་འདྲ་བའི་སྙིང་སྟོབས་དང་དཔའ་ངར་ལྡན་པ་ཞིག་ཡོད་པར་གྲགས། འདི་ཉིད་དགུང་ལོ་གསུམ་ལ་ཕེབས་སྐབས་གཞི་ནས་ཡབ་གཤེགས་པའི་གསང་རྒྱ་བརྟོལ། ཤིང་ལུག་(༦༩༥)ལོར་བློན་གཞན་གྱི་ཕྲ་མ་ལ་ཉན་ནས། བློན་ཆེན་མགར་བའི་གདུང་བརྒྱུད་མགར་བཙན་གཉེན་གུང་རྟོན་ལ་རྒྱལ་པོས་བཀའ་ཁྲིམས་གཅོད་ནས་སྲོག་ཐོག་ཏུ་བཏང་། ལོ་དེ་རང་ལ་མགར་ཁྲི་འབྲིང་བཙན་བྲོད་ཀྱིས་འ་ཞ་དང་གཡུལ་བཀྱེས་ནས་རྒྱལ་ཁ་ཆེན་པོ་ཐོབ་ན་ཡང་བཀྱོན་ཕབ། དེར་བརྟེན་མགར་ཁྲི་འབྲིང་བཙན་བོད་མདོ་སྨད་དུ་བྲོས་ནས་ལྕེབས། མགར་སྟག་ར་ཁོང་ལོད་བྲོས་ནས་ཐང་རྒྱལ་རབས་ལ་མགོ་བཏགས་ཞུས་པས་ཐེ་ཅིན་གྱི་གོ་གནས་བསྩལ། རྒྱལ་པོ་འདིའི་སྐུ་དུས་སུ་ཕོ་བྲང་ལྡན་དཀར་བརྩིགས། གཞན་ཡང་འདིའི་སྐུ་དུས་སུ་བོད་ལ་བློན་པོ་རྩལ་པོ་ཆེ་མི་བདུན་བྱུང་བ་སྟེ། རྔོག་རིང་ལ་ནག་པོས་གླང་པོ་ཆེའི་ཕྲུ་གུ་པང་དུ་འདེགས་ཐུབ་པ་དང༌། རྔོག་གླིང་ཁམས་ཀྱིས་གཡག་གྲུས་པོ་ཆེ་ལག་པས་ཐེག་པ། གནོན་རྒྱལ་མཚན་གྱིས་མདའ་སྟེའུ་ཁ་མ་འཕངས་ཏེ་བྱ་ཁྲ་ཡི་སྐེད་པ་གཅོད་ཐུབ་། སྦས་རྒོད་མདོང་ཅན་གྱིས་མིག་རྒྱང་གསུམ་གྱི་ས་ལ་མདའ་རྒྱང་གཅིག་གིས་སླེབས་ཐུབ་པ། མགོས་གཡག་ཆུང་གས་ཤྭ་བའི་རླིད་བུ་བྱེ་མས་བཀང་སྟེ་ཀླད་ལ་བསྐོར་ཐུབ་པ། ཅོག་རོ་འབྲོང་གཤོར་གྱིས་འབྲོང་ཐུར་དུ་རྒྱུག་པ་གྱེན་ལ་འཐེན་ཐུབ་པ། གནོན་ཁྲི་བདུན་གཡུ་བྱིན་གྱིས་རྟ་བཟང་པོ་གཡང་ལ་མཆོང་བ་གྱེན་དུ་འདྲེན་ནུས་པ་བཅས་སོ། ། རྒྱལ་པོ་འདིའི་མཛད་རྗེས་གཙོ་བོ་ནི། སྤྱི་ལོ་(༦༨༠)ལོར་བོད་དམག་དང་དེ་སྔོན་དབང་བསྒྱུར་བྱས་ཟིན་པའི་རྒྱ་དམག་རྣམས་བསྡུས་ཏེ་དམག་སུམ་ཁྲི་ལྷག་དྲངས་ནས་ཧི་ཡོན་དུ་དཔུང་འཇུག་བྱས། རྒྱའི་དམག་དཔོན་ལི་ཅིན་ཞིན་སོགས་བསད་ནས་ཡུལ་དེར་དབང་བསྒྱུར་བྱས། དེ་ནས་བཙན་པོ་སྐུ་ངོ་མས་བཀོད་འདོམས་གནང་ནས་ཐོག་མར་སུང་ཀྲིའུ་དང༌། ཐའི་ཀྲིའུ་སོགས་ལ་བསྟུད་མར་དམག་དྲངས་ཤིང༌། དེ་རྗེས་བཙན་པོས་འཇང་ཡུལ་དུ་དམག་དྲངས་ཏེ་འཇང་པ་རྣམས་ཆམ་ལ་ཕབ། ཏུན་ཧོང་གི་ཡིག་ཆའི་ནང་བོད་ཤིང་འབྲུག་སྤྱི་ལོ་(༧༠༤)ལོར་སྨེ་བ་ཟེར་བའི་ས་གནས་སུ་གཤེགས་ཞེས་གསལ། སྨེ་བ་ནི་་འཇང་ཡུལ་གྱི་ཉེ་འདབས་མྱཱ་ཞེས་པ་དེང་སང་གི་ཡུན་ནན་ཁུལ་དུ་ཡིན་ནམ་སྙམ། དེ་ལྟར་རྒྱལ་པོ་འདིས་དགུང་ལོ་ཉི་ཤུ་རྩ་བདུན་ནམ་དགུང་ལོ་ཉི་ཤུ་རྩ་དགུའི་རིང་བོད་ཀྱི་ཆབ་སྲིད་མེས་སྲོངབཙན་གྱི་ལུགས་ལྟར་ལེགས་པར་བསྐྱངས་ཤིང༌། བོད་ཀྱི་ལོ་རྒྱུས་ཡིག་ཚང་ལས། དེའི་དུས་སུ་བོད་ཀྱི་རྒྱལ་པོའི་ས་མཐའ་བཞི་ནི། ཤར་ཟུ་ཅེའུ། མུ་ཅེའུ། འུ་ཅེའུ་དང་གསུམ་ཡིན། ལྷོ་ཕྱོགས་བྲམ་ཟེའུ་ཡུལ་དུ་སླེབས། ནུབ་ཕྱོགས་འུ་ཐེན་ལ་སླེབས། བྱང་ཕྱོགས་ཧོར་ལ་སླེབས། དེ་རྣམས་བསྐོར་བ་ལ་དཔག་ཚད་མང་པོ་ཡོད། བོད་ལྟ་བུ་དཔའ་བ་དང་། བརྟུལ་ཕོད་པ། རྒྱའི་རྒྱལ་པོ་ཧན་དང༌། གཡུ། ཅེའུ་ལ་སོགས་པའི་དུས་སུའང་བྱུང་བ་མེད་ཅེས་འཁོད། རྒྱལ་པོ་འདིའི་བང་སོ་སེང་གེ་བརྩེགས་མའམ་ལྷ་རི་ཅན་བྱ་བ་ཡབ་ཀྱི་གཡོན་ན་ཡོད་དོ། །ཏུང་ཧོང་ཡིག་རྙིིང་དུ་སྲོང་བཙན་ལས་འདིའི་སྐབས་ཀྱི་སྟོབས་འབྱོར་ཆེ་བ་བྱུང་ཞེས་བཤད་དེ་རྒྱུ་མཚན་ཤིན་ཏུ་མངས་ཡང་འདིར་མངས་སུ་དོགས་ནས་མ་བྲིས། བོད་རྗེ་སོ་བདུན་པ་ཁྲི་ལྡེ་གཙུག་བརྟན་མེས་ཨོག་ཚོམ་ནི། ཡབ་འདུས་སྲོང་མང་རྗེ་དང་ཡུམ་མཆིམས་བཟའ་བཙན་མེ་ཏོག་གཉིས་ཀྱི་སྲས་སུ་(སྤྱི་ལོ་༧༠༤) ཤིང་ཕོ་འབྲུག་གི་ལོར་ཕོ་བྲང་ཚལ་དུ་འཁྲུངས། ལོ་དེར་ཡབ་འདུས་སྲོང་འཇང་ཡུལ་མྱྭ་ལ་དམག་བྱེད་པར་ཆས་པས་སྐུ་གཤེགས། ཡུམ་གྱིས་རྒྱལ་སྲིད་བསྐྱངས། ཕྱིས་ནར་སོན་པ་ན་རྒྱལ་སྲིད་འཛིན། ལྗང་མོ་བཟའ་ཁྲི་བཙུན་དང་། ལྷ་སངས། སྣ་ནམ་བཟའ་མང་མོ་རྗེ། ཅིན་ཁྲིན་ཀོང་ཇོ་སྟeེ་བཙུན་མོ་བཞི་བླངས་པ་ལས། ལྗང་བཟའ་ལ་ལྗང་ཚ་ལྷ་དབོན་ཞེས་པ་འཁྲུངས་ཀྱང་(༧༣༩) ཆུང་དུས་ནས་སྐུ་གཤེགས། བཙུན་མོ་གཉིས་པ་ལ་སྲས་མ་བྱུང་ཞིང་། མང་མོ་རྗེ་ལ་བཙན་པོ་ཁྲི་སྲོང་ལྡེའུ་བཙན་འཁྲུངས་ཏེ་འོག་ཏུ་རྒྱས་པར་འཆད་དོ། འདི་ཅིན་ཁྲི་ཀོང་ཇོ་ལྗང་ཚའི་བག་མར་བསུས་པའི་ཚུལ་རང་རེའི་སྔོན་གྱི་ལོ་རྒྱུས་རྣམས་སུ་བཤད་ཀྱང་བདེན་དཔང་མི་འཕེར་ཞིང་། བདེན་དཔང་འཕེར་བའི་དངོས་བྱུང་གི་ལོ་རྒྱུས་ལ་གཟིགས་པར་འདོད་ན། ཁྲི་རལ་པ་ཅན་གྱི་སྐབས་སུ་བཙུགས་པའི་རྡོ་རིང་ཡིག་ཆ་དང་། ཐང་ཧྲིན་གསར་རྙིང་། ཏུན་ཧོང་གི་ཡིག་ཆ་བཅས་གཟིགས་ན་གསལ་པོར་ཤེས་ཐུབ་པ་ཡིན་ནོ། ། རྒྱལ་པོ་འདིའི་མཛད་རྗེས་རགས་ཙམ་གླེང་ན། (སྤྱི་ལོ་༧༣༣)ལོར། བཙན་པོ་ཕོ་བྲང་དྲོན་ན་བཞུགས་ཤིང༌། རྒྱའི་ཕོ་ཉ་ལིང་ཞིང་ཤོ་དང་མྱྭའི་རྒྱལ་པོ་ཀག་ལ་བོང་སོགས་ཀྱིས་ཕྱག་འཚལ། བོད་ཀྱི་བཙན་པོ་ཁྲི་འདུས་སྲོང་གིས་མྱྭ་ལ་ཆབ་སྲིད་མཛད་པར་དགོངས་ཏེ། བཙན་པོ་རང་གིས་རུ་སྣ་དྲངས་ཏེ་དམག་འཐབ་ན་ཡང༌། བཙན་པོའངདམག་ཐོག་ཏུ་བཀྲོངས། རྒྱལ་པོ་ཁྲི་ལྡེ་གཙུག་བཙན་གྱི་རིང་ལ། གཟོད་འཇང་གི་རྒྱལ་པོ་བོད་ཀྱི་འབངས་སུ་བཞེས་ནས། རྒྱའི་ཆབ་སྲིད་ལའང་ཤིན་ཏུ་མི་བདེ་བར་བྱས། དེ་ནས་བཟུང་འཇང་གི་མྱྭ་དཀར་པོ་བོད་ཀྱི་དབང་དུ་བསྡུས། (སྤྱི་ལོ་༧༥༡)ལོར་བོད་དམག་རྣམས་ལུའུ་ནན་དུ་དྲངས། འཇང་བ་དང་ཀི་ལོ་རྒྱཔྲ༣ན་གྱི་དཔུང་བསྡེབས་ཏེ་འཐབ་པར་འཇང་དམག་དྲུག་ཁྲི་ཚར་བཅད་ཅིང་ཧུང་ཀྲིའུ་སོགས་ལྕགས་རི་གསུམ་ཡང་གཏོར། སྔོན་ཐང་གི་ཁབ་ཏུ་གཏོགས་པའི་གྱིག་ཆུས་ས་ཆ་ཡང་ཕྱིར་འཕྲོག་སྟེ་རྗེ་དཔོན་བསྐོས་ཤིང་ཞན་མཁར་བརྩིགས། ཆོས་ཕྱོགས་ནས། ལྷ་ས་མཁར་བྲག་དང་བྲག་དམར་མགྲིན་བཟང༌། མཆིམས་ཕུ་སྣ་རལ། བྲག་དམར་ཀ་ཆུ། མ་ས་གོང་བཅས་གཙུག་ལག་ཁང་ལྔ་བཞེངས་ཏེ། དེ་རྣམས་སུ་མདོ་སྡེ་ལས་རྣམ་པར་འབྱེད་པ་དང༌། གསེར་འོད་དམ་པའི་མདོ། ཀྲི་ཡ། ཨུ་པ་ཆ་ཤས་ཙམ་གྱི་གླེགས་བམ་རྣམས་སྤྱན་དྲངས་ནས་རྒྱལ་པོའི་མཆོད་གནས་སུ་བྱས། འདིའི་སྐོར་ཅུང་ཟད་རྒྱས་པ་དཔྱིད་ཀྱི་རྒྱལ་མོའི་མཆན་འགྲེལ་སོགས་སུ་གསལ་བས་དེ་དག་ལ་གཟིགས་དགོས། དེ་ཡང་ཏུན་ཧོང་ཡིག་ཚང་ལས། བཙན་པོ་ཁྲི་འདུས་སྲོང༌། སྐུ་ཆུང་ན་གཞོན་གྱིས་ཀྱང༌། ཕག་རྒོད་ལ་བཤན་གྱིས་མཛད། གཡག་རྒོད་སྒྲོག་ཏུ་བཅུག །སྟག་གི་རྣ་བ་བཟུངབ་སོགས་ཐུགས་སྒམ་པོའི་སྟེང་དུ། སྐུ་རྩལ་ཆེན་པོ་མངའ་བས། མི་དང་མི་མི་འདྲ་བར་བླ་ན་འཕགས་པས། ཉི་འོག་གི་རྒྱལ་པོ་ཐམས་ཅད་དང་འབངས་མགོ་ནག་ཕྱོགས་ཀྱིས། མཚན་བླ་དྭགས་འཕྲུལ་གྱི་རྒྱལ་པོ་ཞེས་བཏགས་ཏེ། བཀའ་མཆིད་ཀྱི་དཔེར་བརྗོད་དོ། །མགར་ལ་སོགས་པ་བློན་པོ་ཁ་ཅིག་གློ་བ་རིང་ན། ཐུགས་སྒམ་པ་དང་དབུ་རྨོག་བཙན་པོས་གཉེར་ནས་གློ་བ་རིང་པ་ཐམས་ཅད་བཀྱོན་ཕབ་སྟེ། ཕྱག་ན་ཆབ་སྲིད་སྔོན་བས་ཀྱང་མཐོ། གྲུ་གུ་ལ་སོགས་ཏེ་ཉི་འོག་གཞན་འབངས་སུ་བཅུག་ཅིང༌། དཔྱའ་ཕབ་པ་དང༌། མཁར་སྲ་བ་ཕབ། ཡུལ་ཕྱུག་པོ་བཅོམ་སྟེ་ཆབ་སྲིད་ལེགས་པ་མང་པོ་ནིའདིའི་རིང་དུ་མ་གཏོགས། འུང་གི་འོག་ཏུ་(སྲས་ཁྲི་ལྡེ་གཙུག་བཙན་)འཇང་ལ་ཆབ་སྲིད་མཛད་དེ་མྱྭ་དཀར་པོ་དཔྱའ་ཕབ། མྱྭ་ནག་པོ་འབངས་སུ་བཀུག་པ་ལ་སོགས་ཏེ། རྒྱལ་པོ་འདི་ལས་དབུ་རྨོག་བཙན་ཞིང༌། ཆབ་སྲིད་མཐའ་བསྐྱེད་པ་ནི་སྔོན་ཆད་གདུང་རབས་ཀྱིས་མ་མཛད་དོ། །ཞེསགསུངས་པ་ནི་ཡང་དག་པའི་གཏམ་མོ། །མདོར་ན་རྒྱལ་པོ་འདིའི་སྐུ་རིང་ལ་རྒྱ་བོད་ཀྱི་སོ་མཚམས་བརྟན་སྲུང་ཐོག་སྐབས་འགར་རྒྱ་དང་འཐབ་ཅིང་སྐབས་འགར་ཉེ་བ་ཅི་རིགས་བྱུང་ཞིང་། དམ་པའི་ཆོས་ཀྱི་ཐོག་ལ་རང་གི་ཡབ་མེས་རྣམས་ལས་ཀྱང་མཛད་རྗེས་ཆེ་ཙམ་བཞག་སྟེ། དགུང་ལོ་ང་གཉིས་པར་ཆུ་རྟ་ལོར་(༧༥༥)ནང་བློན་འགའ་ཞིག་གིས་དུག་དྲངས་ཏེ་སྐུ་གཤེགས།། བོད་རྗེ་སོ་བརྒྱད་པ་བཙན་པོ་ཁྲི་སྲོང་ལྡེའུ་བཙན་ནི། ཆོས་རྒྱལ་མེས་དབོན་གཉིས་པ་ཞེས་གྲགས་ཤིང་། འདི་ཉིད་ཡབ་ཁྲི་ལྡེ་སྲོང་བཙན་མེས་ཨོག་ཚོམ་དང་ཡུམ་སྣ་ནམ་བཟའ་མང་མོ་རྗེ་གཉིས་ཀྱི་སྲས་སུ། ཆུ་ཕོ་རྟ་(༧༤༢) ལོར་ཕོ་བྲང་བྲག་དམར་དུ་སྐུ་བལྟམས། མཆིམས་བཟའ་ལྷ་མོ་བཙན་དང་། མཁར་ཆེན་བཟའ་མཚོ་རྒྱལ། བྲོ་བཟའ་ཁྲི་རྒྱལ་མོ། ཚེ་སྤང་བཟའ་མེ་ཏོག་སྒྲོན། ཕོ་ཡོང་བཟའ་རྒྱལ་མོ་བཙུན་བཅས་སྔ་ཕྱིར་བཙུན་མོ་ལྔ་ཁབ་ཏུ་བཞེངས། རིགས་སྲས་མུ་ཁྲི་སྲོང་པོ་དང༌། མུ་ནེ་བཙན་པོ། མུ་ཏིག་བཙན་པོ། ཁྲི་ལྡེ་སྲོང་པོ་བཅས་ཚེ་སྤང་བཟའ་མེ་ཏོག་སྒྲོན་གྱི་པང་དུ་འཁྲུངས། རྒྱལ་སྲས་དང་པོ་ཁྲི་སྲོང་པོ་ལྕགས་ཁྱི་(༧༦༠)ལོར་འཁྲུངས་ཀྱང་ཆུང་དུས་ནས་གྲོངས་པས། བང་སོ་དང་རྒྱལ་སྲིད་བཟུང་བའི་ལོ་རྒྱུས་མེད། རྒྱལ་སྲས་སུམ་པ་མུ་ཏིག་བཙན་པོ་(༧༦༣-༨༠༤) ཡང་བློན་མ་ཞང་གི་བུ་བསད་པའི་རྐྱེན་ལས་རྒྱལ་སྲིད་བཟུང་བའི་གོ་སྐབས་མ་བྱུང་ཡང༌། རྒྱ་སོག་གི་ཡུལ་གྲུར་དམག་བྱས་པའི་རྒྱལ་ཁའི་མཛད་རྗེས་ཆེ་བ་བཀའ་ཐང་དང༌། འཕྱོངས་རྒྱས་ཟམ་སྣེ་རྡོ་རིང་ཡིག་ཆ་སོགས་ལས་གསལ། བློན་པོ་གྲགས་ཆེ་བ་ནི་སྣང་བཞེར་ཟླ་བཙན་དང་། མཆིམས་རྒྱལ་གཟིགས་ཤུ་ཏིང༌། བློན་སྐྱེས་བཟང་རྒྱལ་ཀོང༌། ཞང་སྟོང་བཙན། སྦྲང་རྒྱལ་སྒྲ་ལེགས་གཟིགས། དབས་བཙན་བཞེར་མདོ་ལོད། བློན་ཁྲི་སྒྲ་སྟག་ཚབ། སྟག་སྒྲ་ཀླུ་ཁོང༌། འགོས་ཁྲི་བཟང་ཡབ་ལྷག གཉེར་སྟག་བཙན་གདོང་གཟིགས། མ་ཞང་གྲོམ་པ་སྐྱེས་བཅས་ཡིན་ནོ། །འདིར་རང་རེའི་སྔོན་གྱི་ལོ་རྒྱུས་མང་ཆེ་བའི་ནང་དཔྱད་གཞིའི་ཡིག་ཆ་སྣ་མང་མེད་པའམ་རྩོམ་པ་པོར་ལོ་རྒྱུས་དངོས་བྱུང་གི་དཔྱོད་སྒ་ོལ་གུ་དོགས་པ། ཆོས་ལུགས་དང་གྲུབ་མཐའི་ཞེན་པ་ཆེས་དྲགས་པ་སོགས་ཀྱི་རྐྱེན་ནམ་གང་ལྟར་ཡང་། ཅིན་ཁྲིན་ཀོང་ཇོ་འཇང་ཚ་ལྷ་དབོན་གྱི་བག་མ་ལེན་པ་དང་། དེ་ཡང་བོད་མོ་རྣམས་ནི་སྤྲ་དང་སྤྲེའུའི་རྒྱུད་པ་ཡིན་པས་རྒྱལ་སྲས་ཀྱི་བཙུན་མོ་མི་འོང་བས་རྒྱའི་བུ་མོ་ལེན་པར་བཤད་མོད། ལྷ་དབོན་རང་ཉིད་སྤྲ་དང་སྤྲེའུ་ལས་ཆད་པའི་བོད་མི་བཀྲུས་ན་མི་དག་པ་ཡིན་བཞིན་དུ་བཙུན་མོ་སྤྲ་སྤྲེའུའི་རིགས་ལས་ཆད་པ་དང་སྡེབ་མི་རིགས་པ་ག་ལ་སྲིད། ལོ་རྒྱུས་སྨྲ་བ་འདི་རིགས་ཀྱིས་བཙན་པོའི་མི་རྒྱུད་རྒྱ་གར་བ་དང་། བཙུན་མོའི་མི་རྒྱུད་རྒྱ་ནག་པ་བྱས་ཏེ་བོད་མི་རྣམས་དེའི་འོག་ཏུ་འཛུལ་ན་གཟི་བརྗིད་ཆེ་བའི་སྣང་བ་ཤར་ནས། རང་གི་མི་རིགས་འདི་སྤྲེའུ་བྱང་ཆུབ་སེམས་དཔའ་དང་སྒྲོལ་མའི་སྤྲུལ་པའི་ཡུམ་བྲག་སྲིན་གཉིས་འདུས་པའི་ཆེ་བ་བཤད་ཞོར་དུ་ཁྱད་བསད་ཀྱིས་ལྷ་སྒྲུང་འདི་འདྲ་བཟོས་པ་ནི་མི་རིགས་རང་གི་ལོ་རྒྱུས་ལ་རྐང་བཙུགས་ནས་རྨ་འབྱིན་པ་ཡིན་ནོ།། ཡང་ལོ་རྒྱུས་འགའ་ཞིག་ཏུ་ཅིན་ཁྲིན་ཀོང་ཇོ་ལ་ཁྲི་སྲོང་འཁྲུངས་པ་དང་། སྣ་ནམ་བཟས་འཕྲོག་སྟེ་རང་གི་ཕྲུ་གུ་ཡིན་ཁུལ་བྱས་པ་དང་། དེ་ནས་ལོ་གཉིས་ཀྱི་འཁྲུངས་སྐར་སྐབས་ཁྲི་སྲོང་གིས། ང་ཁྲི་སྲོང་ལྡེའུ་བཙན་རྒྱ་ཚ་ཡིན། ཁྱོད་སྣ་ནམ་བཟའ་ཡིས་ཅི་བགྱི་འཚལ། །ཞེས་གསུངས་ནས་རྒྱ་བཟའི་པང་དུ་ལོག་སོང་བ་སོགས་ལྷ་སྒྲུང་ཡ་མཚན་པ་དུ་མས་བཅོས་ཏེ་ཁྲི་སྲོང་རྒྱ་ཚ་ཡིན་པ་ཨུ་ཚུགས་ཀྱིས་བྲིས་ཡོད་མོད། དོན་དངོས་ལ་སྣ་ནམ་བཟའ་མང་མི་རྗེ་ལས་འཁྲུངས་པའི་ཚུལ་ཤིན་ཏུ་གསལ་ཏེ། གྱིམ་ཤིང་ཀོང་ཇོ་སྤྱི་ལོ་(༧༣༩) ལོར་གྲོངས་ཤིང་། ཁྲི་སྲོང་སྤྱི་ལོ་(༧༤༢) ལོར་འཁྲུངས་པས། ཤི་ནས་མི་ལོ་གསུམ་ཟིན་པའི་རོ་ཞིག་གི་ཁོག་པ་ནས་ཕྲུ་གུ་སྐྱེས་པའི་ལྷ་སྒྲུང་གསར་པ་ཞིག་བཟོས་ན་མ་གཏོགས་ཡོང་ཐབས་མེད་པ་ཞིག་ཡིན། ཐང་རྒྱལ་རབས་ཀྱི་ལོ་རྒྱུས་ཡིག་ཆར། ཁྲི་སྲོང་འཁྲུངས་པར་རྒྱའི་ལེགས་སྐྱེས་སྐྱེལ་བར་སོང་ཚུལ་མ་གཏོགས། ཀོང་ཇོའི་སྲས་ཡིན་པའི་ལོ་རྒྱུས་ཟུར་ཙམ་ཡང་མེད་ཅིང་། གལ་ཏེ་ཀོང་ཇོའི་སྲས་ཡིན་ན་རྒྱའི་ཡིག་ཚང་དུ་ལོ་རྒྱུས་འདི་འབུར་དུ་བཏོན་ནས་འབྲི་རྒྱུ་ཐེ་ཚོམ་ག་ལ་དགོས། རང་རེའི་བོད་ཀྱི་ཡིག་ཆ་ལ་བརྟེན་ནས་བཤད་ན། ཏུང་ཧོང་ནས་ཐོན་པའི་བོད་ཀྱི་ཡིག་རྙིང་ལས། རྟའི་ལོ་ལ་བཙན་ཕོ་ཕོ་བྲང་དབྱར་འཚར་བུ་སྣ་ན་བཞུགས། ཞེས་དང་། བཙན་པོ་ཁྲི་སྲོང་ལྡེེའུ་བཙན་བྲག་དམར་དུ་བལྟམས། ཡུམ་མང་མོ་རྗེ་ནོངས་ཕར་ལོ་ཆིག་ཅེས་དང་། ཁྲི་ལྡེ་བཙུག་བཙན་དང་སྣ་ནམ་བཟའ་མང་པོ་རྗེ་བཞི་གྲོང་དུ་བཤོས་པའི་སྲས་ཁྲི་སྲོང་ལྡེ་བཙན་ཞེས་ཤིན་ཏུའང་གསལ་བར་འབྱུང་བས་ཅིས་ཀྱང་ཡིད་ཆེས་པར་མཛོད་ཅིག །ལར་ནས་རང་རེ་སྔོན་གྱི་ལོ་རྒྱུས་སྨྲ་བ་མི་ཉུང་བ་ཞིག་གིས་རང་གི་མི་རིགས་དེ་མི་རིགས་གཞན་ཞིག་གི་ཁོངས་སམ་འོག་ཏུ་འཛུད་ཐབས་དང་། ལྷག་པར་རྒྱ་དཀར་ནག་གང་རུང་ཞིག་དང་འབྲེལ་འདྲེས་བཟོ་ཐུབ་ན་གཟི་བརྗིད་དུ་བརྩིས་ཏེ། ལོ་རྒྱུས་དངོས་བྱུང་ལ་བསྲེ་ལྷད་བཏང་ཅི་ཐུབ་གནང་འདུག་པ་དེ་དག་ད་ཕྱིན་ལོ་རྒྱུས་ཉམས་ཞིབ་པ་དག་གིས་གཟིགས་རྟོག་གཏིང་ཟབ་གནང་བར་འཚལ་ཅེས་ཀྱང་བསྐུལ་ལོ། ང་ཚོའི་མེས་པོ་ཚོ་རྒྱ་རྒྱལ་གྱི་ཚ་བོ་ཡིན་པའི་དབང་དུ་གཏོང་ནའང་དེས་གཟི་བརྗིད་ཆེ་རུ་འགྲོ་རྒྱུ་གང་ཡང་མེད་པ་དེ་ཡང་ངེས་པར་དུ་ཤེས་ཤིག མེས་དབོན་འདི་ཉིད་ལ་སྲོང་བཙན་གཉིས་པ་ཞེས་གྲགས་ཤིང་། ཆོས་དང་ཆབ་སྲིད་གཉིས་ཀའི་ཐོག་ལ་མཛད་རྗེས་རླབས་པོ་ཆེ་བཞག་པའི་ལོ་རྒྱུས་ཤིན་ཏུ་རིང་སྟེ་སྙིང་པོ་དྲིལ་ན། དང་པོ་ཆོས་ཕྱོགས་ནས། འཕགས་པའི་ཡུལ་ནས་གུ་རུ་པདྨསམ་བྷཝ་གདན་དྲངས་ཏེ། བརྟན་མ་བཅུ་གཉིས་སོགས་བོད་ཀྱི་མི་མ་ཡིན་པའི་ལྷ་ཀླུ་མཐུ་བོ་ཆེ་རྣམས་དམ་ལ་བཏགས། བསམ་ཡས་གཙུག་ལག་ཁང་གི་རྨང་གཏིང་། སྔར་འགྱུར་རྙིང་མའི་ཐེག་པ་རིམ་དགུ་དང་གྲུབ་པ་བཀའ་བརྒྱད་ལ་སོགས་པའི་ཆོས་འཁོར་རྒྱ་ཆེར་བསྐོར། གྲུབ་པའི་གོ་འཕངས་མཐོན་པོར་བསྐྱོད་པའི་རྗེ་འབངས་་ཉེར་ལྔ་སོགས་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་མོས་པའི་གདུལ་བྱ་ཤིན་ཏུ་མང་པོ་འཕེལ། །ལྕགས་རྟ་(སྤྱི་ལོ་༧༩༠)ལོར་བལ་ཡུལ་ནས་ཀུན་མཁྱེན་ཞི་བ་འཚོ་གདན་དྲངས་ཏེ། བོད་ཀྱི་སད་མི་མི་བདུན་ལ་སོགས་པ་རབ་ཏུ་བྱུང་སྟེ་དམ་ཆོས་འདུལ་བའི་བསྟན་པའི་རྨང་གཞི་གཏིང་། དགེ་འདུན་གྱི་སྡེ་བཙུགས། བཻ་རོ་ལོ་ཙཱ་བ་ལ་སོགས་པས་མདོ་སྔགས་ཀྱི་གསུང་རབ་ཤིན་ཏུ་མང་པོ་བོད་སྐད་དུ་བསྒྱུར། བཙན་པོ་རང་གིས་ཀྱང་བཀའ་ཡང་དག་པ་ཚད་མར་གྱུར་པ་ཞེས་པའི་གཏན་ཚིགས་རིགས་པའི་བསྟན་བཅོས་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་གྱི་རྒྱ་ཆེར་འགྲེལ་སོགས་བརྩམས། བཙུན་མོ་མཆིམས་བཟའ་ལྷ་མོ་བཙན་དང་། མཁར་ཆེན་བཟའ་ཡེ་ཤེས་མཚོ་རྒྱལ་གཉིས་ཀྱིས་སྒྲུབ་པར་མཛད་པས་གྲུབ་པའི་གོ་འཕང་བརྙེས། འབྲོ་བཟའ་ཁྲི་རྒྱལ་མོ་བཙན་གྱིས་དགེ་རྒྱས་བྱེ་མ་གླིང་གི་ལྷ་ཁང་བཞེངས། ཚེ་སྤོང་བཟའ་མེ་ཏོག་སྒྲོན་གྱིས་དབུ་རྩེ་ལ་དཔེར་བླངས་ཏེ་ཟངས་གླིང་ལྷ་ཁང་བཞེངས། ཕོ་ཡོངས་བཟའ་རྒྱལ་མོ་བཙུན་གྱིས་བུ་ཚ་གསེར་ཁང་གླིང་ལྷ་ཁང་བཞེངས་པ་སོགས། བཙན་པོ་འདིའི་རིང་ལ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཤིན་ཏུའང་དར་བར་མཛད། གཉིས་པ་སྲིད་ཕྱོགས་ནས། བཙན་པོ་འདི་ཉིད་སྐུ་ན་ཕྲ་བའི་སྐབས་ནས་རང་གི་ཡབ་ཁྲི་ལྡེ་བཙུག་ལྡེ་ལ་དུག་དྲངས་ཏེ་བཀྲོང་མཁན་གྱི་ནང་བློན་ལྡང་འབལ་དང་། དེའི་ཕྱོགས་སུ་གཏོགས་པའི་སྡེ་རིས་དང་བཅས་པ་ཉེས་པ་ལ་དཔོག་པའི་སྲོག་གི་ཆད་པ་གཅོད་ནས་རྒྱུ་ནོར་གཞུང་བཞེས་དང་། བཙོན་འཇུག་རྒྱངས་འབུད་སོགས་ཐོག་མར་ནང་གི་དགྲ་བོ་རྣམས་ཚར་བཅད་དེ་ཞེད་འཇགས་མཛད་པས། ནང་ཁུལ་མངའ་རིས་མཐའ་དག་རང་ཤུགས་ཀྱིས་རྗེ་ལ་གུས་འདུད་ལྷུར་བླངས། རྒྱ་བོད་ས་མཚམས་སུ་དམག་འཁྲུག་དང་འཇལ་འདུམ་ངེས་མེད་ཅི་རིགས་ཀྱིས་བོད་དམག་རྣམས་སྔ་ཕྱིར་ཙོང་ཁ་ཆེ་ཆུང་དང་། ཀ་ཆུ། ཟོང་ཆུ་སོགས་སུ་སླེབས་ཏེ་རྒྱའི་མཁར་བཙན་པོ་མང་པོ་ཕབ་སྟེ་ཐང་གོང་མ་བློན་འཁོར་དང་བཅས་པ་སྐྲག་དགོས་པར་བཟོས། ལྷག་པར་(༧༦༣) ཆུ་ཕོ་ཡོས་ལོར། བོད་བློན་སྟག་སྒྲ་ཀླུ་གོང་དང་། ཞང་སྟོན་བཙན། ཞང་རྒྱལ་གཟིགས་སོགས་ཀྱིས་བོད་དམག་འབུམ་ཕྲག་ལྷག་འཁྲིད་ནས་རྒྱ་ལ་དཔུང་འཇུག་བྱས་ཏེ། ཐང་གོང་མ་ཏའེ་ཙུང་རང་ཉིད་གསེར་འབྲུག་སྡེ་ལྔSའི་ཁྲི་ལས་བབ་ནས་ཤིན་ཅུ་ལ་བྲོས་དགོས་པར་བཟོས། ཐང་གི་རྒྱལ་ས་ཁྲང་ཨན་ཉིན་བཅོ་ལྔ་རིང་བོད་ཀྱིས་བཟུང༌། མཐར་ཕྱིར་འཐེན་བྱས། མ་ག་ད་རྒྱལ་པོའི་ཁབ་ཀྱི་སྒོ་མདུན་ན། དྷ་རུ་ཙེ་དོ་ཞེས་པའི་མཆོད་རྟེན་ནང་སངས་རྒྱས་ཀྱི་རིང་སྲེལ་མ་ག་དྷའི་བྲེ་ཁལ་གཅིག་ཡོད་པ་དེ་སྤྱན་དྲངས་པའི་ཆེད་དུ། རྟ་དམག་བྱེ་བ་ཕྲག་བཅུ་བཞི་གཤར་ནས་རྒྱ་གར་བའི་ས་མཚམས་སུ་སླེབས་པ་ན། ས་མཚམས་ཀྱི་རྒྱལ་ཕྲན་རྣམས་ཀྱིས་རྟ་དམག་འདི་ལྟe་ན། ད་དུང་རྐང་དམག་དང་གླང་པོའི་ཚོགས། ཤིང་རྟའི་ཚོགས་བཅས་ཀྱི་དཔུང་ཤུུགས་ཇི་ཙམ་ཡོད་པར་བསམ་སྟེ་དཔའ་ཁུམས་ནས་ཐམས་ཅད་ཀྱིས་མགོ་བསྒུར། དེ་ནས་གངྒཱ་བརྒལ་ཏེ་མ་གྷ་དྷར་བརྟོལ་བ་ན། མ་གྷ་དྷ་བ་རྣམས་འཇིགས་ཏེ་རྒྱ་གར་ཤར་ཕྱོགས་སུ་བྲོས་པས་གཡུལ་འགྱེད་མ་དགོས་པར་རྡོ་རྗེ་གདན་གྱི་མཆོད་རྟེན་དང་བྱང་ཆུབ་ཤིང་ལ་མཆོད་པ་བྱས། རྒྱལ་པོའི་ཁབ་ཀྱི་མཆོད་རྟེན་ཁ་ཕྱེས་ནས་རིང་བསྲེལ་བླངས། ཆུ་བོ་གངྒཱའི་འགྲམ་བྱེ་ཁུངས་བརྐོས་ནས་ལྕགས་ཀྱི་ཀ་བ་བཙུགས་ཏེ་ད་ནས་བཟུང་འཕགས་བོད་ཀྱི་ས་མཚམས་འདི་ཡིན་ཞེས་བཀའ་བÇUལ། དུས་ཕྱིས་འབྲི་ཤའི་དམག་གིིས་ལྕགས་ཀྱི་ཀ་བ་འདི་མེས་བཞུས་པས་ཤུལ་ད་ལྟར་ཡང་ཡོད་སྐད་ཐོས། ། བཙན་པོ་འདིའི་རིང་བོད་ཀྱི་ས་ཁྱོན་ཤར་སྐར་མ་སྨིན་དྲུག་འཆར་བའི་མཐའ་ཀེམ་ཤིང་ཁྲི་སྒ?ོ་ལ་ཐུག་ཅིང་། ལྷོ་མེ་བཞི་འཆར་བའི་མཐའ་ཆུ་བོ་གངྒཱའི་འགྲམ་གྱི་རྡོ་རིང་བཙུགས་པ་ལ་ཐུག་ཅེས་ཆོས་འབྱུང་མཁས་པའི་དགའ་སྟོན་ལས་གསུངས་ཤིང་། ད་དུང་རྒྱ་གར་བྱང་ཕྱོགས་དང་བལ་པོ་སོགས་ཀྱང་བོད་ཀྱི་ཆབ་འོག་ཏུ་བཅུག །ནུབ་ཀྱི་ཏ་ཟིག་དང་བྱང་གི་ལི་ཡུལ་ལ་ཐུག་པ་ཚུན་ཆད་བོད་ཀྱི་ཆབ་འོག་ཏུ་འདུས་པའི་ཚུལ་ཡང་དེབ་དཀར་དུ་གསལ་ལ། མདོར་ན། བཙན་པོ་འདི་ལས་ཆབ་སྲིད་མངའ་ཐང་ཆེ་བ། སྔོན་ཆད་གདུང་རབས་ཀྱི་མཛད་པ་ལ་ནི་མ་བྱུང་ངོ་། ཞེས་ཏུན་ཧོང་ཡིག་རྙིང་ལས་གསུངས་པ་ལྟར་དོན་ལ་གནས་སོ། སྐབས་དེར་བོད་ཀྱི་ས་མཚམས་ནི་ཤར་དུ་སུང་ཀྲིའུདང་། མའོ་ཀྲིའུ། སོས་ཀྲིའུ། བཅས་ལ་གནས། དགེ་འདུན་ཆོས་འཕེལ་གྱིས་ལན་ཇོ་དང། ཟོད་ཅོ། མེའོ་ཇོ་ཞེས་བྲིས་འདུག་པ་ནི་རྒྱ་སྐད་ཀྱི་སྒྲ་ཟུར་ཉམས་པར་འདྲ། ལྷོར་བལ་ཡུལ་དང་། པོ་སོན་ཐན། ནུབ་ཏུ་ཨན་ཞི་སྡེ་བཞི་འམ་ཧོར་གྱི་ཚོ་ཆེ་སྡེ་བཞི། བྱང་གི་གྲུ་གུ་དང་། ཏུ་རུ་ཀའི་རྒྱལ་ཁམས་ལ་ཐུག་པར་བོད་ཀྱིས་དབང་བསྒྱུར་བྱས་པས། རྒྱའི་དེབ་ཐེར་དུ། གོང་མ་ཧན་དང་ཝེ་རྒྱལ་རབས་སུའང་འདི་ལྟ་བུའི་རྒྱལ་ཁབ་སྟོབས་ཆེན་པོ་གཞན་སུ་ཡང་བྱུང་མ་མྱོང་ཞེས་འཁོད་ལ། འདི་ནི་རང་རེ་མེས་པོ་ཚོས་བཞག་པའི་ལོ་རྒྱུས་ཐོག་གི་ངོམས་རིན་ཡོད་པའི་ལེ་ཚན་གལ་ཆེ་ཞིག་ཀྱང་ཡིན་ནོ།། སྔོན་གྱི་ལོ་རྒྱུས་རྣམས་སུ་འཛམ་གླིང་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ཞེས་འཁོད་འདུག་པའང་དོན་ལ་གནས་པ་སེམས་སོ།། མཐར་རང་གི་སྲས་མུ་ནེ་བཙན་པོ་ཆབ་སྲིད་ཀྱི་ཁྲིར་བཀོད་དེ་པཎ་ཆེན་བི་མ་ལ་མི་ཏྲི་དྲུང་དུ་ཆོས་གསན་ནས་སྒོམ་གྲྭར་གཤེགས་པར་གྲགས་ཤིང་། དོན་དུ་དགུང་ལོ་ང་ལྔ་པ་མེ་བྱི་(སྤྱི་ལོ་༧༩༦)ལོ་གསར་གྱི་དུས་སྟོན་དུ་རྟ་རྒྱུགས་འགྲན་པའི་སྐབས། བཙན་པོ་ལ་མི་མོས་པ་ཞིག་གིས་ལྐོག་ནས་འཇབ་མདའ་འཕངས་ཏེ་བཀྲོངས་ཞེས་བཀའ་ཐང་དུ་གསུངས་ཤིང་། བང་སོ་ནི་མུ་ར་རི་ལ་བརྩིགས་ཏེ་འཕྲུལ་རི་གཙུག་སྣང་དུ་བཏགས། མདུན་དུ་རྡོ་རིང་ཡི་གེ་ཅན་ཞིག་ཀྱང་བཙུགས། སྡེ་བཞི་སྲིད་ཀྱིས་གཞན་སྡེ་རྣམ་པར་མནན། ། རྣམ་དག་ཁྲིམས་ཀྱིས་རང་སྡེ་ཚུལ་བཞིན་བསྐྱངས། ། ལུགས་ཟུང་གསེར་གྱི་རྩིབས་སྟོང་འཆང་བ་གང༌། ། འཛམ་གླིང་རྒྱལ་པོར་བསྔགས་པ་དོན་དང་ལྡན། ། འཕགས་པའི་ཡུལ་ནས་མཁན་སློབ་དུ་མ་དྲངས། ། གངས་ཅན་བོད་དུ་མདོ་སྔགས་ཟུང་འབྲེལ་སྤེལ། ། མཐའ་བཞིའི་ཁྱོན་ལ་ལུང་གི་ཕོ་ཉ་འགྲིམས། ། ཁྲི་སྲོང་ལྡེ་བཙན་བཀའ་དྲིན་གཞན་ལས་ཆེ། །ཞེས་ཀྱང་སྨྲས་སོ། ། བོད་རྗེ་སོ་དགུ་པ་མུ་ནེ་བཙན་པོ་ནི། ཡབ་ཁྲི་སྲོང་ལྡེའུ་བཙན་དང་བཙུན་མོ་ཚེ་སྤང་བཟའ་མེ་ཏོག་སྒྲོན་གཉིས་ཀྱི་སྲས་སུ་ཆུ་སྟག་(སྤྱི་ལོ་༧༦༢)འཁྲུངས། བཙུན་མོ་རུ་ཡོང་བཟའ་ཁབ་ཏུ་བཞེས་ཀྱང་རིགས་སྲས་མ་འཁྲུངས། བཙན་པོ་འདིས་(སྤྱི་ལོ་༧༩༦)ནས་བོད་ཀྱི་སྲིད་ཁྲི་ལོ་གཅིག་དང་ཟླ་བ་དགུ་ལ་བཟུང་ཞིང་དེའི་རིང་ལ། ཆོས་ཕྱོགས་ནས་བསམ་ཡས་དང་ཁྲ་འབྲུག ལྷ་ས་བཅས་སུ་སྡེ་སྣོད་གསུམ་ལ་མཆོད་སྦྱིན་གྱི་རྒྱུན་འཛུགས། སྲིད་ཕྱོགས་ནས་བོད་ཀྱི་ཆབ་འབངས་རྣམས་དབུལ་ཕྱུག་མཉམ་རྒྱུའི་རྨང་གཞི་ལན་གསུམ་གཏིང་། ཡབ་ཀྱི་བཙུན་མོ་ཕོ་ཡོངས་བཟའ་ལ་ཡབ་ཀྱིས་གཉན་གཏོང་བ་བཞིན་བྱམས་སྐྱོང་གནང་བས། རང་གི་ཡུམ་མེ་ཏོག་སྒྲོན་ཐུགས་མ་མཉེས་ནས་དགུང་ལོ་སོ་དྲུག་མེ་གླང་(སྤྱི་ལོ་༧༩༧)ལ་དུག་དྲངས་ཏེ་བཀྲོངས་ཞེས་བཤད་མོད། དོན་དངོས་ལ་དབུལ་ཕྱུག་འདྲ་མཉམ་བྱེད་འདོད་མེད་པའི་འབྱོར་ལྡན་བློན་འཁོར་ཚོ་གཅིག་གི་ངན་ཇུས་འོག་ནས་བཙན་པོའི་སྐུ་སྲོག་ལ་བཞི་ཤད་འཐེན་པ་ཡིན་སྲིད་སྙམ། བང་སོ་ནི་ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ་ཅན་གྱི་བང་སོའི་གཡས་ངོས་མདུན་ན་བརྩེགས་ཤིང༌། མིང་ལ་ལྷ་རི་ལྡེམ་པོ་བཏགས། ། བོད་རྗེ་བཞི་བཅུ་པ་ཁྲི་ལྡེ་སྲོང་བཙན་ནམ་སད་ན་ལེགས་ནི། ཡབ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་དང༌། ཡུམ་ཚེ་སྤོང་བཟའ་མེ་ཏོག་སྒྲོན་གཉིས་ཀྱི་སྲས་སུ་ཤིང་འབྲུག་ལོ་སྟེ་(སྤྱི་ལོ་༧༦༤)ལོར་སྐུ་འཁྲུངས། འདི་ཉིད་ཁྲི་སྲོང་གི་བུ་བཞི་པ་དེ་ཡིན། འདིས་བཙུན་མོ་འབྲོ་བཟའ་ཁྲི་མོ་ལེགས་དང༌། མཆིམས་རྒྱལ་བཟའ་ལེགས་མོ་བཙན། ཅོག་རོ་བཟའ་བཙན་རྒྱལ་གསུམ་ཁབ་ཏུ་བཞེས་ཏེ་རིགས་སྲས་ལྔ་ཙམ་འཁྲུངས། རྗེ་འདིའི་མཛད་གཙོ་ཁག་སྙིང་པོར་དྲིལ་ན། དང་པོ། རྒྱ་བོད་ཀྱི་སོ་མཚམས་ཡབ་མེས་སྐབས་བཞིན་བརྟན་སྲུང་མཛད་ཅིང་ཡབ་མེས་ཀྱི་དམག་ཟིལ་ལ་བརྟེན་ནས་རྒྱས་ཚུར་གནོད་ཤུགས་ཆེར་མ་བྱུང་བས་རྒྱ་བོད་དབར་འདུམ་ཞིང་མཐུན་པར་བྱུང་། གཉིས་པ། སོག་ལྷ་ཁང་དགོན་སྡེ་དུ་མ་སྐར་ཆུང་གཙུག་ལག་ཁང་དང་། དབུ་སྟོད་ཞྭ་ལྷ་ཁང་སོགས་གསར་བཞེངས་དང་ཞིག་གསོ་ཅི་རིགས་གནང་། དེ་དང་ཆབས་གཅིག་གནས་དེ་དང་དེར་ཡི་གེ་བཀོད་པའི་རྡོ་རིང་བསླངས་པས་དུས་ཕྱིས་ཀྱི་ལོ་རྒྱུས་བསྐྱར་ཞིབ་ཀྱི་རྨང་གཞི་འཛིན་ས་བརྟན་པོར་བྱས། གསུམ་པ། དམ་པའི་ཆོས་བོད་སྐད་དུ་བསྒྱུར་ཅིང་བརྡ་དང་ཐ་སྙད་ཀྱི་དཀར་ཆག་བཀས་བཅད་གཏན་འབེབས་བྱས་ཚུལ་ནི། དེ་ཡང་བསྒྱུར་ཡིག་གཏན་ལ་དབབ་པའི་རྩ་འཛིན་བྱེད་ས་དང་པོ་བྱཱ་ཀ་ར་ཎའི་གཞུང་ལུགས་དང་མཐུན་པ། གཉིས་ན་གང་ཞིག་བསྒྱུར་བའི་ཆོས་ཀྱི་གཞུང་ལུགས་དེའི་རྩ་བའི་བརྗོད་དོན་དང་མི་འགལ་བ། གསུམ་ན་བོད་སྤྱིའི་སྐད་སྲོལ་དང་མཐུན་ཞིང་གོ་བདེ་བ་བཅས་ཀྱི་སྒོ་ནས་བསྒྱུར་དགོས་པ་དང་། དེ་ལ་ཡང་རྒྱ་རིམ་པ་བདུན་ལ་སོགས་པའི་བཀའ་གཙིགས་ཞིབ་ཆར་གནང་། སྔོན་གྱི་ལོ་ཙཱ་བ་ཚོས་གོ་དཀའ་བར་བསྒྱུར་བའི་བརྡ་རྙིང་རྣམས་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་པ་དང་། དེ་དག་གི་གཞི་འཛིན་བྱེད་ས་སྒྲ་སྦྱོར་བམ་གཉིས་ལ་སོགས་པའི་གཞུང་གསར་རྩོམ་བྱེད་བཅུག་པ་སོགས་ད་ལྟའི་བར་དུ་བོད་གངས་ཅན་པའི་དམ་པའི་ཆོས་དང་རིག་པའི་གཞུང་ལུགས་ཀྱི་གཟི་འོད་ཤར་ནུབ་ཀྱི་འཛམ་གླིང་ཧྲིལ་པོའི་ཁྱོན་ཀུན་མཐར་ཆགས་སུ་བརྡལ་བཞིན་པ་འདིའི་རྨང་གཞི་བརྟན་ཚུགས་གནང༌། རང་རེའི་ལོ་རྒྱུས་འགའ་ཞིག་ཏུ་ཁྲི་ལྡེ་སྲོང་བཙན་དང་ཁྲི་གཙུག་ལྡེ་བཙན་གཉིས་ཀྱི་མཚན་ཟུར་ནོར་ནས། གསུང་རབ་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་མཁན་ཁྲི་གཙུག་ལྡེ་བཙན་ནམ་རལ་པ་ཅན་དུ་བཤད་པ་ནི། ཡབ་མེས་ཀྱིས་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་པ་དེ་ཉིད་རྒྱུན་འཛིན་དང་དར་སྤེལ་ཆེས་ཆེར་གནང་བ་ལ་དགོངས་པ་ཡིན་ན་མ་གཏོགས། ལོ་རྒྱུས་དངོས་དང་མཐུན་པ་ཞིག་མིན་ཏེ་ཐུགས་ཡིད་མི་ཆེས་ན། སྒྲ་སྦྱོར་བམ་གཉིས་བོད་རྒྱལ་སུའི་རིང་ལ་བརྩམས་པ་དང་དེའི་བརྗོད་དོན་གང་ཡིན་ལ་ལྟོས་ཤིག །ད་དུང་ཆོས་འབྱུང་བསྟན་པའི་པད་ཚལ་རྒྱས་པའི་ཉིན་བྱེད་དང་། ཆོས་འབྱུང་མེ་ཏོག་སྙིང་པོ་སོགས་ལ་གཟིགས་ན་གསལ་བར་ཤེས་པར་འགྱུར་རོ། དེ་ལྟར་བཙན་པོ་འདིས་བསྟན་སྲིད་གཉིས་ཀའི་སྒོ་ནས་གངས་ཅན་པའི་འགྲོ་བ་རྣམས་ལ་ཕན་པ་དང་བདེ་བའི་འཕྲིན་ལས་རླབས་ཆེན་མཛད་མཐར་དགུང་ལོ་ང་གཉིས་པ་ཤིང་མོ་ལུག་ལོར་(སྤྱི་ལོ་༨༡༥) སྒྲགས་ཀྱི་ཕུར་སྐུ་གཤེགས་པའི་བང་སོ་འཕྲུལ་གྱི་སྤྱི་མདུན་དུ་བཙུགས་ཤིང་། མིང་ལ་རྒྱལ་ཆེན་འཕྲུལ་གྱི་རི་བོ་བཏགས། དེའི་མདུན་དུ་རྡོ་རིང་བསླངས་པའི་ངོས་ལ་བཙན་པོ་འདིའི་ལོ་རྒྱུས་བཀོད། བོད་རྗེ་བཞི་བཅུ་ཞེ་གཅིག་པ་ཁྲི་ལྡེ་གཙུག་ལྡེ་རལ་བ་ཅན་ནི། ཆོས་རྒྱལ་མེས་དབོན་གསུམ་པར་གྲགས་ཤིང་། འདི་ཉིད་ཡབ་ཁྲི་ལྡེ་སྲོང་བཙན་དང་ཡུམ་འབྲོ་བཟའ་ཁྲི་མ་ལེགས་གཉིས་ཀྱི་སྲས་སུ་ཆུ་རྟ་(སྤྱི་ལོ་༨༠༢)ལོར་སྐུ་འཁྲུངས། དགུང་ལོ་བཅུ་གསུམ་པ་ཤིང་ལུག་(སྤྱི་ལོ་༨༡༥)ལོར་རྒྱལ་ཁྲི་ལ་བཞུགས་ནས་ལོ་ངོ་ཉེར་བདུན་རིང་དུ་རྒྱལ་སྲིད་བསྐྱངས། བ}[༨་ཆེན་པོ་བྲན་ཀ་དཔལ་གྱི་ཡོན་ཏན་གྱིས་བློན་པོའི་གཙོ་བོར་མཛད་ཅིང༌། ཅོག་རོ་བཟའ་དཔལ་གྱི་ངང་ཚུལ་མ་དང༌། མཆིམས་བཟའ་ཁྱུང་དཀར་མ། སྣ་ནམ་བཟའ་ཨ་རྗེ་ཕོ་ལེགས། ཚེ་སྤོང་བཟའ་ལྷུན་གྱི་བུ་མོ། ལྷ་ལུང་བཟའ་མེ་ཏོག་མ་བཅས་བཙུན་མོ་ལྔ་ཙམ་ཁབ་ཏུ་བཞེས་ཀྱང་རིགས་སྲས་ནི་མ་འཁྲུངས་བར་གྲགས། སྤྱིར་ཡབ་ཁྲི་ལྡེ་སྲོང་བཙན་ལ་སྲས་ལྔ་འཁྲུངས་པའི་ནང་ནས། ལྷ་རྗེ་དང་། ལྷུན་གྲུབ་གཉིས་ཆུང་དུས་ནས་གྲོངས། ལྷག་མ་གསུམ་ལས་རལ་པ་ཅན་དང་། གཙང་མ། དར་མ་གསུམ་ཆེ་ཆུང་གཅེན་གཅུང་གི་གོ་རིམ་ཐད་ལོ་རྒྱུས་སྨྲ་བ་ཚོས་བཞག་པའི་དེབ་ཐེར་ཁག་ཏུ་བཤད་སྲོལ་མི་འདྲ་བ་ཤིན་ཏུ་མང་བའི་ནང་ནས་འདིར་བོད་ཀྱི་དེབ་ཐེར་ཁག་གི་སྔ་ཤོས་སམ་རྙིང་ཤས་མཁས་པ་ལྡེའུས་བརྩམས་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ་(དུས་རབས་བཅུ་གཉིས་ཡས་མས་སུ་བརྩམས།) ཉང་ཉི་མ་འོད་ཟེར་ཀྱིས་བརྩམས་པའི་ཆོས་འབྱུང་མེ་ཏོག་སྙིང་པོ། ལྡེའུ་ཇོ་སྲས་ཀྱིས་བརྩམས་པའི་ཆོས་འབྱུང་བསྟན་པའི་རྒྱལ་མཚན་རྣམས་ཁུངས་བཙན་པའི་ལུགས་སུ་བྱས་ཏེ་བཀོད་ན། སྲས་བགྲེས་པ་གཅེན་པོ་ཁྲི་རལ་པ་ཅན། འབྲིང་ལྷ་སྲས་གཙང་མ། ཐ་ཆུང་ལྷ་སྲས་དར་མ་འུ་དུམ་བཙན་ཡིན་ཏེ། རལ་པ་ཅན་འདི་ཉིད་ཆུ་རྟ་(སྤྱི་ལོ་༨༠༢) ལོར་ཡུམ་བཙུན་མོ་ཆེན་མ་འབྲོ་བཟའ་ཁྲི་མོ་ལེགས་ཀྱི་པང་དུ་འཁྲུངས། དབུ་སྐྲ་སིལ་བར་མི་མཉེས་པར་རལ་བ་ལན་བུར་བྱས་པས་རལ་པ་ཅན་ཞེས་གྲགས།། བཙན་པོ་འདིའི་མཛད་རྗེས་ནི་ཤིན་ཏུའང་ཟབ་ཅིང་རྒྱ་ཆེ་བ་ཡོད་མོད་སྙིང་པོར་དྲིལ་ནས་བཀོད་ན། དང་པོ། མཐའ་མཚམས་བརྟན་སྲུང་གནང་ཚུལ་ནི་དགུང་ལོ་བཅུ་གསུམ་པར་(སྤྱི་ལོ་༨༡༥) ཤིང་འབྲུག་ལོར་སྲིད་ཁྲིར་འཁོད་པ་ནས་རྒྱ་བོད་ཀྱི་ས་མཚམས་ཁག་ཡབ་མེས་ཀྱི་སྐབས་བཞིན་བརྟན་སྲུང་ཐོག དབོན་ཞང་ས་མཚམས་མ་འདུམ་པས་དམག་འཐབ་ཐེངས་འགའ་བྱས་པའི་ནང་རྒྱའི་ཧྲ་ཀྲིའུ་མཁར་སོགས་བོད་ཀྱིས་འཕྲོག ཐང་གི་དམག་དཔོན་ཡན་ཁྲང་སོགས་ཀྱིས་མགོ་བཏགས། དེ་ནས་རྒྱ་བོད་ཕན་ཚུན་ས་མཚམས་གཏན་འཁེལ་ཀྱིས། གནམ་ལ་ཉི་ཟླ་གཉིས། ས་ལ་དབོན་ཞང་གཉིས་མཚོན་པའི་སླད་རྡོ་ལ་ཉི་ཟླའི་རི་མོ་བྲིས། ཕྱིན་ཆད་བོད་བོད་ཡུལ་ན་བདེ། རྒྱ་རྒྱ་ཡུལ་ན་བདེ། ས་མཚམས་རྨེ་རུ་མན་ལ་བོད་ཀྱིས་དམག་མི་དྲངས། དེའི་ཡན་ལ་རྒྱ་ཡིས་དམག་མི་དྲངས་སོགས་འཁོད་པའི་རྡོ་རིང་ཆུ་ཡོས་(སྤྱི་ལོ་༨༢༣)ལོར་བོད་ཀྱི་རྒྱལ་ས་ལྷ་ས་དང་རྒྱའི་རྒྱལ་ས་ཁྲང་ཨན་བཅས་སུ་བཙུགས། གཉིས་པ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེར་བཀུར་བསྟི་རིམ་གྲོ་ཚད་ལས་བརྒལ་བ་གནང་བ་ནི། འུ་ཤང་རྡོ་དཔེ་མེད་བཀྲ་ཤིས་དགེ་ལེགས་འཕེལ་གྱི་ལྷ་ཁང་གསར་དུ་བཞེངས་པ་ལ་སོགས་གཙུག་ལག་ཁང་དང་ལྷ་ཁང་དུ་མ་ཞིག་གསོ་དང་། བོད་ཡུལ་ཕྱོགས་མཐའ་ཀུན་ཏུ་ལྷ་ཁང་སྟོང་རྩ་དང་མཆོད་རྟེན་བྱེ་བ་གསར་བཞེངས་མཛད། གསུམ་པ། གཙུག་ལག་རིག་གཞུང་རྒྱ་ཆེར་སྤེལ་ཚུལ་ནི་དམ་པའི་ཆོས་བསྒྱུར་ཅིང་བརྡ་དང་ཐ་སྙད་གཅིག་གྱུར་གྱི་དཀར་ཆག་བཀོད་དེ་བཀས་བཅད་པ་བྱས་པ་སྟེ་ཡབ་མེས་ཀྱི་བཏོད་པའི་སྲོལ་ཆེན་པོའི་རྒྱུན་འཛིན་གནང་ནས་འཕགས་ཡུལ་གྱི་པཎྜིཏ་ཏ་སི་”་དྲ་བྷ་དྷི་སོཊ་དུ་མ་དང་། སྐ་ལྕོག་ཞང་གསུམ་སོགས་ལོ་ཙཱ་བ་དུ་མར་གསུང་རབ་གླེགས་བམ་ཤིན་ཏུ་མང་པོ་སྐད་གསར་བཅད་ཀྱིས་བསྒྱུར་དུ་བཅུག འདུལ་བ་གཞི་ཐམས་ཅད་ཡོད་པ་སྨྲ་བ་ལས་གཞན་དང་གསང་སྔགས་བླ་མེད་ལས་མ་རྒྱུད་ཀྱི་སྐོར་རྣམས་མ་གཏོགས། བཤད་གྲྭ་དང་། འདུལ་གྲྭ། སྒོམ་གྲྭ་དུ་མས་བོད་ཡུལ་གང་སར་ཁྱབ་པར་བྱས། གྲ་ཤད་གཉིས་ཀྱིས་བོད་ཀྱིས་སེང་གེ་གནམ་དུ་མཆོང་བ་དང་མུ་ཏིག་སྟར་ལ་བརྒྱུས་པ་ལྟ་བུའི་སྲོལ་བཏོད་རྗེས་ཕུང་པོ་གསུམ་པའི་མདོ་ལ་སོགས་པ་གླེགས་བམ་དུ་འབྲི་རུ་བཅུག་སྟེ་གཟེངས་བསྟོད་རྒྱ་ཆེར་གནང་། བཞི་པ་དགེ་འདུན་གྱི་སྡེ་ལ་སྲི་ཞུ་ལྷག་པར་ཞུས་ཚུལ་ནི་རབ་བྱུང་ངུར་སྨྲིག་འཆང་བའི་སྡེ་རྒྱ་ཆེར་སྤེལ་བ་བྱས་ཏེ། དེ་ཡང་རབ་ཏུ་བྱུང་བ་རེ་ལ་འབངས་ཁྱིམ་བདུན་རེ་ཞབས་ཏོག་སྒྲུབ་མཁན་གནང་བ་དང་རྒྱལ་པོའི་མཛོད་ནས་ལོ་ལྟར་རབ་ཏུ་བྱུང་བར་ཇ་ཚྭ་མར་བུལ་ཏོག་འབྲི་ཁལ། ཤོག་སྨྱུག སྣག་ཚ། བཅས་ཀྱི་ལོ་ཕོག་ནར་གཏོང་མཛད། དམག་དང་དཔྱལ་ཁྲ་འུ་ལག་སོགས་རྒྱུགས་མི་དགོས་པར་བཟོས། ངུར་སྨྲིག་རྟགས་ཙམ་འཆང་བ་ཚུན་ཆད་ལ་དབུ་གུག་ཅིང་ཕྱག་རྒྱ་དང་གུས་འདུད་བྱེད། བློན་པོ་བྱས་པ་ཅན་ཚོས་གུས་འདུད་སྙུང་ཕྱག་ཉི་ཤུ་རྩ་གཅིག་ཕུལ་ཀྱང་ལན་མི་གནང་། ངུར་སྨྲིག་ལ་ལྷན་པ་བཏབ་པའི་རིགས་གཟིགས་ན་དེའི་ལྷ་འབངས་སུ་ཡིན་བརྩད་བཅད་ནས་ཆད་པས་བཅད། དགེ་འདུན་མང་པོ་ཚོགས་པའི་གྲལ་གཞུག་ཏུ་འཁོད་ནས་རང་གི་དབུ་སྐྲར་དར་ཚོན་སྣ་ལྔS་བཏགས་ཏེ་དེའི་སྟེང་དུ་དགེ་འདུན་རྣམས་བཞུགས་སུ་གསོལ་ནས་གུས་ཕྱག་དང་གསོལ་འདེབས་བྱེད། སྔོན་གྱི་རྒྱལ་པོ་མྱ་ངན་མེད་ཀྱི་རྣམ་ཐར་ལྟར་རྒྱལ་སྲིད་རབ་ཏུ་བྱུང་བའི་སྡེ་ལ་འབུལ་གསུངས་པར། ལོ་ཙཱ་བ་ཚོས་བོད་འབངས་འདུལ་དཀའ་བས་དེ་ལྟར་མི་འོངས་ཞུས། རབ་ཏུ་བྱུང་བའི་སྡེ་ལ་ངན་སྨྲས་བྱས་ན་ལྕེ་བཅད། མཛུབ་མོ་སྡིགས་ན་མཛུབ་མོ་བཅད། སྡང་མིག་བལྟས་ན་མིག་འབྲས་ཕྱུངས་བ་སོགས་སངས་རྒྱས་ཀྱི་བསྟན་པ་དང་དེ་འཛིན་དགེ་འདུན་གྱི་སྡེ། ལྷག་པར་རབ་བྱུང་ངུར་སྨྲིག་འཆང་བའི་སྡེ་ལ་གཅེས་པར་བསྐྱངས། བཙན་པོ་འདིས་(སྔ་ཕྱི་༨༡༥ནས་༨༤༡) བསྟན་སྲིད་གཉིས་ཀའི་ཐོག་མཛད་རྗེས་ཤིན་ཏུ་རྒྱ་ཆེ་བ་གནང་བའི་མཐར། གངས་ཅན་པའི་བསོད་ནམས་ཀྱི་མཐར་གཏུགས་པས། བཙན་པོས་གྲྭ་བཙུན་བཀུར་བཟོས་དང་གུས་ཕྱག་གནང་ནས་བྱས་པ་ཅན་གྱི་བློན་པོ་རྣམས་ལ་མཐོང་ཆུང་བྱེད་པ། སྐྱེས་པ་ཕལ་ཆེར་རབ་ཏུ་བྱུང་བས་མཐའ་སྲུང་དམག་དཔུང་ཉམས་གུད་དུ་ཕྱིན་པ། ལོ་དང་ཟླ་བའི་དཔྱ་ཁྲལ་མང་ཆེ་བ་རབ་བྱུང་ཚོའི་ལོ་ཕོག་ཏུ་ཐིམ་ནས་མཐའ་སྲུང་དམག་ཕོག་ཇེ་ཉུང་དུ་གྱུར་པ། ཁྲལ་དང་འུ་ལག་གི་མི་འབོར་ཇེ་ཉུང་དུ་གྱུར་པ། གནས་ལུགས་དེ་དག་རྒྱལ་པོ་ལ་ཞུས་ན་ཞུ་མཁན་ཁྲིམས་ལ་སྦྱར་བ་སོགས། མདོར་ན་བཙན་པོའི་མཛད་པ་ཕལ་ཆེ་བ་ནང་ཁུལ་བློན་པོ་ཁག་གིས་ལོག་པ་འབའ་ཞིག་མཐོང་ནས་རྒྱལ་ཁྲིམས་བསྒྱུར་བཅོས་བྱེད་པའི་ཆེད། མོ་པ་དང་ཁ་མཐུན་ནས་ལྷ་སྲས་གཙང་མ་མོན་ཡུལ་དུ་སྤྱུགས། བློན་བྲན་མཁར་དཔལ་ཡོན་བཙུན་མོ་དང་བཤོས་པའི་ངན་ཁག་བཀལ་ཏེ་ས་མཐར་ཕུད། བཙན་པོས་ཕོ་བྲང་དུ་རྒུན་ཆང་བཏུང་ནས་མྱོས་པའི་སྐབས་དང་བསྟུན་ནས་བློན་སྟག་རྣ་ཅན་སོགས་ཀྱིས་དབུ་ལྟག་པར་གཅུས་ཏེ་དགུང་ལོ་སོ་བཞི་པ་སྤྱི་ལོ་(༨༤༡)ལ་སྐུ་བཀྲོངས། བང་སོ་དོན་མཁར་མདའ་ཡི་གཡོན་ཕྱོགས་སུ་བརྩེགས། མངའ་བདག་རྒྱལ་པོའི་ཁྲི་ཡི་སྟེང་འགྱིངས་ཀྱང༌། ། དབུ་སྐྱེས་རལ་པ་བཙུན་པའི་གདན་དུ་གཏིང༌། ། རྒྱ་ཡུལ་རྒྱ་སྐྱིད་བོད་ཡུལ་བོད་སྐྱིད་པའི། ། རྩ་ཚིག་རྡོ་རིང་བསླངས་པའི་མཛད་རྗེས་ཟབ། ། ཕྱོགས་རིས་རྨོངས་ཡུས་བརྩེགས་པའི་མུན་ཁྲོད་ནས། ། ནག་ཕྱོགས་སྲིན་པོ་འཁྲུགས་པའི་ལག་རིང་གིས། ། ལུགས་གཉིས་ནོར་བུའི་ཏོག་དང་བཙན་པོའི་དབུ། ། ལྷན་ཅིག་གཅུས་པའི་ཚུལ་འདི་ཅིས་མི་སྐྱོ། །ཞེས་ཀྱང་སྨྲས་སོ།། བོད་རྗེ་ཞེ་གཉིས་པ་ལྷ་སྲས་དར་མ་འུ་དུམ་བཙན་ནི། ཡབ་རྒྱལ་པོ་ཁྲི་ལྡེ་སྲོང་བཙན་དང༌། ཡུམ་འབྲོ་བཟའ་ཁྲི་མོ་ལེགས་གཉིས་ཀྱི་སྲས་སུ་(སྤྱི་ལོ་༨༡༥)ལ་སྐུ་འཁྲུངས། བཙུན་མོ་ཚེ་སྤོང་བཟའ་བཙན་མོ་འཕན་དང་སྣ་ནམ་བཟའ་གཉིས་ཁབ་ཏུ་བཞེས་ཏེ་སྔ་མ་འོད་སྲུངས་དང་། ཕྱི་མ་ལ་ཡིད་རྟེན་འཁྲུངས། དབས་རྒྱལ་ཏོ་རེ། སྟག་རྣ་ཅན་སྤྲེལ་མགོ་དང༌། སྣ་ནམ་རྒྱལ་ཚ་ཁྲི་གསུམ། རྗེ་ཁྲ་མགོ་གཉིས་ཕྱི་ནང་གི་བློན་ཆེན་དུ་བསྐོས་ནས་ཆབ་སྲིད་བསྐྱངས། བཙན་པོ་འདི་ཁྲི་ལྡེ་སྲོང་བཙན་གྱི་བུ་ཆུང་ཤོས་དེ་ཡིན་ལ། མངའ་བདག་ཁྲི་རལ་བའི་གཅུང་པོ་ཡིན་པ་གོང་དུ་དྲངས་པ་ལྟར་ཡིན། ཐང་རྒྱལ་རབས་ཀྱི་ཡིག་ཆ་ཚལ་བའི་དེབ་དམར་དུ་དྲངས་པ་ལས་མེ་ཕོ་འབྲུག་ལ་བོད་ཀྱི་རྒྱལ་པོ་འདས། ལོ་དེ་ཉིད་ལ་གཅུང་ཐ་མུ་(དར་མ་) ཟེར་བ་རྒྱལ་སར་བསྐོས། ཞེས་བཀོད་ཡོད་པ་བཅས་ལས་གསལ་བར་ཤེས་ནུས་པ་ཞིག་ཡིན། དཔལ་སྤུངས་ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུའི་གསུང་བོད་རྗེ་ལྷ་བཙན་པོའི་གདུང་རབས་ཚིག་ཉུང་དོན་གསལ་དུ། བོད་ཤིང་ལུག་ལོར་( ༨༡༥) འཁྲུངས་པར་གསུངས། འོ་ན་སྦ་བཞེད་དང་། མཁས་པའི་དགའ་སྟོན་སོགས་སུ་དར་མ་གཅེན་དང་རལ་བ་གཅུང་པོར་གསུངས་པ་ཇི་ལྟར་ཡིན་ཞེ་ན། དེ་ནི་དེ་སྔོན་ལོ་རྒྱུས་འབྲི་མཁན་མང་ཆེ་ཤོས་རང་རེའི་སྟོན་པ་ཚད་མ་འཛིན་མཁན་ཞེ་གཅིག་ཡིན་པ་དང་། རལ་པ་ཅན་བསྟན་པ་ལ་མཛད་རྗེས་ཆེ་བ་དང། ལྷ་སྲས་དར་མ་སྟེས་དབང་གིས་རང་རེའི་བསྟན་པ་ཉམས་གུད་སོང་པའི་རྒྱལ་རབས་ཀྱི་མཚམས་སུ་འཁེལ་བ་ལ་བརྟེན་ནས་སྟོད་སྨད་ཀྱི་དབྱེ་མཚམས་མངོན་གཟུགས་དོད་པོ་ཞིག་བྱེད་དགོས་སྟབས། དར་མ་དམའ་འབེབས་པ་དང་ཁྲི་རལ་གཟི་བརྗིད་འདོན་པའི་ཆེད། བོད་ཀྱི་སྲོལ་རྒྱུན་ལ་བུ་རྒན་པ་ཕའི་ཚབ་ཏུ་སྡོད་དགོས་པ་དེ་ཉིད་གོ་ལྡོག་ནས་བཤད་པ་ཙམ་ལས་དོན་དངོས་དང་མཐུན་པ་ཞིག་ཡིན་མིན་རང་རེའི་ལོ་རྒྱུས་གསར་རྙིང་ཀུན་གྱི་ནང་ནས་ད་ལྟར་ཁུངས་བཙན་ཤོས་སུ་རྩི་བའི་ཏུང་ཧོང་ཡིག་ཆ་ལ་གཟིགས་ན་ཤེས་ཐུབ་པ་ཞིག་ཡིན། དེ་སྔོན་ཆོས་ལ་ཞེན་པའི་ལོ་རྒྱུས་སྨྲ་བ་ཚོས་རྒྱལ་པོ་འདི་གཉིས་ཀྱི་འཁྲུངས་འདས་ལོ་ཚིགས་གོ་རིམ་བརྗེ་སྟབས་མ་བདེ་བའི་རྐྱེན་བྱས་ཏེ་ཁྲི་སྲོང་ལྡེའུ་བཙན་མན་ཆད་ཀྱི་འཁྲུངས་འདས་ལོ་ཚིགས་སྐོར་ལ་བཟོ་བཅོས་རྒྱག་དགོས་བྱུང་འདུག་ཀྱང་། རྫུན་གྱི་ཁུངས་བུ་ཇི་ཙམ་རིང་ནའང་། ཉིན་གཅིག་ཁུང་བརྟོལ་ངེས་ཡིན་པ་ལྟར། རྒྱ་བོད་ཀྱི་ཡིག་ཚང་མང་པོ་རྟོག་ཞིབ་དང་ཕྱོགས་བསྡོམས་བྱེད་མཁན་ཚོས། རྫུབ་རྐུབ་འདི་རིགས་རྫ་མའི་རྐུབ་བཞིན་བརྟོལ་འདུག་མིན་བོད་ཀྱི་ལོ་རྒྱུས་རྟོག་ཞིབ་ནན་པོ་བྱེད་མཁན་གྱི་གཟུར་གནས་དཔྱོད་ལྡན་ཞིག་ཡིན་ཕྱིན་ཆད་ཅེས་ཀྱང་མཁྱེན་ངེས་ཡིན། བཙན་པོ་དགུང་ལོ་ཉེར་བདུན་པ་ལྕགས་བྱ་སྤྱི་ལོ་(༨༤༡)ལོ་ནས་མེ་སྟག་(༨༤༦) བར་རྒྱལ་པོའི་ཁྲི་ལ་འཁོད་དེ་དེའི་རིང་ལ་བོད་ཀྱི་ཆོས་སྲིད་གཉིས་ཐད་ནས་འཕོ་འགྱུར་ཧ་ཅང་ཆེན་པོ་བྱུང་བའི་མཐར། བཙན་པོ་རང་གི་སྐུ་སྲོག་དང་བོད་རྒྱལ་ཁབ་ཆེན་པོའི་གཅིག་གྱུར་གྱི་རྒྱལ་རབས་གཉིས་ཀ་མཇུག་རྫོགས་པ་ཡིན་ཞིང་། དེའི་བྱུང་རིམ་སྙིང་པོ་དྲིལ་ནས་བཀོད་ན། དང་པོ་བཙན་པོ་འདི་ཉིད་ཁྲི་ལ་འཁོད་ནས་བསྟན་པ་ལ་སྲི་ཞུ་བྱས་ཚུལ་ནི། འབྲི་ལྷ་ཁང་དང་། བཙུན་པོ། བཙན་མོ། འཕན་གྱིས་ཡར་ལུང་དཔག་བསམ་ལྗོན་ཤིང་ཕུག་པོ་ཆེའི་ལྷ་ཁང་སོགས་གསར་བཞེངས་མཛད། ཐོག་མར་བསྟན་པ་རྒྱས་པའི་སྨོན་ལམ་ཡང་མཛད་དེ། ད་ལྟར་རྒྱཔྲ་རན་སིའི་ཡིག་ཚང་དུ་ཡོད་པའི་ཏུང་ཧོང་ཡིག་རྙིང་ཞིག་ཏུ། འུའི་དུན་བརྟན་གྱི་བསྔོ་ཡིག་ཅེས་པར། བཙན་པོ་འུའི་དུན་བརྟན་གྱི་ཞལ་སྔ་ནས་ཀྱང་ཚེའི་བར་ཆད་ཀྱི་བགེགས་དང་བྲལ་ཏེ་ཚེ་ལ་དབང་ཐོབ་པར་སྨོན་ན། གཙུག་ལག་ཁང་དང་མཆོད་རྟེན་གསར་བརྩིགས་ཤིང་རྙིང་བཅོས་པ་ཡང་ལྷ་དང་མྱི་ཡི་མཆོད་པའི་རྟེན་ནམ་ཉི་མ་དང་ཟླ་བ་ཡོད་པའི་བར་དུ། དམ་པའི་ཆོས་མི་འཇིག་ཅིང། གནས་པར་གྱུར་ལ་འགྲོ་བ་མང་པོའི་བསོད་ནམས་ཀྱི་གཞིར་གྱུར་ཅིག །ཅེས་དང་། ཡང་བསྔོ་ཡིག་དེ་ལས། དམ་པའི་ཆོས་སྲུང་བ་དང་རྒྱལ་ཁམས་བྱིན་ཆེན་པོའི་སྲིད་བཅས་པའི་དོན་དང་། རྒྱལ་པོ་ཆེན་པོའི་དབང་དང་མཐུ་སྟོབས་ཀྱིས་དགྲར་གྱུར་པའི་སེམས་ཅན་གཞན། སྲོག་སྲིད་ལ་ཕབ་པ་མན་ཆད་གནོད་པའི་ཕྱོགས་སུ་གྱུར་ཏེ། ཞེས་དང་། བཙན་པོ་འུའི་དུན་བརྟན་གྱི་ཞལ་སྔ་ནས། ཚེ་རབས་ཀྱི་དངོས་སྡིག་གི་དྲི་མ་ནི་བྱང་། བསོད་ནམས་ཡེ་ཤེས་ཀྱི་ཚོགས་ནི་མྱུར་དུ་རྫོགས་ཤིང་། ཕྱོགས་བརྒྱད་ཀྱི་རྒྱལ་པོ་ཐམས་ཅད་ཀྱང་། བཀའ་འོག་ཏུ་བསྡུས་པ་དང་། ཞེས་སོགས་དང་། ཏུང་ཧོང་གཏེར་ཡིག་གི་ཚན་པ་གཞན་ཞིག་ཏུ། ལྷ་སྲས་ལྷའི་དྲིན་རེ་ཆེ། ། བཀའ་ལུང་གཞུང་དང་མཐུན་པའི་ཚེ། ། ཕྱི་ནང་གཉིས་ཀྱི་སློབ་དཔོན་དང༌། ། ལས་ཀྱི་རྡོ་རྗེ་མཁས་པ་གསུམ། ། མ་འདྲེས་སྤྱོད་པ་འདི་ལྟ་བུ། ། མཁས་བཙུན་སྤྱོད་པ་འཁྲུགས་པ་མེད། ། བོད་ཁམས་ཀུན་ཀྱང་བདེ་ཞིང་སྐྱིད། ། ལྷË་སྲས་དར་མ་མན་ཅད་དང༌། ། འོད་སྲུས་(སྲུང་)དབོན་སྲས་མན་(ཡན་)ཆད་དུ། ། སྤྱིར་ནི་དར་ཞིང་ཅེས་(ཆེས་)པས་། ། མྱིར་སྐྱེས་ཀུན་ཀྱང་འགྲུབ་པར་བཞེད། ། ཅེས་འབྱུང་བ་ལྟར་མི་ལོ་གཉིས་ཀྱི་རིང་བསྟན་པ་རིན་པོ་ཆེར་བྱ་བ་རྒྱ་ཆེར་བྱས་ནས་འཁོར་འབངས་བསྐྱངས་པས་བོད་ཁམས་ཀུན་ཀྱང་བདེ་ཞིང་སྐྱིད་པ་བྱུང༌། གཉིས་པ་ནང་ཁུལ་རྗེ་བློན་དང་བོན་བན་བར་གྱི་འགལ་བ་ཅི་ཆེར་འཕེལ་ཏེ་རྒྱལ་ཁྲིམས་ཉམས་པ་ནི། དེ་ཡང་བཙན་པོ་འདིས་བློན་སྟག་རྣ་སོགས་སྟོབས་དང་དཔུང་པའི་རྒྱལ་ཐབས་ལ་མཁས་ཤིང་། དམ་པའི་ཆོས་ལ་དེ་ཙམ་ཞེན་པ་མེད་པའི་བློན་འཁོར་རྣམས་ལ་གོ་བབ་མཐོན་པོ་གནང་བ་དང་། དཔྱ་ཁྲལ་གྱི་ཡོང་འབབ་ལས་དགེ་འདུན་ལ་ལོ་ཕོགས་ཉུུང་དུ་བཏང་བ་དང་། ལོ་རེར་དགེ་འདུན་གྱི་གྲངས་ཚད་ངེས་ཅན་ལས་འཇུག་ཏུ་མི་ཆོག་པ། མཐའ་མཚམས་དམག་དཔུང་གི་གྲང་འབོར་རྩ་འཛིན་གྱིས་གྲངས་འབོར་དེ་ཉིད་མ་ལོངས་བར་དུ་རབ་བྱུང་དུ་འཛུལ་མི་ཆོག་པ། ས་མཚམས་སྲུང་དམག་གི་ཕོགས་ཐོབ་དང་མཐུན་རྐྱེན་སླར་གསོ་གནང་བ་སོགས་ལ་བརྟེན་ནས། རབ་བྱུང་དགེ་འདུན་གྱི་སྡེའི་འཕེལ་ཁ་དང་མཐུན་རྐྱེན་ལ་ཚད་བཀག་ཐེབས་པས། ཁྲི་རལ་ཕྱོགས་གཏོགས་ཀྱི་བློན་པོ་ཚོས་བསམ་ཡས་དགོན་གྱི་རབ་བྱུང་གི་སྡེ་དང་ཆོས་ལ་དགའ་བའི་མང་ཚོགས་ལ་རྒྱལ་པོས་ཆོས་ལ་གནོད་པའི་ལས་བྱས་ཚུལ་སྒྲོག་སྟེ། ཐོག་མ་བློན་འཁོར་ནང་ཁུལ་གྱི་འགལ་ཟླ་དེ་ཉིད་རབ་བྱུང་དང་ཁྱིམ་པ་སོགས་མང་ཚོགས་ཀྱི་ཁྲོད་དུ་ཁྱབ་ནས་རྒྱལ་པོ་ལ་ཡིད་ཆེས་དང་གདེངས་འཇོག་བྱེད་མཁན་ཇེ་ཉུང་དུ་གྱུར། དེ་དང་དུས་མཚུངས་སུ་བོད་ཡུལ་སྟོད་སྨད་ཀུན་ཏུ་སད་སེར་དང་ནད་ཡམས་འདྲ་མིན་བྱུང་བ་དེ་སྔོན་ཁྲི་རལ་སྲིད་གཞུང་དང་ཕྱོགས་འགལ་གྱུར་པའི་བློན་པོ་ཚོས། བོད་ཆོས་བྱས་པས་བཀྲ་མི་ཤིས་པར་བྱུང་བ་བསྙད། ལངས་ཕྱོགས་དེ་གཉིས་ཀྱི་བར་ནས་བཙན་པོས་ཐག་གཅོད་བྱ་རྒྱུ་གཅིག་ཡོད་པ་དེ་ནི་དམ་པའི་ཆོས་ཉིད་རྣམ་པར་དག་མིན་བརྟག་དཔྱད་བྱ་རྒྱུ་དེ་ཡིན་པས། ཐོག་མར་བོད་ཀྱི་སྐུ་རྟེན་ཁག་རྟོག་དཔྱོད་བྱེད་པའི་ཆེད་ཇོ་བོ་ཤུཀྱ་མུ་ནེའི་ལོ་རྒྱུས་ལ་རྟོག་ཞིབ་བྱས་ཏེ། དང་པོ་རྒྱ་གར་ནས་བྱུང་ཚུལ་དང་། སྐབས་དེར་རྒྱ་གར་ལ་ཤིས་པ་དང་མི་ཤིས་པ་ཇི་ལྟར་བྱུང་ཡོད་མེད། དེ་ནས་རྒྱ་ནག་ཏུ་བརྫངས་རྗེས་རྒྱ་ནག་ལ་ཇི་ལྟར་བྱུང་ཚུལ། གལ་ཏེ་སྐུ་རྟེན་དེ་ཉིད་ཤིན་ཏུ་རྩ་ཆེན་ཞིག་ཡིན་ན། རྒྱ་གར་རྒྱལ་པོས་རྒྱ་ནག་ཏུ་བརྫང་མིན། ཐང་རྒྱལ་པོས་རྩ་ཆེན་བརྩི་ས་ཞིག་ཡིན་ན། བོད་དུ་བསྐྱལ་མིན། ལྷག་དོན་ཀོང་ཇོ་ཐང་རྒྱལ་པོའི་སྲས་མོ་དངོས་མིན་པར་རྩ་ཆེན་སྐུ་རྟེན་ཞིག་བསྐྱལ་བརྫངས་བྱེད་མིནབཅས་ལ་རྟོག་ཞིབ་ནན་པོའི་ལུགས་ཀྱིས་མཐའ་སྡོམ་བྱས་པ་དང༌། ད་དུང་སྐུ་རྟེན་དངོས་ལ་ཚ་འཇམ་ཅི་རིགས་ཀྱིས་རྟོག་ཞིབ་བྱས་ཀྱང་རྟགས་མཚན་དམིགས་བསལ་བ་གང་ཡང་མ་བསྟན་པས། གཙུག་ལག་ཁང་གི་ཕྱིར་བཏོན། དེ་ན་ཕྱག་རྡོར་གྱི་སྐུ་ཞིག་ཡོད་པ་དེར་ཐག་པ་བཏགས་ནས་འཐེན་བཅུག་པས། འཐེན་མཁན་དེ་མ་ཉིད་དུ་འཆི་བས་སྐུ་དེ་ཉིད་རྣམ་དག་ཏུ་རྩིས་ནས་བཞག། དེ་བཞིན་དབུས་ཁུལ་གྱི་གཙུག་ལག་ཁང་དང་དགོན་སྡེ་ལྷ་ཁང་ཆེ་ཕྲ་ཕལ་ཆེ་བའི་སྐུ་རྟེན་རྣམས་རྟོག་ཞིབ་བྱས་ཏེ་གསུང་བྱོན་པ་དང་ཁྲག་དོན་པ་སོགས། རྟགས་མཚན་བྱུང་རིགས་ཀུན་རྣམ་དག་རྩིས་ཏེ་རང་མལ་བཞག་པ་དེ་དག་ལ་དུས་ཕྱིས་གླང་དར་ཁྲིམས་ཐར་མར་གྲགས་ཤིང་། ད་ལྟའང་འགའ་རེ་མཇལ་རྒྱུ་ཡོད་པ་རྣམས་རྩ་ཆེར་བརྩི་བ་མ་གཏོགས། བདུད་རྒྱལ་གྱིས་ལག་པ་འཆང་མྱོང་བ་རེད་ཅེས་སྡུག་པོ་རྩི་མཁན་སུ་ཡང་མེད། རྟགས་མཚན་མ་བསྟན་པའི་སྐུ་འདྲའི་རིགས་རྣམས་ཆུ་ལ་བསྐྱུར་བ་དང་། ས་འོག་སྦས་པ་སོགས་བྱས། དེ་བཞིན་ཆོས་པའི་སྡེ་ཚན་ཁག་ལས་སྔགས་འཆང་སློབ་དཔོན་སངས་རྒྱས་ཡེ་ཤེས་ལ་ཉམས་སད་བྱས་པས། བྲག་ལ་ཐོག་ཕབ་པ་སོགས་ཡ་མཚན་ཞིང་འཇིགས་དགོས་པའི་རྫུ་འཕྲུལ་དུ་མ་བསྟན་པ་ལས། ཆོས་པ་རྣམ་དག་ཏུ་རྩིས་ནས་བསྔགས་བརྗོད་དང་གུས་འདུད་བྱས། དམག་དང་འུ་ལག་གི་ཁྲལ་ལས་གཡོལ་ནས་རབ་བྱུང་བའི་སྡེར་འཛུལ་མཁན་ཚོར་རྟགས་མཚན་གང་ཡང་བསྟན་རྒྱུ་མེད་པས་དགེ་འདུན་གྱི་སྡེ་ལས་བཏོན་ནས་དམག་དང་ཁྲལ་འུ་ལ་བརྫངས། བྱ་ཚུལ་འདི་དག་བསྟན་པ་ལ་དག་ཐེར་དང་རྨ་འབྱིན་པ་གང་ཞིག་ཡིན་མིན་དཔྱད་པར་བྱ་བའི་རིགས་ཏེ། ས་རྔོག་བུ་གསུམ་དང་རྗེ་ཙོང་ཁ་པ་སོགས་ཀྱིས་སྔོན་བྱོན་མཁས་པའི་གསུང་རབ་ཁག་ལ་ལུང་རིགས་ཀྱིས་རྟོག་ཞིབ་ནན་པོའི་ལུགས་སུ་བྱས་ནས་གཏན་འབེབས་མཛད་པ་དེ་དག་ཀྱང་བསྟན་པ་ལ་སྲི་ཞུ་དང་རྨ་འབེབས་གང་ཞིག་འགྱུར་མིན་དཔྱོད་པར་མཛོད་ཅིག་ཅེས་པ་ཡང་འཕྲོས་གླེང་ཙམ་སྟེ། ཁྲི་རལ་སྲིད་གཞུང་དང་ཕྱོགས་འགལ་གྱུར་པའི་བློན་པོ་(དུས་ཕྱིས་ལོ་རྒྱུས་མང་ཆེ་བའི་ནང་འདི་ཚོ་ལ་ཆོས་ལ་མི་དགའ་བའི་བློན་པོ་དང་བདུད་བློན་ཞེས་བྲིས་འདུག)ཚོས་གོ་སྐབས་འདི་དམ་འཛིན་བྱས་ཏེ་རང་ཉིད་དང་ཕྱོགས་འགལ་བྱེད་མཁན་རྣམས་འབུར་འཇོམས་བྱེད་པའི་ཆེད། དམངས་ཀྱི་དད་པའི་རྟེན་གཙོ་ཇོ་ཤག་གཉིས་གཙུག་ལག་ཁང་ནས་ས་སྦས་བཏང་། སྐུ་རྟེན་བཤིགས། གསུང་རྟེན་སྦར། ལྷ་ས་དང་བསམ་ཡས་བཤས་ཁང་དང་། ཕྱིིས་ཝ་ཚང་དང་སྤྱང་ཚང་དུ་གྱུར་པ་སོགས་སྔོན་བྱོན་མེས་དབོན་གོང་མ་ཚོས་མི་ལོ་བརྒྱ་ཕྲག་ལྷག་གི་རིང་བཞག་པའི་མཛད་རྗེས་མང་ཆེ་བ་རྩམ་པ་རླུང་ལ་འཕྱར་བ་ལྟར་གྱུར། ཆོས་ལ་དད་པའི་སེར་སྐྱ་མང་ཚོགས་ཀྱིས་ཡུལ་དུ་བཀྲ་མི་ཤིས་པ་བྱུང་བའི་རྐྱེན་བཙན་པོས་ཆོས་བསྣུབས་པ་ལས་བྱུང་བར་སྒྲོགས་ནས་ལྐོག་ཏུ་རྒྱལ་པོ་ལ་ངན་སྨྲས་སྣ་ཚོགས་བྱས་པར་མ་ཟད། མཐར་བཙན་པོ་དགུང་ལོ་སོ་བཞི་པ་མེ་སྟག་(༨༤༦)ལོར་བསམ་ཡས་དགོན་པའི་མཁན་ཟུར་ལྷ་ལུང་དཔལ་གྱི་རྡོ་རྗེ་ཡེར་བ་བྲག་ཏུ་སྒྲུབ་པ་ལ་བཞུགས་པ་ལས་ལངས་ནས། བཙན་པོས་ཇོ་ཁང་མདུན་གྱི་རྡོ་རིང་ཡི་གེ་ཀློག་བཞིན་པའི་སྐབས་དཔྲལ་བར་མདའ་བརྒྱབས་ཏེ་བཀྲོངས། བཙན་པོ་འདི་ཉིད་གྲོངས་ཁར། ཡང་ན་ལོ་གསུམ་སྔ་བའམ་ཡང་ན་ལོ་གསུམ་ཕྱིས་སོང་། ཞེས་པའི་སྡོམ་ཚིག་གཅིག་བཞག་ཡོད་པ་འདིར་ལོ་རྒྱུས་སྨྲ་བ་ཚོས་མིག་ཆུ་ཁོག་པ་ལ་མིད་ནས་ཞིབ་འཇུག་གི་སྨྱུག་རྩེ་རེ་ཞིག་དཔྲལ་བ་ལ་བཙུགས་ཏེ་བསམ་གཞིགས་མི་བྱེད་ཀ་མེད་ཡིན། ཆོས་འབྱུང་བསྟན་པའི་རྒྱལ་མཚན་ལས། རྒྱལ་སྲིད་ཆོས་ལ་ཤོར་དོགས་ནས་རྗེ་ཡིས་ཆོས་སྤངས། ཞེས་གསུངས་པ་འདིས་བཙན་པོས་རྒྱལ་སྲིད་ཀྱི་དོན་དུ་ཆོས་པའི་ལམ་ལུགས་ལ་བསྒྱུར་བཅོས་ངེས་ཅན་ཞིག་གཏོང་དགོས་བྱུང་བ་ལས་ཆོས་ལ་སྐྱོན་མཐོང་ནས་མ་ཡིན་པར་ར་སྤྲོད་བྱས་ཡོད་ལ། རྒྱལ་སྲིད་དང་རྒྱལ་ཁབ་ནི་མི་རིགས་དང་རྒྱལ་ཁབ་གང་ཞིག་ཡིན་ཡང་དེའི་ཆབ་དཔལ་རིག་གསུམ་གྱི་རྟེན་གཞི་གཙོ་བོ་དེ་ཡིན་པས། དེ་ཉིད་བརྟན་པོ་བྱེད་པའི་ཐབས་ལ་བརྩོན་པ་ནི། རྒྱལ་པོ་ཞིག་གི་ངོས་ནས་བཤད་ན་འོས་ཤིང་རིགས་པ་ཡིན་མིན་ལོ་རྒྱུས་སྨྲ་བ་ཚོས་བརྟག་འོས་པ་ཞིག་ཀྱང་ལོས་ཡིན། འདིར་ཆོས་འབྱུང་ལ་ལར་བདུད་དང་ཐེའུ་རང་གི་སྤྲུལ་པར་བཤད་པ་དང་། དགོངས་དོན་དངོས་དང་ལེ་དབར་སྟོང་ཕྲག་གིས་ཆོད་པའི་རྒྱུད་དང་ལུང་སྟོན་གྱི་ཚིག་ཕྲེང་འགའ་ཞིག་ལ་བརྟེན་ནས་གླང་གི་མིང་དང་། མགོ་ལ་རྭ་ཡོད་པ་སོགས་ཀྱི་ཡི་གེ་བཀོད། དེ་ནས་ལྷ་སྒྲུང་དང་འདྲེས་པའི་གཏམ་ངོ་མཚར་བ་རེ་བཟོས་ནས་དམངས་ཁྲོད་དུ་ཁྱབ་བརྡལ་བྱས་པ་ལས། དོན་དངོས་ལ་བཙན་པོ་རིམ་བྱུང་གི་གདུང་རྒྱུད་ལས་ཆད་པའི་བོད་མི་རང་མཚན་པ། རང་ཉིད་ཀྱི་ཇུས་གཞི་དང་ཆོས་ཞེན་ཅན་གྱི་བློན་འཁོར། མང་ཚོགས་ཀྱི་བསམ་བློ་བཅས་ཁ་མ་འདུམ་པ་ལས་ནང་ཁུལ་ཟིང་ལོང་ཆེན་པོ་བྱུང་བ་དང་། རང་བྱུང་འབྱུང་བའི་ཁོངས་ནས་སྐར་ངན་ཤར་བ་དང༌། རི་བོ་ཉིལ་བ། ཆུ་བོ་བརྡོལ་བ། སད་སེར་དང་ནད་ཡམས་བྱུང་བ་བཅས་ལ་བརྟེན་ནས། ལོ་ངན་ལོའི་གཉེར་པ་དང་། དུས་ངན་ལོའི་དགེ་བསྐོས་ཞེས་པའི་དཔེ་ལྟར་བོད་རྒྱལ་ཁབ་ཆེན་པོའི་གཅིག་གྱུར་གྱི་གོང་བུ་ལྕགས་གོང་འདྲ་བ་དེ་ཕྱི་ནང་གི་རྐྱེན་དུ་མས་སིལ་འཐོར་དུ་སོང་བའི་འཕྲང་སྣེ་ལ་སྡོད་པའི་མཐའ་མཇུག་གི་བོད་ཀྱི་རྒྱལ་པོ་ཞིག་ཡིན་པ་ནི་ལོ་རྒྱུས་དང་མཐུན་པ་ཡིན་ནོ། ། སེམས་ལྡན་རྒྱལ་བློན་ཕན་ཚུན་ནང་དམེ་བྱེད། ། སེམས་མེད་གནམ་ས་ཆུ་ཡི་འབྱུང་བ་འཁྲུགས། ། ཆོས་ལྡན་ཞིང་དུ་ཆོས་ཀྱི་རྒྱལ་སྲིད་ཉམས། ། འདི་ཀོ་ཁ་བ་རི་བའི་ཆག་སྒོ་ཞིག ། ལྷ་སྲས་དར་མའི་མགོ་ཡི་རྭ་ཅོ་དང་། ། ལུང་ཤར་རྩིས་པའི་རྐུབ་ཀྱི་རྔ་མ་གཉིས། ། ཞེན་པའི་ཐ་གུས་འཆིངས་པའི་བོད་རྒན་ཚོས། ། སྨིག་རྒྱུར་ཆུ་རིས་འཛིན་པའི་བཅོས་སྒྲུང་ཡིན། །ཞེས་ཀྱང་སྨྲས་སོ། །

(༦) བོད་སིལ་བུའི་དུས་རབས། (༨༤༦-༡༢༥༣) དེ་ཡང་སྤྱི་ལོ་(༨༤༦)ལ་ལྷ་སྲས་དར་མ་བཀྲོངས་པའི་རྗེས་ཁོང་གི་སྲས་མངའ་བདག་འོད་སྲུང་དང་ཡུམ་བརྟན་གཉིས་བྱུང་ཞིང་། རང་རེའི་ལོ་རྒྱུས་མང་ཆེ་བའི་ནང་ཡུམ་བརྟན་བཙན་པོའི་གདུང་རྒྱུད་མ་ཡིན་པར་ཡུམ་གྱིས་བུ་རྫུས་ཉར་ནས་རྒྱལ་སྲས་སུ་བཅོས་པར་བཤད་ཀྱང་། དོན་ལ་སྐབས་དེའི་ལོ་རྒྱུས་ཡིག་ཐོག་འགོད་མཁན་ཚོས། འོད་སྲུང་གི་ཕྱོགས་བཟུང་སྟེ་འཁྱོག་པོར་བརྗོད་པ་ཙམ་ལས་དོན་ལ་གཉིས་ཀ་བཙན་པོའི་གདུང་རྒྱུད་འཁྲུལ་མེད་ཡིན་ཏེ། དཔའ་བོ་གཙུག་ལག་ཕྲེང་བའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས། ཡུམ་བརྟན་གདུང་རྒྱུད་མ་ཡིན་པར་གྲགས་ནའང་རྗེ་ཚན་དགུ་པོ་ཕལ་ཆེར་ཡུམ་བརྟན་ཡིན་ལ་གདུང་རྒྱུད་མིན་ན་རྗེའི་སོ་ཁ་གཏོར་བར་མི་འགྱུར་བས་ཆེན་ཆུན་གྱི་སྲས་གཉིས་གདུང་རྒྱུད་ཁྱད་མེད་དུ་སྣང་ལ། ཡི་གེ་དེ་དག་ཀྱང་འོད་སྲུང་ལ་ཞེན་པ་རྣམས་ཀྱིས་བྲིས་པར་ཟད་དོ། །ཞེས་གསུངས་པ་ལས་གསལ་བར་ཤེས་ནུས་སོ། བཙན་པོའི་གདུང་རྒྱུད་འདི་གཉིས་ཀྱི་རིང་ལ་ནང་ཁུལ་བློན་པོ་ཚོའི་ཤུུགས་རྐྱེན་འོག་རྒྱལ་སྲིད་ལ་མ་འཆམ་སྟེ་མི་ཐོག་གསུམ་རིང་ནང་འཁྲུག་བྱུང་། མཐར་ཡུམ་བརྟན་གྱི་རྒྱུད་པས་སྲིད་བཟུང་བས་འོད་སྲུང་གི་གདུང་རྒྱུད་གཉིས་སྟོད་དུ་བྲོས། དེ་ནས་ས་ཁུལ་སོ་སོར་སྡོད་པའི་ཚོ་དཔོན་དང་ཡུལ་དཔོན་ཚོས་གྱེན་ལངས་ཀྱིས་དབུས་སུ་ནང་འཁྲུགས་ཆེས་ཆེར་བྱུང་། རིམ་གྱིས་ནང་འཁྲུགས་ཀྱི་རླུང་རླབས་ཇེ་ཆེར་ཕྱིན་ཏེ་སྤྱི་ལོ་(༨༥༧)ནས་བཟུང་མདོ་ཁམས་སྒང་དྲུག་ནས་ཀྱང་གནོན་ཐབས་མེད་པའི་འབངས་ཀྱི་གྱེན་ལངས་ཤུགས་ཆེར་བྱུང་ཞིང་གྱེན་ལངས་དེ་རིམ་གྱིས་བྱང་མཐའི་ཤ་ཅུ་དང་ལྷོ་མཐའི་འབྲུག་ཆུའི་བར་དུ་ཁྱབ་པར་བྱུང་། མཐའ་མཚམས་བརྟན་སྲུང་བྱེད་པའི་བོད་དམག་རྣམས་ཀྱང་ལྟག་ཆུ་ཆད་པའི་ཆུ་མིག་བཞིན་ནུས་ཤུཊ་ཀྱི་རླབས་རྒྱུན་ཟད། དམག་སྡེ་ཕན་ཚུན་ནང་འཁྲུགས་ནས་དམག་དཔོན་སོ་སོས་རང་འཚམས་ཀྱི་ས་ཁུལ་རེ་བཅད་བཟུང་བྱེད་རྒྱུའི་དམིགས་ཡུལ་འཆང་། དེ་ལ་བརྟེན་ནས་བོད་རྒྱའི་ས་མཚམས་ཀྱི་ས་ཁུལ་མང་པོ་རྒྱ་ལ་ཤོར། རྒྱབ་དཔུང་བརྟན་པོ་མེད་པས་དཔའ་སྟོབས་དང་ལྷག་བསམ་ཆེ་བའི་དམག་དཔོན་དུ་མ་བོད་རྒྱའི་གཡུལ་སར་འདས་གྲོངས་ཤོར། སྔོན་གྱི་མེས་དབོན་རྣམ་པའི་བང་སོ་རྣམས་བཤིགས། ས་གནས་རེར་རྗེ་དཔོན་རེ་བྱུང་སྟེ་ཡུལ་གྲུ་སོ་སོ་བཅད་བཟུང་གིས་རྒྱལ་ཕྲན་གསུམ་བརྒྱ་དྲུག་ཅུ་གྱེསཏེ་གཅིག་འོག་གཅིག་མི་འདུས་པ་སྲན་མ་ཐང་ལ་གཏོར་བ་ལྟར་གྱུར་ཏེ་ཁུ་སྟོན་གྱི་ལོ་རྒྱུས་ཆེན་མོར། གཙང་ལྷ་བུ་དར་ལྷ་ཡིས་ཞུ་བ་བྱས། ། གྲོམ་པ་ལྷ་རྩེ་བཙན་པོའི་མཁར་ལ་བསྟེན། ། འབྲོ་དང་ཅོག་རོ་གཉིས་ཀྱིས་མ་ཕྱར་བྱས། ། གཙང་སྟོད་ཡུལ་དུ་རྗེ་དཔོན་ཚན་གཅིག་ཆགས། ། ཁ་རག་ཁྱུང་བཙན་ལྷ་ཡིས་ཞུ་བ་བྱས། ། འབྲང་མཁར་བྱེ་བཙན་བཙན་པའི་མཁར་ལ་བསྟེན། ། བྱང་དང་སྣང་གིས་མ་ཕྱར་བྱས་ནས་ནི། ། རུ་མཚམས་གཞུ་སྙེར་རྗེ་དཔོན་ཚན་གཅིག་ཆགས། ། ཐང་ལྷ་ཡ་བཞུར་ལྷ་ཡིས་ཞུ་བ་བྱས། ། ཟྭ་དང་དོམ་པ་བཙན་པའི་མཁར་ལ་བསྟེན། ། སྒྲོ་དང་རྨ་ཡིས་མ་ཕྱར་བྱས་ནས་ནི། ། འཕན་ས྄ུལ་ཟ་གང་རྗེ་དཔོན་ཚན་གཅིག་ཆགས། ། ཡར་ལྷ་ཤམ་པོ་ལྷ་ཡིས་ཞུ་བ་བྱས། ། སྣ་མོ་ཡར་རྩེ་མར་རྩེ་གཉིས་ལ་བསྟེན། ། མཆིམས་གཉགས་གཉིས་ཀྱིས་མ་ཕྱར་བྱས་ནས་སུ། ། ཡར་ལུངས་སྟོད་དུ་རྗེ་དཔོན་ཚན་གཅིག་ཆགས། ། གཏམ་ལྷ་སྤུན་དགུ་ལྷ་ཡིས་ཞུ་བ་བྱས། ། བྱ་ཚང་གུང་སྣང་བཙན་པའི་མཁར་ལ་བསྟེན། ། སྙེ་བ་ཤུད་པུས་མ་ཕྱར་བྱས་ནས་ནི། ། གཏམ་ཤུལ་ལྷོ་བྲག་རྗེ་དཔོན་ཚན་གཅིག་ཆགས། ། འཆོས་ལྷ་དཀོན་པ་ལྷ་ཡིས་ཞུ་བ་བྱས། ། ཕུ་གུད་ཅོ་མཁར་བཙན་པའི་མཁར་ལ་བསྟེན། ། ཁུ་གཉགས་གཉིས་ཀྱིས་མ་ཕྱར་བྱས་ནས་སུ། ། འཆོས་སུ་རྗེ་དཔོན་ཚན་གཅིག་ཆགས་སོ་སྐད། ། དེ་ལྟར་རྗེ་དཔོན་རྗེ་ཚན་རྣམ་པ་དགུ། ། ཆོས་འཁོར་རྐྱེན་དུ་རྗེ་ལྷུ་(ལྷ)གཅིག་དང་བཅུ། ། ལྷË་ཡིས་ཞུ་བ་བྱས་ནས་ཆགས་པ་ཡིན། །ཞེས་དང་། དཔའ་བོ་གཙུག་ཕྲེང་པས། མངའ་བདག་འོད་སྲུང་སྲས་པོ་དཔལ་འཁོར་བཙན། ། ལྷ་ཁང་འགའ་བཞེངས་སྟག་རྩེ་གཉགས་ཀྱིས་བཀྲོངས། ། དེ་སྲས་མཆེད་གཉིས་སྟོད་ཀྱི་ཕྱོགས་སུ་བྱོན། ། མངའ་རིས་བསྐོར་གསུམ་ལ་སོགས་མངའ་མཛད་དེ། ། སྟོད་དུ་རྒྱལ་ཁྲིམས་ཞྭ་ཙམ་ཆགས་ཞེས་གྲགས། ། དེ་ཡི་གདུང་རྒྱུད་འགའ་ཞིག་སྨད་དུ་ཆད། ། མདོ་སྨད་ཙོང་ཁའི་ཡུལ་ཆེན་མངའ་མཛད་པས། ། སྨད་དུ་རྒྱལ་ཁྲིམས་ལྷམ་ཙམ་ཆགས་སོ་སྐད། ། བར་དུ་དབུས་གཙང་རུ་བཞི་སིལ་བུར་གྱུར། ། ཡུུམ་བརྟན་འོད་སྲུང་ལས་གྱེས་རྗེ་ཕྲན་ནི། ། ཡུལ་གྲུ་རེར་ཡང་མང་དུ་གནས་པར་གྱུར། །ཞེས་གསུངས་པ་ལྟར་རོ།། དེ་ཡང་ལྷ་བཙན་པོ་ཡུམ་བརྟན་གྱི་གདུང་རབས་ནི། སྲས་ཁྲི་ལྡེ་ཉི་མའི་མགོན། ཁྲི་ལྡེའི་སྲས་ཁྲི་ལྡེ་རིག་པ་མགོན། ཉི་མ་མགོན། གཅུང་པོའི་སྲས་ཉི་མ་དཔལ་མགོན་ཏེ་བཙན་པོའི་གདུང་རྒྱུད་དེ་དག་གིས་ཀླུང་ཤོད་དང་། འཕན་ཡུལ། མདོ་ཁམས་སོགས་སུ་གྲམ་ནས་ས་ཁུལ་དེ་དག་བཟུང་། ཁྲི་ལྡེ་རིག་པ་མགོན་གྱི་སྲས་ལྡེ་པོ་དང་། རྡོ་རྗེ་འབར། ལྡེ་པོའི་བརྒྱུད་བུག་པ་ཅན་པ་དང། ཐང་ལྷ་བྲག་པ་རྣམས་གྱིས་རིམ་པར་བཞིན་ལྷ་ས་བསྐྱངས། དེ་དག་ནས་རྒྱུད་པའི་ཁྲི་དབང་ཕྱུག་བཙན། ཚ་ལན་ཡེ་ཤེས་རྒྱལ་མཚན་སོགས་ཀྱིས་བསམ་ཡས་གཙོས་པའི་དགོན་སྡེ་དུ་མ་ལ་ཞབས་ཏོག་རྒྱ་ཆེར་མཛད། བསྟན་པའི་མེ་རོ་བསླངས་པའི་གྲོགས་སུ་བསྡོངས་ཏེ་ཆོས་ཕྱོགས་ནས་མེས་པོ་གོང་མ་ཚོའི་རྣམ་ཐར་བདག་གིར་བཞེས། མངའ་བདག་འོད་སྲུང་གི་སྲས་མངའ་བདག་དཔལ་འཁོར་བཙན། འདིའི་སྲས་སྐྱིད་ལྡེ་ཉི་མའི་མགོན་དང་། ཁྲི་བཀྲིས་བརྩེགས་པའོ། དང་པོའི་སྲས་དཔལ་ལྡེ་རིག་པ་མགོན། བཀྲ་ཤིས་ལྡེ་མགོན། གཙུག་ལྡེ་མགོན་གསུམ་བྱུང་། ལྡེ་གཙུག་མགོན་ལ་སྲས་ཁོ་རེ་དང་སྲོང་ངེ་གཉིས་འཁྲུངས། རྒྱུད་པ་དེ་དག་ལས་ལྷ་བླ་མ་ཡེ་ཤེས་འོད་དང་བྱང་ཆུབ་འོད་གཉིས་བྱུང་སྟེ་མཉམ་མེད་ཇོ་བོ་རྗེ་གདན་དྲངས་པ་སོགས་བསྟན་པ་ཕྱི་དར་གྱི་དབུ་བརྙེས། མངའ་རིས་རྒྱལ་རྒྱུད་རྣམས་རིམ་པར་ཆད། མདོ་སྨད་ཙོང་ཁའི་རྒྱལ་རྒྱུད་དང་། མི་ཉག་རྒྱལ་རྒྱུད་རྣམས་ཀྱང་འདི་ནས་ཆད་དེ་རྒྱས་པ་ནི་མདོ་སྨད་ཆོས་འབྱུང་སོགས་སུ་གསལ། བཙན་པོ་རིམ་རྒྱུད་འདི་དག་གི་རིང་ལ་བསྟན་པ་ལ་བྱ་བ་ཇི་བྱས་སོགས་ནི་བོད་དུ་དམ་པའི་ཆོས་ཇི་ལྟར་དར་བའི་ཚུལ་དུ་འཆད་པར་འགྱུར་རོ། ། སྲིད་ཕྱོགས་ནས་སྐབས་དེ་དག་ཏུ་ལྷོ་ནས་བལ་འབྲུག་དང༌། ནུབ་ནས་ཁ་ཆེ་དང་ལ་དྭགས། བྱང་ནས་ལི་ཡུལ་དང་གྲུ་གུ །ཤར་ནས་ཆང་དང་འ་ཞ་ལ་སོགས་པ་མང་པོ་ཞིག་ནི་བོད་དང་གཏན་དུ་ཁ་གྱེས། འོད་སྲུང་གི་གདུང་རྒྱུད་བོད་སྟོད་ཕྱོགས་མངའ་རིས་ཁུལ་དུ་ཆད་དེ་རྒྱལ་ཁབ་བཙུགས་པ་གུ་གེའི་རྒྱལ་རབས་ཞེས་གྲགས་པ་བྱུང༌། དེ་དག་གི་རྒྱུད་པ་ལ་ལྷ་བླ་མ་ཡེ་ཤེས་འོད་ཅེས་སྐྱེས་བུ་དམ་པ་ཞིག་བྱུང་བ་དེའང་གར་ལོག་གི་རྒྱལ་པོས་བཙོན་དུ་བཟུང་ནས་བཀྲོངས། མཐར་ཁྲི་གྲགས་པ་བཀྲིས་ཀྱི་སྐབས་བོད་སིལ་བུའི་རྒྱལ་ཁབ་ཏུ་ལ་དྭགས་རྒྱལ་པོ་སེང་གེ་རྣམ་རྒྱལ་གྱིས་དམག་བཏང་ནས་མངའ་རིས་ཡོངས་ལ་བཙན་འཛུལ་བྱས། མི་སེར་ལ་མནར་གཅོད་ཚད་མེད་བཏང༌། མཁར་རྫོང་ནང་འཛུལ་ཏེ་རྒྱལ་པོ་མགུལ་བཅད་ནས་བཀྲོངས། རྒྱལ་མོ་དང་སྲས་མོ་ཞལ་ཏ་མ་བཅས་པ་ཕོ་བྲང་གི་རྩེ་ཐོག་ནས་གཡུག་སྟེ་བསད། བློན་པོ་གཙོ་དྲག་རྣམས་ཐག་པས་བསྡམས་ནས་མེ་ལ་བསྲེགས། མི་སེར་ཁྲི་ཕྲག་མང་པོ་དམར་གསོད་བཏང་ནས་མཁར་ཤུལ་ལས་མ་ལྷག་པར་བཟོས། དེ་བཞིན་ཁམས་ཕྱོགས་སུ་དར་མདོར་ལྕགས་ལ་རྒྱལ་པོ་དང༌། སྟོད་ཕྱོགས་སུ་ཁམས་བེ་རི་རྒྱལ་པོ། ནང་ཆེན་རྒྱལ་པོ་ལ་སོགས་པ་མདོ་དབུས་རྒྱལ་ཕྲན་སུམ་བརྒྱ་དྲུག་ཅུར་གྱེས་པར་བཤད། བོད་ཤར་ཕྱོགས་སུ་གནས་པའི་རྒྱལ་ཕྲན་རྣམས་ཀྱིས་ནི་དཔའ་དང་དཔུང་པ་ཁོ་ནས་རང་རང་གི་ཆབ་སྲིད་རྒྱ་བསྐྱེད། དེ་ལ་བརྟེན་པའི་ཡུལ་མི་བདེ་བའི་འཁྲུག་རྩོད་དུ་མར་བྱུང་བ་ལས་ཡུལ་མི་མང་པོ་ཞིག་བོད་ནུབ་ཕྱོགས་ཀྱི་བྱང་ཐང་ཁག་དང་ཧི་མ་ལའི་རྒྱབ་ལོགས་སོགས་སུ་སྤོས་ནས་གཞིས་ཆགས། བོད་དབུས་སྟོད་ཕྱོགས་ཀྱི་ལུང་ཚན་མི་དཔོན་ཁག་གིས་ནི་ཆོས་ལུགས་དང་བླ་མའི་གཟི་བརྗིད་ལ་བརྟེན་ནས་རང་རང་གི་སྟོབས་ཤུགས་འབྱུང་ཐབས་བྱས། ཡུལ་གྱི་དབང་ཆ་ཕལ་ཆེ་བ་བླ་ཆེན་རྣམ་པས་བཟུང༌། ཆོས་ཚན་དང་མན་ངག་ཇི་ཙམ་མང་བར་མཁས་པའི་ཚད་དུ་བྱས། བོད་ཀྱི་གསེར་དངུལ་ཕལ་མོ་ཆེ་བསྡུས་ཏེ་རྒྱ་གར་ལ་བསྐྱལ། ལུང་དང་མན་ངག་འཚོལ་བར་འགྲན་བསྡུར་བྱས་ཏེ་བོད་ལ་ཆོས་བརྒྱུད་མི་འདྲ་བ་ཁག་དུ་མར་བྱུང་ཞིང་། དེ་དག་གི་བར་དུ་ང་གཉན་ཁོ་ཟབ་ཀྱིས་རིས་སུ་བཅད་པའི་འཁྲུག་ཟིང་ལུ་གུར་བརྒྱུད་དེ་འཕེལ། བོད་སིལ་བུའི་འགོ་སྟོད་ཙམ་ལ་མདོ་ཁམས་འབྲི་རྫ་སྒང་ལ་གླིང་རྗེ་གེ་སར་རྒྱལ་པོ་ཞེས་པའི་སྐྱེས་བུ་ངོ་མཚར་ཅན་ཞིག་འཁྲུངས། ནར་སོན་པ་ན་རྨ་ཁོག་ཏུ་ས་བཟུང་ནས་རྒྱལ་ཁབ་བཙུགས། རྒྱལ་གར་གྲུབ་ཆེན་བརྒྱད་ཅུའི་རྣམ་སྤྲུལ་གྲགས་པ་དཔའ་རྩལ་དགྲ་འཐབ་ལ་མཁས་པའི་དཔའ་ཐུལ་བརྒྱད་ཅུ་ཙམ་བྱུང༌། མགོ་ལོག་དང་། སྡེ་དགེ གླིང་ཚང༌། ནང་ཆེན། གོ་འཇོ། སྨར་ཁམས། བེ་རི། ཁྱུང་པོ་དཀར་ནག་སེར་གསུམ་སོགས་ལ་དབང་བྱས། མདོ་ཁམས་ཡོངས་རྫོགས་གཅིག་གྱུར་གྱིས་བསྟན་པ་ཕྱིར་དར་རམ་རྒྱལ་བསྟན་ཉམས་གསོ་བྱེད་པར་མཛད་རྗེས་ཆེ་ཙམ་བཞག བསྟན་པ་སྔ་དར་སྐབས་སློབ་དཔོན་པདྨ་འདྲེ་སྲིན་གདུག་པ་ཅན་རྣམས་དམ་ལ་བཏགས་ནས་དམ་པའི་ཆོས་ཉི་མ་ལྟར་གསལ་བར་མཛད་པ་དང་ཆོས་མཚུངས་པས། སློབ་དཔོན་པདྨི་རྣམ་སྤྲུལ་དུའང་གྲགས། སོག་ཡུལ་དང༌། ཧི་མ་ལའི་རི་རྒྱུད་སོགས་སུའང་ཁོང་གིས་སྤྲུལ་སྒྱུར་དགྲ་འཐབ་བྱས་པའི་ཤུལ་དང་གཏམ་རྒྱུད་མང་པོ་ད་ལྟའི་དབར་དུ་གནས། དེ་ལས་ཀྱང་ངོ་མཚར་བ་ཞིག་ནི་ཨི་ཌ་ལི་དང་། འཇར་མིན་ནི་སོགས་ཡོ་རོབ་ཁུལ་དུའང་གླིང་གེ་སར་རྒྱལ་པོའི་དམག་ཤུགས་སླེབས་ཡོད་སྐད། ། སྤྱི་ལོའི་དུས་རབས་བཅུ་གསུམ་པ་ཙམ་ནས་སོག་པོའི་དམག་གིས་བོད་ལ་བཙན་འཛུལ་བྱས། ཁམས་ཁུལ་གྱི་ཡུལ་ལུང་ཁ་ཤས་ནས་རྒོལ་འཛིངས་བྱས་ཀྱང་བོད་འདི་གཅིག་གྱུར་མེད་པས་རྒྱལ་ཕྲན་ལུང་ཚན་ཁ་ཤས་ཀྱིས་ཁ་གཏད་གཅོག་པའི་རེ་བ་མ་བྱུང་བར་སོག་དམག་གང་དུ་སླེབས་པ་དེ་ནས་འདབ་ནོར་ཕུལ་ཏེ་ངོ་གཏད། འོན་ཀྱང་སྙད་མེད་སྙད་འདོགས་ཀྱིས་མི་བསད་ཁྲག་སྦྱོར་ལ་གོམས་པའི་ཧོར་དོར་རྟ་ནག་པོས་རྟ་དམག་ཁྲི་ཕྲག་ཁ་ཤས་ཁྲིད་ནས་གདུག་རྩུབ་ཆེན་པོས་དབུས་གཙང་ཁམས་གསུམ་གྱི་རྒྱལ་ཕྲན་རྣམས་རྩེ་ནས་ཕབ་སྟེ་སྐྱེས་པའི་མི་བསད། བརྩེགས་པའི་མཁར་བཤིག །བསགས་པའི་རྒྱུ་འཕྲོག །རྭ་སྒྲེང་དང་རྒྱལ་ལྷ་ཁང་སོགས་མེར་བསྲེགས་ཏེ་མི་སྤྱོད་ལས་འདས་པའི་མནར་གཅོད་ཚད་མེད་བཏང༌། འདི་དག་སྐོར་འབྲི་བར་འདོད་ཀྱང་མངས་སུ་དོགས་ནས་མ་བྲིས་ལ་ཤེས་པར་འདོད་ན་དེབ་ཐེར་གཞན་དང་གཞན་དུ་བལྟ་བར་བྱའོ། ། དེ་ལྟར་མདོ་དབུས་ཁམས་གསུམ་གྱི་བོད་འབངས་རྣམས་སིལ་བུར་འཐོར་ཏེ་(སྤྱི་ལོ་༨༤༦-༡༢༥༣)བར་མི་ལོ་ཧྲིལ་པོ་བཞི་བརྒྱ་དང་བདུན་གྱི་རིང་བོད་སྤྱི་ལ་དབང་བའི་རྒྱལ་རྒྱུད་མ་བྱུང་ནས་མི་ལོ་སུམ་བརྒྱ་ལྷག་དམ་པའི་ཆོས་ཀྱི་གཟི་འོད་ཁོ་ནའི་བཀྲིན་ལ་བརྟེན་ནས་ཆབ་སྲིད་གཅིག་གྱུར་མེད་ནའང་བོད་འབངས་ནང་ཁུལ་རིག་གཞུང་དང་གོམས་སྲོལ་སོགས་མི་རིགས་རང་གི་ངོ་བོ་མ་བརླག་པར་གནས་ཐུབ་པ་བྱུང་བ་ཡིན།། འཛམ་གླིང་ཟླུམ་པོའི་ཏོག་གི་རྒྱལ་ཁམས་མཆོག། མི་ཤིགས་ལྕགསཀྱི་གོང་བུ་འདྲ་བ་དེ།། ལས་དབང་ཞོ་འཐུང་རུས་པས་བཞུས་པ་ན།། རླུང་དང་འཕྲད་པའི་ཕྱེ་མ་བཞིན་དུ་འཐོར།། ནང་ཁུལ་འཁྲུགས་པའི་མེ་ལྕེ་དགུང་ལ་ཕྱུར།། ཧོར་སོག་འཇིགས་པའི་དམག་གིས་མཐའ་ནས་བཅུན།། རྒྱལ་ཕྲན་སིལ་མར་གྱེས་པའི་བོད་འབངས་འདི།། ཀྱེ་མ་ཅི་ཞིག་བྱས་པའི་ལས་འབྲས་སམ།། ཞེས་པའང་བྱུང་འདས་ཀྱི་ལོ་རྒྱུས་ལ་ཕྱི་མིག་ཐེངས་གཅིག་བལྟས་པའི་མཐོང་སྣང་ལས་བྱུང་བའི་མིག་ཆུ་དང་སྣག་ཚ་འདྲེས་པའིསྡུག་ཡུས་སུ་ཐལ་ལོ།།

(༧) བོད་བླ་མའི་དུས་རབས། (༡༢༥༣-༡༩༥༩)༡ ས་སྐྱའི་གདན་རབས། ས་སྐྱའི་གདན་རབས་ནས་དགའ་ལྡན་ཕོ་བྲང་གི་བར་གྱི་ལོ་རྒྱུས་རགས་བསྡུས་ཙམ་འགོད་ན། དང་པོ་ས་སྐྱའི་གདན་རབས་ནི། སོག་པོའི་སྟོབས་ཤུགས་ཀྱིས་རྒྱ་ནག་དང་ཨུ་རུ་སི་སོགས་འཛམ་གླིང་ཕྱེད་ཀ་ལ་དྲག་པོའི་དཔུང་འཇུག་གི་ལུང་རྒྱུགས་པའི་སྐབས་དེར་རང་རེ་བོད་ཁམས་ཡོངས་རྫོགས་སོག་པོའི་དབང་འོག་ཏུ་ཚུད། བོད་མི་སྟོང་ཕྲག་དྲུག་ཅུ་ལྷག་བསད། བསམ་ཡས་མེར་བསྲེགས་པ་སོགས་བསྟན་འགྲོ་གཉིས་ཀ་ལ་བློ་ཡུལ་ལས་འགོངས་བའི་གནོད་འཚེ་བྱས། སོག་པོ་གུ་ཏེས་ས་སྐྱ་པཎ་ཆེན་དང་། འགྲོ་མགོན་ཆོས་འཕགས་གདན་དྲངས་ཏེ་བཀའ་ལུང་མན་ངག་དུ་མ་ཞུས། དེ་ནས་བཟུང་བོད་འབངས་ལ་གནོན་ཤུགས་དང་མནར་གཅོད་གུ་ཡངས་སུ་བཏང་། ལྷག་པར་འགྲོ་མགོན་འཕགས་པས་ཀྱེ་རྡོ་རྗེའི་དབང་ཐེངས་གསུམ་བསྐུར་བ་ནས་རིམ་པ་བཞིན་བོད་ཁྲི་སྐོར་བཅུ་གསུམ་དང་། ཆོལ་ཁ་གསུམ། རྒྱའི་མི་ཡུར་ཆེན་མོ་སོགས་ཕུལ་ཏེ། བོད་ཆེན་པོ་འདི་ཉིད་དཔལ་ལྡན་ས་སྐྱ་བའི་མངའ་ཁོངས་སུ་གྱུར། སེ་ཆེན་གྱི་ཆོས་སྲིད་གཉིས་ཀའི་བཀའ་སློབ་ཞུ་ཡུལ་དུ་གྱུར་པ་སོགས་མཛད་རླབས་ཤིན་ཏུ་ཆེ། འོན་ཀྱང་བླ་མ་གཤེགས་མ་གཤེགས་མཚམས་དེར་ཧོར་དམག་འབུམ་གཅིག་ཙམ་བོད་དུ་འོང་སྟེ་དཔོན་ཆེན་ཉེས་མེད་དུ་བསད། བྱ་རོག་རྫོང་ཕབ་ཏེ་གཙང་ཕྱོགས་སུ་རྡབ་སིག་ཚད་མེད་བཏང༌། སྤྱི་ལོ་(༡༢༩༠)ལོར་འབྲི་གུང་ལ་ས་སྐྱས་ཁྲི་སྐོར་བཅུ་གསུམ་གྱི་དམག་བསྐུལ་ནས་དབུས་ཕྱོགས་སུ་བཅོམ་འཁྱེར་ཆེན་པོ་བྱས། འབྲི་གུང་པའི་དགོན་ཡུལ་ཚང་མ་མེར་བསྲེགས། དགེ་འདུན་དང་མི་སྐྱ་ཤིན་ཏུ་མང་པོ་བསད། ལྷག་འཕྲོས་རྣམས་ཀོང་ཡུལ་དུ་བྲོས། ལོ་རྒྱུས་ཐོག་འདི་ལ་འབྲི་གུང་གླིང་ལོག་ཟེར། འབྲི་གུང་པས་ཕམ་པའི་ཞེ་ནད་ཀྱིས་ཁ་ཆེའི་རྒྱལ་པོ་མ་མུཏ་ཏུག་ལ་དམག་རོགས་ཡོང་བའི་འབོད་སྐུལ་ཞུས། ས་སྐྱའི་སྲིད་འཛིན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་སྐབས་སུ་ས་སྐྱའི་གདུང་རྒྱུད་རྣམས་ནང་མ་མཐུན་པས་བླ་བྲང་ཁག་བཞིར་གྱེས་ནས་སྲིད་དབང་ཉམས་པའི་འགོ་ཚུགས་པར་གྲགས། མདོར་ན་རབ་བྱུང་བཞི་པའི་ཆུ་གླང་(༡༢༥༣)ནས་རབ་བྱུང་དྲུག་པའི་ས་གླང་(༡༣༤༩)བར། ས་ཆེན་གོང་མ་རིམ་བྱོན་གྱིས་བོད་ཀྱི་ཆབ་སྲིད་བཟུང་ཞིང་ལོ་རྒྱུས་ཐོག་འདི་ལ་ས་སྐྱའི་གདན་རབས་ཞེས་ཟེར། ས་སྐྱའི་སྲིད་འཛིན་རིམ་བྱོན་ནི། འགྲོ་མགོན་ཆོས་རྒྱལ་འཕགས་པ། ༡༢༥༣-༡༢༨༠ དྷ་པཱ་ལ་རཀྵ་ཏ། ༡༢༨༠-༡༢༨༧ ཤར་པ་འཇམ་དབྱངས་རིན་ཆེན་རྒྱལ་མཚན། ༡༢༨༧-༡༣༠༥ བདག་ཆེན་བཟང་པོ་དཔལ། ༡༣༠༦-༡༣༢༤ བདག་ཆེན་ནམ་མཁའ་ལེགས་པ། ༡༣༢༥-༡༣༤༣ འཇམ་དབྱངས་དོན་ཡོད་རྒྱལ་མཚན། ༡༣༤༣-༡༣༤༤ བླ་མ་དམ་པ་བསོད་ནམས་རྒྱལ་མཚན་བཅས་སོ། ། ༡༣༤༥-༡༣༤༩ ༢ ཕག་གྲུའི་གདན་རབས། ཕག་གྲུའི་གདན་རབས་ནི། ས་སྐྱས་ཕག་གྲུ་ཁྲི་དཔོན་ལ་ཁྲིམས་འཁྱོག་བྱས་རྐྱེན་ཕག་གྲུས་གྱེན་ལོག་གིས་སྤྱི་ལོ་(༡༣༤༩)ལོར་གྲ་ཕྱི་དང་གོངདཀར་སོགས་ལ་དཔུང་འཇུག་གིས་ས་སྐྱའི་དམག་རྣམས་བསད་བཟུང་ཅི་རིགས་ཀྱིས་རེ་ཞིག་གཙང་གི་ཇོ་མོ་མཁར་རེག་བར་བླངས། སྤྱི་ལོ་(༡༣༥༤)ལོར་ཕག་གྲུའི་དམག་གིས་ས་སྐྱའི་དགོན་པ་མཐའ་བཞིར་སྐོར་ནས་དཔོན་ཆེན་དབང་ཕྱུག་བརྩོན་འགྲུས་གསོན་པོར་བཟུང༌། ས་སྐྱའི་བླ་དཔོན་མི་ཆེན་བཞི་བརྒྱ་ལྷག་ཙམ་ལ་ཉེས་པ་ཕབ། དེ་ནས་བཟུང་ས་སྐྱའི་སྲིད་དབང་ཕག་གྲུའི་ལག་ཏུ་ཤོར། ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་ལ་གཞི་བཅོལ་ནས་ཁྲིམས་ཡིག་ཞལ་ལྕེ་བཅོ་ལྔ་གཏན་ལ་ཕབ། ཧོར་ཆས་སོགས་ཡ་མ་ཟུང་གི་ཞྭ་གོས་གྱོན་མི་ཆོག་པར་སྔར་གྱི་བཙན་པོ་རྣམ་པའི་སྐབས་ཀྱི་ཆས་གོས་རིན་ཆེན་རྒྱན་ཆ་གྱོན་སྲོལ་མཐུད། ཕག་གྲུའི་སྲིད་འཛིན་གྲགས་པ་འབྱུང་གནས་ཀྱི་སྐབས་སུ་ནང་ཁུལ་མི་མཐུན་པའི་འཁྲུག་རྩོད་མང་དུ་བྱུང༌། དེ་ནས་ཕྱི་ཚུལ་ཙམ་ལས་དོན་དུ་ཕག་གྲུའི་སྲིད་དབང་རིན་སྤུངས་པའི་ལག་ཏུ་ཤོར་ཞེས་གྲགས། །ཏུའི་སི་ཏུ་བས་རྒྱལ་ཁ་ཐོབ་པ་ནས་བོད་ཀྱི་ཆབ་སྲིད་སྡེ་སྲིད་ཕག་གྲུ་བས་བཟུང་ཞིང་ལོ་རྒྱུས་ཐོག་འདི་ལ་ཕག་གྲུའི་གདན་རབས་ཟེར། ཕག་གྲུའི་སྲིད་འཛིན་རིམ་བྱོན་ནི། ཏཱའི་སི་ཏུ་བྱང་ཆུབ་རྒྱལ་མཚན། ༡༣༤༩-༡༣༦༤ ཏཱ་སི་ཏུ་འཇམ་དབྱངས་ཤུཀྱ་རྒྱལ་མཚན། ༡༣༦༤-༡༣༧༢ སྤྱན་སྔ་གྲགས་པ་བྱང་ཆུབ། ༡༣༧༣-༡༣༨༡ཆོས་རྗེ་བསོད་ནམས་གྲགས་པ། ༡༣༨༡-༡༣༨༥མི་དབང་གྲགས་པ་རྒྱལ་མཚན། ༡༣༨༥-༡༤༣༢ཝང་གྲགས་པ་འབྱུང་གནས། ༡༤༣༢-༡༤༤༤ཀུན་དགའ་ལེགས། ༡༤༤༤-༡༤༥༤ཆོས་རྗེ་ངག་གི་དབང་པོ། ༡༤༥༤-༡༤༨༤སྤྱན་སྔ་ཆོས་ཀྱི་གྲགས་པ། ༡༤༨༤-༡༤༩༣རིན་སྤུངས་པ་མཚོ་སྐྱེས་རྡོ་རྗེ། ༡༤༩༣-༡༤༩༩ངག་དབང་བཀྲིས་གྲགས་པ་བཅས་སོ། ། ༡༤༩༩-༡༥༠༤ སྡེ་པ་ཆོས་གྲགས་པའི་སྐབས་ནས་མིང་ཙམ་མ་གཏོགས་གཙང་ཁུལ་གྱི་ཕག་གྲུའི་མངའ་ཐང་ཡོངས་རྫོགས་ཧ་ལམ་རིན་སྤུངས་པས་མཇུག་བསྡུས་ཟིན་པ་ཡིན། ༣ རིན་སྤུངས་གདན་རབས། སྣེ་གདོང་གོང་མ་ངག་གི་དབང་པོ་སྐུ་ན་ཕྲ་བའི་སྐབས། ཡར་ཀླུང་མཁར་ཐོག་གི་རྫོང་དཔོན་རིན་སྤུངས་པ་མཚོ་སྐྱེས་རྡོ་རྗེས་སྣེ་གདོང་སྲས་ཀྱི་རམ་འདེགས་དཔོན་ཚབ་ཞུས་ཏེ། སྲི་ཞུ་ལེགས་པར་སྒྲུབ་ནའང་། སྣེ་གདོང་པའི་བློན་པོ་ཚོས་ཕྲག་དོག་གིས་གྱེན་ལངས་བྱས་པར་ཞི་དྲག་གིས་གནོན་ཤུགས་སྤྲོད་པ་ལས། ཕག་གྲུའི་ནང་ཁུལ་ཆིག་སྒྲིལ་གྱི་ནུས་པ་ཡོངས་སུ་ཟད་དེ། མཐར་སྡེ་སྲིད་རིན་སྤུངས་པའི་མངའ་ཐང་ཇེ་རྒྱས་སུ་སོང་ནས། བོད་ཀྱི་ལོ་རྒྱུས་ཐོག་ཕག་གྲུ་གོང་མ་རིམ་བྱོན་ལས་ལོགས་སུ་རིན་སྤུངས་སྡེ་བ་རིམ་བྱོན་ཞེས་པའི་བཤད་སྲོལ་མཛད་དགོས་པ་འདི་བྱུང་བར་མངོན། དེ་ཡང་རིན་སྤུངས་པའི་མི་རབས་བཞིའི་རིང་སྣེ་གདོང་ནང་ཁུལ་དང་། དབུས་གཙང་གི་སྡེ་གཟར་རབ་དང་རིམ་པར་བྱུང་བའི་ནང་ནས། ཚབས་ཆེ་ཤོས་ནི་རབ་བྱུང་བརྒྱད་པའི་ས་རྟ་(༡༤༩༨)ལོ་དང་། རབ་བྱུང་དགུ་པའི་མེ་བྱི་(༡༥༡༦) ས་ཁྱི་(༡༥༣༨)བཅས་ཡིན། སྡེ་གཟར་དེ་དག་གི་མཐའ་མའི་རྒྱལ་ཁ་དེ་རིན་སྤུངས་པར་ཐོབ་པ་ནས། སྡེ་པ་དེའི་མངའ་ཐང་ཇེ་རྒྱས་སུ་སོང་བ་དང་བསྟུན། བོད་དབུས་གཙང་གི་ས་ཁྱོན་ཕལ་མོ་ཆེར་དབང་བསྒྱུར་བྱས་ཀྱང་། རིན་སྤུངས་པ་རང་གི་མིང་ཐོག་ནས་སྲིད་དབང་མ་བཟུང་བར། སྡེ་སྲིད་ཕག་མོ་གྲུ་པའི་མིང་ཐོག་ནས་དོན་ལ་སྡེ་པ་འདིས་དབང་བསྒྱུར་བྱས་པས། དེས་ན་ལོ་རྒྱུས་ཐོག་རིན་སྤུངས་སྡེ་བ་ཞེས་ལོགས་སུ་འདྲེན་པ་དང་མི་འདྲེན་པའི་རྒྱུ་མཚན་ཡང་དེས་ཡིན་པར་ཤེས་དགོས། ལོ་རྒྱུས་ཐོག་འདི་ལ་རིན་སྤུངས་སྡེ་རབས་ཟེར། རིན་སྤུངས་པའི་སྲིད་འཛིན་རིམ་བྱུང་ནི། མཚོ་སྐྱེས་རྡོ་རྗེ། དོན་ཡོད་རྡོ་རྗེ། ངག་དབང་རྣམ་རྒྱལ། དོན་འགྲུབ་ཚེ་བརྟན་རྡོ་རྗེ། ངག་དབང་འཇིགས་གྲགས་བཅས་སོ།།༤ གཙང་པ་གདན་རབས། གཙང་པ་གདན་རབས་ནི། སྤྱི་ལོ་(༡༥༥༦)ཞིང་ཤག་པ་ཚེ་བརྟན་རྡོ་རྗེས་གཙང་ཕྱོགས་ཀྱི་གནད་ཡོད་མི་སྣ་དང་མནའ་འབྲེལ་བྱས་ཏེ་རིན་སྤུངས་པའམ་ཕག་གྲུའི་སྲིད་དབང་ལ་གཟན་པའི་འགོ་བཙུགས་ཤིང༌། སྡེ་སྲིད་ཕུན་ཚོགས་རྣམ་རྒྱལ་གྱིས་གཙང་ཕྱོགས་ཀྱི་ས་ཆ་མང་པོར་དཔུང་འཇུག་གིས་གཙང་ཁུལ་ཡོངས་རྫོགས་གཅིག་གྱུར་བྱས། སྤྱི་ལོ་ ༡༦༡༨ ཀརྨ་བསྟན་སྐྱོང་དབང་པོས་དཔུང་དམག་ཁྲི་ཕྲག་ཁྲིད་དེ་དབུས་ཕྱོགས་སུ་དཔུང་འཇུག་གིས་རིན་སྤུངས་པའི་སྲིད་དབང་དངོས་སུ་མགོ་རྟིང་བསློགས་ནས་གཙང་པའི་སྲིད་དབང་བཙུགས། ལོ་དེར་སྟོད་གཙང་དམག་དང་དྭགས་ཀོང་གི་དམག་ལྟོས་ཆེ་བ་ལྷ་སར་ལྷགས། སྡེ་པ་སྐྱིད་ཤོད་པ་བསོད་ནམས་རྒྱལ་མཚན་སོགས་སེར་འབྲས་ཀྱི་གྲོས་ལ་དབང་བ་དུ་མ་ཕྱོགས་གཅིག་བྱས་ནས་ལྷ་སར་ཉིན་དང་པོར་གཙང་དམག་དང་འཐབ་ནས་ཤི་རྨས་ཚབས་ཆེར་བཟོས། གཙང་དམག་གིས་འབྲས་སྤུངས་འཇོམས་རྩིས་ཀྱིས་རྒྱབ་རིའི་རྩེར་འབྱོར་བ་དང་སོག་དམག་དང་ཐུག་ནས་གཙང་དམག་གཅིག་ཀྱང་ལྡོག་རྒྱུ་མ་བྱུང་བར་གྲགས། འོན་ཀྱང་གཙང་དམག་སྔར་ལས་གཏོས་ཆེ་བ་འབྱོར་བས་སྐྱིད་ཤོད་པ་དང་སོག་དམག་རྣམས་ཀྱང་འཕན་ཡུལ་དང་བྱང་སྟག་ལུང་ཕྱོགས་སུ་བྲོས། དྭགས་གཙང་དམག་གིས་སེ་འབྲས་བཅོམ་ཞིང་འབྲས་སྤུངས་རྒྱབ་རིར་སྐྱ་སེར་མང་པོ་བཀུམས། སྐྱིད་ཤོད་པའི་རྫོང་གཞིས་ཐམས་ཅད་བླངས་སོ། །དེ་ནས་གཙང་པ་སྡེ་སྲིད་ཀྱིས་སྲིད་དབང་བཟུང་། བོད་གཅིག་གྱུར་གྱི་སྲིད་གཞུང་བཙུགས། ལོ་རྒྱུས་ཐོག་འདི་ལ་གཙང་པ་སྡེ་རབས་ཟེར། གཙང་པ་སྡེ་སྲིད་རིམ་བྱོན་ནི། ཞིང་ཤག་པ་ཚེ་བརྟན་རྡོ་རྗེ། ༡༥༦༥ སkེ་སྲིད་ཕུན་ཚོགས་རྣམ་རྒྱལ། ༡༦༡༨-༡༦༢༠ཀརྨ་བསྟན་སྐྱོང་དབང་པོ་བཅས་སོ། ༡༦༢༠-༡༦༤༢ ༥ དགའ་ལྡན་ཕོ་བྲང་། དགའ་ལྡན་ཕོ་བྲང་ནི། གུ་ཤྲི་བསྟན་འཛིན་ཆོས་ཀྱི་རྒྱལ་པོས་དགའ་ལྡན་ཕོ་བྲང་རྒྱབ་སྐྱོར་གྱིས་སྨད་ནས་བེ་རི་རྒྱལ་པོ་དང་སྟོད་ནས་སྡེ་སྲིད་གཙང་པའི་དམག་ཤུགས་རྩ་མེད་དུ་བཏང་སྟེ། སྤྱི་ལོ་(༡༦༤༢)ལོར་ཤར་དར་རྩེ་མདོ་ནས་ནུབ་ལ་དྭགས་ཚུན་གྱི་ས་སྡེ་མི་གསུམ་གྱི་བདག་དབང་ོང་ས་ལྔ་པ་ཆེན་པོར་ཡོད་པར་དྲིལ་བསྒྲགས། གོང་མ་ཧྲིན་ཀྲིས་བོད་དང་འབྲེལ་བ་ཡག་པོ་བྱུང་ན་སོག་པོས་རྒྱ་ནག་དང་མན་ཇུའི་ས་ཁོངས་སུ་བཙན་འཛུལ་འགོག་ཐུབ་པར་བསམ་སྟེ། ཁོ་པས་ཀྱང་དད་གུས་ཧ་ཅང་ཆེ་བས་གདན་ཞུ་ཡང་ཡང་ཞུས་པ་ལྟར་(༡༦༥༣)ལོར་རྒྱ་ནག་ཏུ་བྱོན། གོང་མས་གཟེངས་བསྟོད་ཆེ་མཐོང་བླ་ན་མེད་པར་ཞུས། སྤྱིར་བོད་ཀྱི་སྲིད་དབང་དགའ་ལྡན་ཕོ་བྲང་པར་ཐོབ་པ་ནས་བཟུང་(༡༩༥༩)ལོའི་དབར་མི་ལོ་(༣༡༧)རིང་ཆབ་སྲིད་དང་དམག་འཁྲུག་གི་རྒྱལ་ཕམ་ནི་སྔར་གྱི་བཙན་པོའི་དུས་རབས་དང་མི་འདྲ་བར་རྙོག་འཛིངས་ཅན་ཞིག་ཡིན། དེ་ཡང་(༡༦༤༤)དུས་འདི་ཙམ་ནས་འབྲུག་མོན་མཆོད་གཞིས་རྩོད་རྙོག་བྱུང་བར་བརྟེན་སོག་དམག་དང༌། སྡེ་པ་ནོར་བུ་ཅན་གྱིས་སྣེ་ཁྲིད་པའི་བོད་དམག་གིས་འབྲུག་པར་འཐབ་འཁྲུག་ལན་མང་བྱས་ཀྱང་ཕམ་ཉེས་བསྟུད་མར་འཁེལ། སོག་པོ་ལྷ་བཟང་ཧན་དང༌། ཇུན་སྒར་བ། མན་ཇུ་དམག་བཅས་ཀྱིས་སྔ་རྗེས་སུ་བོད་ལ་ཧམ་འཛུལ་གྱིས་ིག་འཛིན་ཚངས་དབྱངས་རྒྱ་མཚོ་གསེར་ཁྲི་ནས་ཕབ་ཅིང་འབྲས་སྤུངས་དགོན་པའི་ནང་དུའང་སོག་དམག་འཛུལ། སྡེ་སྲིད་སངས་རྒྱས་རྒྱ་མཚོ་དང༌། སྡེ་སྲིད་སྟག་རྩེ་བ་ལྷ་རྒྱལ་རབ་བརྟན། ང་ལུམ་སྦྱར་གསུམ་སོགས་བོད་ཀྱི་སྡེ་སྲིད་དང་བཀའ་བློན་མང་པོ། ཆང་ཁྱིམ་པ་སོགས་གཞུང་ཞབས་མང་པོ་མགུལ་བཅད་པ་སོགས་རྣམ་པར་སྣ་ཚོགས་པའི་སྒོ་ནས་བཀུམས། སྨིན་གླིང་ལོ་ཆེན་དང༌། རྣམ་གླིང་པན་ཆེན་སོགས་མཁས་གྲུབ་གཉིས་ལྡན་གྱི་བླ་ཆེན་མང་པོ་བཀྲོངས། རྒྱལ་མཆོག་བདུན་པ་བོད་དུ་གདན་འདྲེན་ཞུ་སྐབས་སྲུང་སྐྱོབས་ཡིན་ཁུལ་ཀྱི་རྒྱ་དཔོན་གཉིས་ཀྱིས་སྣེ་འཁྲིད་པའི་རྒྱ་དམག་ཁྲི་ཁྲག་གཅིག་བོད་དུ་འཛུལ། དེ་ནས་བཟུང་བོད་དུ་མན་ཆིང་གི་ཨམ་བན་སྡོད་པའིལོ་རྒྱུས་བྱུང་། མཁྱེན་ལར་ཡངས་པའི་ཝང་འགྱུར་མེད་རྣམ་རྒྱལ་མཆོག་ཨམ་བན་ཟེར་བའི་རྒྱ་རྒན་དེ་ཚོས་ལྐོག་གསོད་ཀྱིས་བཀྲོངས་པ་སོགས། བོད་ཀྱི་ལོ་རྒྱུས་ཐོག་གི་གྲགས་ཆེན་མི་སྣར་གོད་ཆག་ཟམ་མི་ཆད་པར་བྱུང༌། (༡༧༧༩)ཁམས་ས་ངན་རི་ཁ་ཤི་པ་རྣམས་མགོ་གནོན་བྱེད་པར་དམག་དོན་སྤྱི་ཁྱབ་ཏུ་བཀའ་བློན་དགའ་གུང་པཎྜིཏ་དང༌། དབུས་མདའ་དཔོན་ལྕང་ལོ་ཅན་པ་བཀྲིས་ཕུན་ཚོགས་སོགས་དབུས་གཙང་གི་དམག་ལྟོས་ཆེ་བ་རྒྱལ་ཁབ་ནས་ཤར་ཐོན་གྱིས་ཕྱོགས་གསུམ་ནས་དཔུང་འཇུག་བྱས་ཏེ། (༡༧༨༠ ཟླ་ ༩)པར་ས་ངན་རྫོང་འབུར་མོ་སྣོད་བཅུད་དང་བཅས་མེར་བསྲེགས་པ་དང་། དཔོན་གཙོ་སྡེ་རོང་ཨ་ཚོགས་ཅན་དང༌། རུ་ཤོད་རྟ་རྒོད་བྱམས་པ་ཕ་བུ་བཅས་ས་གནས་རང་ལ་དམར་གསོད་བཏང༌། འགལ་ཉེས་ཆུང་ཁག་རྣམས་གསང་རྫོང་ར་ིམ་ལྕང་རྭ། དར་རྩེ་མདོ། སྡེ་དགེ སྤོ་བོ་ཁུལ་བཅས་ལ་རྒྱང་ཕུད་བཏང་བ་སོགས་བྱས། སྤྱི་ལོ་(༡༧༨༧)ལོ་ཙམ་ནས་བཟུང་གོར་ཁས་བོད་ལ་བཙན་འཛུལ་ཐེངས་མང་བྱས་ཏེ་རིམ་བཞིན་སྐྱིད་རོང་དང༌། གཏིང་སྐྱེས། དིང་རི་ནས་གཞིས་རྩེར་བར་འོངས་ཏེ་བཀྲ་ཤིས་ལྷུན་པོའི་གནའ་རྫས་གལ་ཆེན་མཐའ་དག་འཕྲོག །གཙང་དང༌། སྟོད་ཁུལ་གྱི་མི་དམངས་ལ་གནར་གཅོད་ཚད་མེད་བཏང༌། ར་ལུག་མང་ཆེ་བ་བཅོམ། བཀའ་བློན་རྡོ་རིང་པ་སོགས་འགོ་དམག་མང་པོ་སྔ་རྗེས་འཛིན་བཟུང་གིས་བལ་ཡུལ་དུ་བཙན་འཁྲིད་བྱས། པཎ་ཆེན་སྐུ་ཕྲེང་བདུན་པ་བློ་བཟང་དཔལ་ལྡན་བསྟན་པའི་ཉི་མ་གཞིས་རྩེ་ནས་ལྷ་སར་བྲོས་དགོས་པར་བཟོས། (༡༨༤༡)ལ་དྭགས་དང་སིང་པའི་དམག་དཔུང་ཕོན་ཆེ་མངའ་རིས་བསྐོར་གསུམ་ལ་བཙན་འཛུལ་བྱས། གཙང་མདའ་དཔོན་སྤེལ་བཞི་བ་དང༌། དབུས་མདའ་དཔོན་ཟུར་ཁང་པ་དཔུང་བཅས་ཀྱིས་སིང་དམག་རྒོལ་འཛིངས་བྱས་ཀྱང་ཕམ་ཉེས་བྱུང་སྟེ་སྤུ་ཧྲེང་སྟག་ལ་མཁར་དང་ས་དགའ་བར་སླེབས། གོང་མིང་མདའ་དཔོན་གཉིས་གཙོས་འགོ་དམག་མང་པོ་གསོན་བཟུང་ཤོར་བ་སོགས་གྱོང་གུད་ཅི་ཆེར་ཐེབས། (༡༨༦༣)ལོར་ཉག་རོང་དྲག་འདུལ་མཁན་དམག་དོན་སྤྱི་ཁྱབ་ཞབས་པད་ཕུ་ལུང་པ་ཚེ་དབང་རྡོ་རྗེ་དང༌། མདའ་དཔོན་ཁྲི་སྨོན་པ་འཆི་མེད་རྡོ་རྗེ། མདོ་མཁར་བ་ཚེ་དབང་ནོར་བུ་དམག་དཔུང་དང་བཅས་ཟླ་ ༢ ཚེས་༩ ཉིན་ལྷ་ལྡན་རྒྱལ་ཁབ་ནས་རྡོག་ཐོན་གྱིས་ལམ་བར་ཤོ་སྟར་ལྷོ་གསུམ། རི་ཆབ་དཔའ་གསུམ་སོགས་ནས་རྒྱབ་དཔུང་དུ་ཡུལ་དམག་བཅས་བཀུག་ཏེ། ཉག་རོང་ས་ཐོག་ཏུ་དཔུང་འཇུག་བྱས། རྡོ་རྫོང་དང༌། བྱ་རྒོད་དགྲ་རྫོང་སོགས་རིམ་བཞིན་བླངས་ནས་གནའ་གན་བཞག་ནས་མགོ་སྐོར་བཏང་སྟེ་(༡༨༦༥ཟླ་ ༧)པར་ཉག་སྐེད་རི་ནང་འབྲུག་མོ་རྫོང་མཐའ་ནས་བསྐོར། མན་ཆིང་རྒྱ་ཇག་གི་ཁ་གནོན་ཉག་རོང་འགག་སྒོ་སྲུང་མཁན་རི་ནང་དཔོན་པོ་མགོན་པོ་རྣམ་རྒྱལ་གཉེན་ཚན་སུམ་ཅུ་སྐོར་དང༌། བློན་པོ་དྲག་གྲས་བཞི་བཅུ་སྐོར་དུས་གཅིག་ལ་གསོན་བསྲེགས་བྱས། (༡༨༧༡)བོད་དམག་དགའ་ལྡན་དུ་དཔུང་འཇུག་བྱས་ཏེ་དགོན་པའི་ནང་དུ་འཛུལ། ཤར་བྱང་གཉིས་ཀའི་རྟེན་གསུམ་ལ་གེགས་ཆགས་ཚད་མེད་བཟོས། སྤྱི་མཁན་དཔལ་ལྡན་དོན་འགྲུབ་ཀྱི་སྲིད་དོན་ཤོག་ཁག་རྩ་གཏོར་བཏང་། དགའ་ཤར་མཁན་པོ་གྲགས་པ་རྒྱ་མཚོ་གསང་སྔགས་རྫོང་དང༌། དགའ་བྱང་མཁན་པོ་ཡེ་ཤེས་ཆོས་འཕེལ་གཉའ་བྲག་སྒོར་ལ་རྒྱང་འབུད་བྱས། ས་ཡོས་(༡༨༧༩)ལོར་དབྱིན་ཇིའི་ལྟ་ཞིབ་པ་འབེང་འགོལ་གྱི་མི་རིགས་ས་ར་ཅན་དྷར་དྷཱ་སེ་ཞེས་པ་དང༌། དེ་དང་མཉམ་དུ་འབྲས་ལྗོངས་བླ་མ་ཨོ་རྒྱན་རྒྱ་མཚོ་བཀྲ་ཤིས་ལྷུན་པོར་འབྱོར་བ། བླ་བྲང་རྒྱལ་མཚན་མཐོན་པོའི་ཕྱག་མཛོད་སེང་ཆེན་སྤྲུལ་སྐུ་སོགས་ཀྱིས་སྣེ་ལེན་བྱས། བོད་གཞུང་གིས་དོགས་པ་ཟོས་ཏེ་འཛིན་བཟུང་བྱེད་རྒྱུ་བྱས་ཀྱང་བྲོས་བྱོལ་གྱིས་རྒྱ་གར་དུ་ལོག །དེ་ལ་འབྲེལ་འདྲིས་ཡོད་ཟེར་ནས་སེང་ཆེན་སྤྲུལ་སྐུ་སོགས་ལ་ཉེས་ཆད་བཅད། དེའི་སྟབས་དང་སྐུ་དྲག་འགའ་ཞིག་གི་བྱེད་ལས་ལ་བརྟེན་ནས། བཀྲ་ཤིས་ལྷུན་པོའི་བླ་བྲང་གི་ཞབས་འབྲིང་བ་རྣམས་དང་བོད་གཞུང་གི་བར་དུ་སེལ་ཞུགས། སྤྱིི་ལོ་(༡༨༨༨)ལོར་དབྱིན་ཇིའི་ཡང་ཧེ་སེ་བན་དམག་དཔུང་གིས་གཞུང་དམག་རྣམས་བསད་གཏོར་བཟུང་གསུམ་གྱིས་བོད་ལྷོ་ངོས་ནས་ལྷ་སའི་དབར་བཙན་འཛུལ་བྱས་པ་དང༌། (༡༨༩༦)ཙམ་ནས་རྒྱ་དཔོན་ཀྲང་ལོས་དམག་དང༌། ཀྲོའུ་ཨར་ཕུང་། མཱ་ཕུ་ཕང་གི་མཱ་ཇག་དམག་བཅས་ཀྱིས་སྔ་ཕྱིར་མི་སེར་རྣམས་འཕྲོག་རྡུང་སྲེག་གསུམ་གྱིས་བོད་ཤར་ཕྱོགས་ཁུལ་ནས་བཙན་འཛུལ་བྱས། ོང་ས་བཅུ་གསུམ་པ་མཆོག་ཆེན་པོ་ཧོར་གྱི་ཡུལ་དང་དཀར་ནག་རྒྱའི་ཡུལ་གྲུ་རྣམས་སུ་ཕེབས་དགོས་པ་སོགས་བཞུགས་བཟོད་མི་བདེ་བ་བྱུང༌། སྤྱི་ལོ་(༡༩༠༠)ལོར་འཁོན་འཛིན་ཡོད་པའི་གཞུང་ཞབས་ཁག་གཅིག་གིས་མི་ཁོག་འདྲེ་ཞུགས་ཀྱིས་དཀྲུགས་ཤིང་བྱས་ཏེ་རྒྱལ་ཟུར་དེ་མོ་གློ་བུར་གཤེགས་པ་དང༌། བསྟན་གླིང་བླ་བྲང་ལ་གོད་ཆགས་ཚད་མེད་བྱུང་བ་མ་ཟད། སྤྱི་ལོ་(༡༩༡༢)ལོར་བླ་བྲང་འདིའི་མགོན་ཁང་ཙམ་མ་གཏོགས་རྩ་མེད་ཤུལ་བརླགས་བཏང༌། སྤྱི་ལོ་(༡༩༢༢)ལོར་གཞུང་ཞབས་ཁག་གཅིག་གི་བྱེད་བབ་ལ་རྟེན་ནས། བཀྲས་ལྷུན་བླ་བྲང་གི་ཆོས་གཞིས་ཞིང་འབྲོག་དམག་ཕོགས་དང་། ལམ་ཐོག་འཁྲི་སྒྲུབ་སྐོར་བཀའ་འཁྲུན་མ་ཆོད་པས་པཎ་ཆེན་སྟོན་འཁོར་འུ་ཐུག་ནས་ལོ་དེའི་ཟླ་བ་བཅུ་གཅིག་པའི་ཚེས་བཅོ་ལྔའི་མཚན་མོར་རྒྱ་ཕྱོགས་སུ་བྲོས་བྱོལ་དུ་ཕེབས་དགོས་བྱུང༌། རྗེས་སུ་ཕྱིར་ཕེབས་སྐབས་གཞུང་གི་བཀག་འགོག་འོག་སྤྱི་ལོ་(༡༩༣༧)ལོར་སྐྱེ་རྒུ་མདོར་དགོངས་པ་ཞི་བར་གཤེགས། (༡༩༢༧)བོད་དམག་སྤོ་བོར་དཔུང་འཇུག་གིས་ཆོས་རྒྱལ་གཉའ་ཁྲི་བཙན་པོའི་གདུང་བརྒྱུད། ཀ༔གནམ་སྡེ་པས་སྤོ་བོ་ཁུལ་གྱི་མི་དམངས་གནས་བབ་སྐྱོ་དྲགས་པས། དེ་ལོར་ལོ་ཁྲལ་གུ་ཡངས་དགོས་པའི་སྙན་ཞུ་ཕུལ་བར་གཞུང་ལ་གྱེན་ལོག་རྩིས་ཏེ། རྒྱ་གར་ཨ་སམ་ཕྱོགས་སུ་མཐར་སྐྲོད་བཏང་། སྤོ་བོ་སྟོད་སྨད་གཉིས་ལ་སྤྱི་ཁྱབ་རྫོང་དཔོན་དང་ས་སྲུང་བཅས་འཇོག (༡༩༣༡)ལོར་ནང་ཆེན་ཟིལ་མང་བདུད་རྩི་འཐིལ་དང་། རྣམ་རྒྱལ་རྩེའི་དགོན་པའི་བླ་མ་བཀྲོངས་ནས་སྐུ་གསུང་ཐུགས་རྟེན་ཡོངས་རྫོགས་བོད་དམག་གིས་བཅོམ། (༡༩༣༢)ལོར་མདའ་དཔོན་ཁྱུང་རམ་པ་སོགས་ཀྱིས་སྣེ་ཁྲིདཔའི་བོད་དམག་གིས་བེ་རི་དང་། རྫ་ཁོག དཀར་མཛེས། རྟའུ། བྲག་མགོ་སོགས་སུ། མེར་བསྲེགས་རྒྱུ་འཕྲོག་དང་བཙན་གཡེམ་བརྡུང་བརྡེགས་ཚབ་ཆེན་བྱས། (༡༩༣༤)ལོར་སྨར་ཁམས་ཁུལ་གྱི་ཡུལ་དམག་སྒེར་ལངས་ལ་དྲག་གནོན་བྱས་ཏེ་འགོ་གཙོ་སྤོམ་མདའ་སྟོབས་རྒྱལ་འབའ་ཕྱོགས་སུ་མཐར་སྐྲོད་བཏང་། སྤྱི་ལོ་(༡༩༤༥)ལོར་མདོ་ཁམས་བྱང་ཁུལ་ཧོར་ཚོ་ཁག་སོ་དགུའི་མི་གཡང་དུ་གྲགས་པ། ཟི་ལིང་རྒྱ་ཡི་ཁ་ནོན་ཕོ་རྒོད་ག་རྒྱ་འགྲམ་ནག་གནའ་བཞག་གྲོགས་སྒྲིག་གིས་མགོ་སྐོར་བཏང་ནས་བསད། དེ་ནས་བཟུང་འབྲི་ཆུའི་ནུབ་བརྒྱུད་དུའང་ཟི་ལིང་མཱ་ཇག་ཚོ། གཅིག་མཇུག་གཉིས་འཐུད་ཀྱིས་འཛུལ་ནས་ཡུལ་མི་ཚོར་བརྡུང་བརྡེགས་བཙན་གཡེམ་དང་། རྒྱུ་འཕྲོག་མེར་བསྲེགས་ཚད་ལས་བརྒལ་བར་བྱས། (༡༩༤༧)ལོར་རྭ་སྒྲེང་དགོན་པའི་མཐའ་བཞི་བསྐོར་ནས་གཏོར་བཤིགས་ཚབ་ཆེན་བཏང་ཞིང་། ལོ་དེར་རྒྱལ་ཚབ་རྭ་སྒྲེང་བཙོན་འཇུག་ལྐོག་བཀྲོངས་བྱས། གོང་གསལ་འཐབ་རྩོད་དེ་དག་གིས་རྒྱལ་ཁ་དང་ཕམ་ཁ། ཕྱིར་རྒོལ་དང་ནང་རྡུང༌། སྔོན་ཐོན་དང་རྗེས་ལུས་སོགས་འཕྲལ་སྡུག་ཕུགས་བརླག་གང་ཞིག་བྱས་མིན་ལ་མ་ལྟོས་པར་བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་ཞིག་ཡིན་པའི་བདེན་དཔང་བྱས་ཡོད་ལ། ཁྱད་པར་ོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་ཆོས་སྲིད་གསེར་གྱི་འཁོར་ལོ་ཕྱག་མཚན་དུ་བཞེས་པ་ནས་བཟུང་རྒྱལ་ཁབ་ཀྱི་དམག་དོན་ཐད་ཡར་རྒྱས་ཆེན་པོ་བཏང་ནས་མཐར་(༡༩༡༣)ལོར་བཙན་འཛུལ་བ་ཡོངས་རྫོགས་བོད་ས་ནས་མཐར་བསྐྲད་བཏང་། བོད་རང་དབང་གཙང་མའི་ཐ་ཚིག་ཡོངས་བསྒྲགས་མཛད། གཞན་ཡང་ཁྲིམས་ཁང་དང་། སྦྲག་ཁང་། ཤོག་དངུལ་སོགས། རང་དབང་གཙང་མའི་རྒྱལ་ཁབ་མཚོན་པའི་དཔང་རྟགས་འཛམ་གླིང་ཕྱི་ནང་མི་སྣ་སུས་བལྟས་ནའང་མཐོང་ནུས་པ་ད་ེདག་བསྐྱར་གསོ་བྱས་པ་སོགས་ལ་བརྟེན་ནས། བར་སྐབས་ཀྱི་ཕམ་ཉེས་ཐམས་ཅད་ལས་རེ་ཞིག་རྣམ་པར་རྒྱལ་བར་གྱུར་ཏེ། མདོར་ན་༧གོང་ས་བཅུ་གསུམ་པ་ཆེན་པོ་འདི་གཅིག་པུའི་བཀའ་དྲིན་ཡང་རང་རེ་གངས་ཅན་པ་ཚོས་གཞལ་བ་མི་ནུས་པའི་ཚུལ་འདི་ངེས་པར་དུ་ཤེས་དགོས་པ་ཞིག་ཡིན། (༡༩༡༤)ལོར་ཟླ་༥ ཚེས་༡༠ཉིན། དབྱིན་གཞུང་གི་འཐུས་མི་མེ་མོ་ཧེན་དང་བོད་ཀྱི་བཀའ་བློན་བཤད་སྒྲ་བ། རྒྱའི་སྐུ་ཚབ་ཨེ་ཆན་ཕན་བཅས་ཀྱིས་སིམ་ལའི་ཆིངས་ཡིག་བཞག (༡༩༤༧)ལོར་རྒྱ་གར་རྡི་ལི་གསར་པ་ར་ཤར་གླིང་རྒྱལ་ཁབ་ཞེ་བདུན་གྱི་སྐུ་ཚབ་འཛོམས་པའི་ཨེ་ཤི་ཡའི་གྲོས་ཚོགས་ཐོག་བོད་སྒེར་བཙན་རྒྱལ་ཁབ་གཅིག་ཏུ་ངོས་འཛིན་གཙང་མར་བྱས་ནས་ཚོགས་འདུར་ཞུགས་པ་མ་ཟད། བོད་དམག་གི་དམག་གི་དར་ཆ་གངས་རི་དང་སེང་གེ་རྟགས་ཅན་དེ་རྒྱལ་དར་དུ་ངོས་འཛིན་གྱིས་ཚོགས་ཆེན་དེའི་ཐོག །རྒྱལ་ཁབ་སོ་སོའི་ཚོགས་མིི་ཚོས་རྒྱལ་ཁབ་རང་རང་གི་རྒྱལ་དར་བསླངས་པ་མཉམ་དུ། སྐབས་དེའི་བོད་ཀྱི་སྐུ་ཚབ་རྣམ་པས་ཀྱང་རང་རེའི་དར་ཆ་འདི་ཉིད་བསླངས། (༡༩༥༠)ལོར་རང་གཞུང་མདོ་སྤྱི་ལས་བྱེད་ཁག་གཅིག་གིས། གྲིབ་ནག་འདྲེ་མཐོང་གིས་རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་བདག་གིར་མཛད་པའི་ཁམས་ཀྱི་དགེ་རྟག་སྤྲུལ་སྐུ་གྲགས་པ་མཐའ་ཡས་ལ་དུག་བཏང་ནས་བཀྲོངས། འདིའི་སྐོར་ཡོངས་འཛིན་ཁྲི་བྱང་རིན་པོ་ཆེའི་རང་རྣམ་ལས། ཏྲེ་ཧོར་བེ་རི་དགེ་རྟག་སྤྲུལ་སྐུ་རིན་པོ་ཆེ་ཆབ་མདོར་ཕེབས་ཏེ་རྒྱ་དམར་གུང་ཁྲན་གྱི་བསམ་སྦྱོར་ངན་གཡོས་བོད་སར་ལྷགས་ཉེན་སྔོན་འགོག་ཆེད། རྒྱ་བོད་གཉིས་དབར་བར་གཟུའི་འཕྲོས་མོལ་གནང་སར་ཐུགས་སེམས་ལྷད་མེད་ཀྱིས་ཕེབས་འདུག་པ། རིན་པོ་ཆེ་མཆོག་སྲིད་སྐྱོང་སྟག་བྲག་རིན་པོ་ཆེའི་སྐུ་མདུན་ནས་མདོ་སྔགས་གསུང་ཆོས་མང་པོ་གསན་ཅིང༌། ཁོ་བོ་དང་ཡང་སྔར་ནས་བླ་སློབ་འདྲིས་ཟབ་ཆེ་བས། རང་རེའི་བསྟན་ལར་དད་ཞེན་བཅོས་མིན་དུ་མངའ་བས་ཕན་ཐོགས་གང་ཐུབ་མཛད་རྒྱུ་ལས། གནོད་འགལ་ལོག་སྒྲུབ་ཀྱི་རིགས་གནང་དོགས་ཡེ་ནས་མེད་ཀྱང༌། སྤྱི་མཐུན་གེགས་དབང་ལྟ་བུས་གྲིབ་མ་འདྲེར་མཐོང་གི་སྐྱེ་བོ་འགའ་ཞིག་གི་བྱེད་ལས་ཀྱིས་དགེ་རྟག་སྤྲུལ་སྐུར་རང་གཞུང་ནས་ཐུགས་དོགས་རྣམ་པས་ཆབ་མདོར་ཡུན་རིང་བཀག་འགོག་དང༌། མཐའ་མ་དུག་སྦྱོར་བྱུང་སྐད་སོགས་གང་ལྟར་ཆབ་མདོར་སྐུ་གཤེགས་ཏེ། བོད་དུ་ངོ་ཕེབས་ཐུབ་པ་བྱུང་མ་སོང་བར་བློ་འགྱོད་ཡིད་ཁོལ་ལས་ཅི་བྱ་མ་མཆིས། ཞེས་གསུངས་འདུག ལོ་དེ་རང་ལ་ཆབ་མདོ་མན་ཆད་དགྲ་ལག་ཏུ་ཤོར། (༡༩༥༡)ལོར་མེ་མདའི་ཁ་ནས་ཆིངས་ཡིག་དོན་ཚན་བཅུ་བདུན་བཞག་དགོས་བྱུང༌། མདོར་ན་གུ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱིས་དཔུང་ཤུགས་ལ་བརྟེན་ནས་བོད་ཆོལ་ཁ་གསུམ་ལ་དབང་བསྒྱུར་ཏེ་གོང་ས་ལྔ་པ་ལ་ཕུལ། གོང་ས་ལྔ་པ་ཆེན་པོས་གཞུང་དགའ་ལྡན་ཕོ་བྲང་བཙུགས་ཏེ་བོད་ཤིང་སྒོ་ཅན་ཀུན་ལ་ལུང་རྒྱུག དྲག་པོའི་དམག་གི་དཔུང་ཤུགས་དང་ཞི་བའི་ཐབས་ལམ་གྱི་ཁྱད་པར་ཙམ་མ་གཏོགས་རྒྱལ་པོ་སྲོང་བཙན་སྒམ་པོ་དང་། གནམ་སའི་དབང་ཕྱུག་གོང་ས་ལྔ་པ་ཆེན་པོ་གཉིས་ཀྱི་མངའ་ཐང་དང་མཛད་འཕྲིན་དོ་མཉམ་པར་བསྐྱངས། ཆོས་སྲིད་ལུགས་གཉིས་ཀྱི་རྒྱལ་མཚན་དཀར་པོ་མི་ནུབ་སུམ་རྩེན་བར་དུ་སྒྲེངས་ཏེ། རྫོགས་ལྡན་བསྐལ་བ་བཟང་པོས་བོད་ཁམས་ཡོངས་རྫོགས་འཚོ་བར་མཛད་པ་ནས། གནམ་སའི་དབང་ཕྱུག་ོང་ས་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོའི་སྐུ་ཚེ་སྟོད་ཀྱི་བར་དུ་གནས་ཤིང༌། དེ་ནས་(༡༩༥༩)ལོར་མཐའ་དམག་སྲིན་པོ་མི་གཟུགས་རྒྱ་མི་དམར་པོས་བོད་རྒྱལ་ཁབ་ཆེན་པོའི་སྣོད་བཅུད་ཆ་ལག་དང་བཅས་བཙན་འཕྲོག་བྱས་ཏེ། བོད་འབངས་མང་པོ་བསད་རྡུང་གཅར་གྱི་མནར་གཅོད་ཚད་མེད་བཟོས། རྟེན་གསུམ་རྩ་གཏོར་བཏང་། རིག་གཞུང་གཏོར་བརླགས་བྱས། བོད་མི་རིགས་ཚོས་དུས་ནམ་ཡང་བརྗེད་ཐབས་མེད་པའི་སེམས་གཏིང་གི་རྨ་ཁ་བཟོས། འོན་ཀྱང་གངས་ཅན་པའི་བསོད་ནམས་ཟད་མཐའ་ལ་མ་གཏུགས་པར། གངས་ཅན་འགྲོ་བའི་ལྷ་སྐལ་འཕགས་མཆོག་འཇིག་རྟེན་མགོན་པོ་ཕྱག་ན་པདྨ་བསྟན་འཛིན་རྒྱ་མཚོ་དཔལ་བཟང་པོ་མཆོག་གི་ཞབས་ཟུང་འཁོར་ལོའི་རེ་ཁཱ་དབུས་འགྱུར་འཕགས་པའི་ཡུལ་དུ་འཁོད་ནས། བོད་འབངས་འགྲོ་བའི་མགོན་སྐྱབས་དང་དཔུང་གཉེན་གནང་ནས། སྐད་དང་ཤ་མདོག་མི་གཅིག་པའི་རྒྱལ་ཁབ་དང་ཡུལ་གྲུ་དུ་མར་བོད་རིགས་འཚོ་སྡོད་དང་། རིས་མེད་ཆོས་ལུགས་ཁག་གི་རྟེན་གཞི་འཛུགས་པ། བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་སྲིད་གཞུང་བཙུཊ་བ། དེ་བཞིན་འཛམ་གླིང་མི་དམངས་ཡོངས་ཀྱི་ཞི་བའི་དེད་དཔོན་དུ་མངའ་གསོལ་ནས་འཛམ་གླིང་ཡུལ་གྲུ་སྤྱི་དང་ཁ་བ་རི་བའི་བདེ་དོན། བསྟན་པ་རིན་པོ་ཆེ་བཅས་ལ་སྨོན་པའི་མཛད་འཕྲིན་ནམ་མཁའི་མཐའ་དང་། རྒྱ་མཚོའི་གཏིང་བཞིན་འཚོ་ཞིང་བཞུགས་བཞིན་པ་འདི་ཉིད་ལགས་ཤིང་། གོང་གསལ་བོད་སིལ་འཐོར་བྱུང་བ་ནས་ད་ལྟའི་བར་གྱི་ལོ་རྒྱུས་རྒྱས་པ་ཤེས་འདོད་ན་དེབ་ཐེར་ཁག་གཞན་དུ་ལྟ་བར་བྱའོ། ། ལ་མཆོག་ལྔ་པ་ནས་རྒྱལ་མཆོག་བཅུ་བཞི་པའི་བར་དགའ་ལྡན་ཕོ་བྲང་པའི་སྲིད་སྐྱོང་རིམ་བྱོན་ནི། ༡༽ བསོད་ནམས་ཆོས་འཕེལ། ༡༦༤༢-༡༦༥༨ ོང་ས་ལྔ་པ།(སྡེ་སྲིད་གྲོངས་པའི་ཚབ)། ༡༦༥༨-༡༦༦༠༢༽ སྡེ་སྲིད་གྲོང་སྨད་པ་འཕྲིན་ལས་རྒྱ་མཚོ། ༡༦༦༠-༡༦༦༨ ༣༽ སྡེ་སྲིད་བློ་བཟང་མཐུ་སྟོབས། ༡༦༦༩-༡༦༧༤ ༤༽ སྡེ་སྲིད་བློ་བཟང་སྦྱིན་པ། ༡༦༧༥-༡༧༠༣༥༽ སྡེ་སྲིད་སངས་རྒྱས་རྒྱ་མཚོ། ༡༦༧༩-༡༧༠༣༦༽ སྡེ་སྲིད་ངག་དབང་རིན་ཆེན། ༡༧༠༤-༡༧༠༦༧༽ ལྷ་བཟང་ཧན། ༡༧༠༧-༡༧༡༧་༨༽ སྟག་རྩེ་བ་ལྷ་རྒྱལ་རབ་བརྟན། ༡༧༡༧-༡༧༢༠༩༽ རྒྱ་བོད་ཚོགས་འདུ། ༡༧༢༠-༡༧༢༡༡༠༽ དེའི་ཆིང་སྦ་དུར་བསོད་ནམས་རྒྱལ་པོ། ༡༧༢༡-༡༧༢༧༡༡༽ ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ། ༡༧༢༨-༡༧༤༧༡༢༽ ང་ལུམ་སྦྱར་གསུམ། ༡༣༽ ཝང་འགྱུར་མེད་རྣམ་རྒྱལ། ༡༧༤༧-༡༧༥༠༡༤༽ ལ་མཆོག་བདུན་པ་བསྐལ་བཟང་རྒྱ་མཚོ། ༡༧༥༡-༡༧༥༧༡༥༽ དེ་མོ་ངག་དབང་འཇམ་དཔལ་བདེ་ལེགས་རྒྱ་མཚོ། ༡༧༥༧-༡༧༧༧༡༦༽ ཚེ་གླིང་ངག་དབང་ཚུལ་ཁྲིམས། ༡༧༧༧-༡༧༨༦༡༧༽ རྒྱལ་མཆོག་འཇམ་དཔལ་རྒྱ་མཚོ། ༡༧༨༧-༡༧༩༠༡༨༽ ཀུན་གླིང་རྟ་ཚག་བསྟན་པའི་མགོན་པོ། ༡༧༩༡-༡༨༡༠༡༩༽ དེ་མོ་ངག་དབང་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ། ༡༨༡༡-༡༨༡༩༢༠༽ ཚེ་སྨོན་གླིང་ངག་དབང་འཇམ་དཔལ་ཚུལ་ཁྲིམས་རྒྱ་མཚོ། ༡༨༡༩-༡༨༤༣ ༢༡༽ པཎ་ཆེན་སྐུ་ཕྲེང་བརྒྱད་པ་བསྟན་པའི་ཉི་མ། ༡༨༤༤-༡༨༤༥༢༢༽ རྭ་སྒྲེང་ངག་དབང་ཡེ་ཤེས་ཚུལ་ཁྲིམས་རྒྱལ་མཚན། ༡༨༤༥-༡༨༦༢༢༣༽ སྡེ་སྲིད་བཤད་སྒྲ་དབང་ཕྱུག་རྒྱལ་པོ། ༡༨༦༢-༡༨༦༤༢༤༽ དགའ་ལྡན་ཁྲི་ཟུར་སྡེ་དྲུག་མཁྱེན་རབ་དབང་ཕྱུག ༡༨༦༤-༡༨༧༣༢༥༽ ལ་མཆོག་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོ། ༡༨༧༣-༡༨༧༥༢༦༽ རྟ་ཚག་ངག་དབང་དཔལ་ལྡན་ཡེ་ཤེས། ༡༨༧༥-༡༨༨༦༢༧༽ དེ་མོ་ངག་དབང་བློ་བཟང་འཕྲིན་ལས་རབ་རྒྱས། ༡༨༨༦-༡༨༩༥༢༨༽ རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ། ༡༨༩༥-༡༩༠༤༢༩༽ དགའ་ལྡན་ཁྲི་པ་བློ་བཟང་རྒྱལ་མཚན། ༡༩༠༤-༡༩༠༩༢༠༽ བཤད་ཞོལ་ཆང་གསུམ། ༡༩༠༩-༡༩༢༠༣༡༽ ཚེ་སྨོན་གླིང་སྐུ་ཕྲེང་གསུམ་པ། ༡༩༡༠-༡༩༡༢ ༣༢༽ ལ་མཆོག་ཐུབ་བསྟན་རྒྱ་མཚོ། ༡༩༡༣-༡༩༣༣ ༣༣༽ རྭ་སྒྲེང་ཐུབ་བསྟན་འཇམ་དཔལ་ཡེ་ཤེས། ༡༩༣༤-༡༩༤༠༣༤༽ སྟག་བྲག་ངག་དབང་གསུང་རབ། ༡༩༤༡-༡༩༥༠༣༥༽ ད་ལྟ་འཚོ་ཞིང་བཞུགས་པ་དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་པའི་མེ་ཏོག་གི་ཆུན་པོ། སྐུ་གསུང་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པ་ངོ་མཚར་མཚན་དཔེའི་དཔལ་ཡོན་གཅིག་ཏུ་སྤུངས་པའི་ཚོམ་བུ། ོང་ས་ལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་སྐུ་ཕྲེང་བཅུ་བཞི་པ་མཆོག་ལགས་སོ།། འདི་ཉིིད་ནི་སྔོན་རི་བོ་པོ་ཏ་ལར་ཐུགས་བསྐྱེད་གདུལ་ཞིང་དུ་བཞེས་པ་བཞིན་གྲུ་འཛིན་གཉིས་པའི་ཕོ་བྲང་གསེར་གྱི་ཁྲི་འཕང་མཐོན་པོར་ཞབས་སོར་འཁོད། མཁས་གྲུབ་དུ་མ་རིགས་ཀྱི་ཅོད་པན་དུ་བཞེས་ནས་འཕགས་བོད་ཀྱི་གཞུང་ལུགས་རབ་འབྱམས་ལ་ལུང་རིགས་ཀྱི་ལམ་ནས་དྲངས་པའི་གསན་བསམ་མཐར་ཕྱིན་པ་མཛད། རང་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོ་ལྟ་བུའི་ཕ་རོལ་དུ་སོན། རིས་སུ་མ་ཆད་པའི་མདོ་སྔགས་ཀྱི་ཟབ་ཆོས་མཐའ་དག་བུམ་པ་གང་བྱོའི་ཚུལ་དུ་གསན་ཏེ་ཐུབ་བསྟན་ཡོངས་རྫོགས་ཀྱི་བདག་པོ་གྱུར། གངས་ཅན་གྱི་ལྗོངས་འདིར་སྙིགས་མའི་མཐར་ཡང་བདེ་སྐྱིད་རྫོགས་ལྡན་གྱི་དགའ་སྟོན་གསར་དུ་བཞད་པའི་སླད་དུ་(༡༩༥༠)ཆོས་སྲིད་གསེར་གྱི་འཁོར་ལོ་ཕྱག་མཚན་དུ་བཞེས་ཏེ། དམན་ལ་ལྷག་པར་བརྩེ་བས་ཆབ་འབངས་ཉམ་ཐག་པ་རྣམས་ཀྱི་བདེ་རྩར་སྨན་ངེས་ཀྱི་ལེགས་བཅོས་རིམ་པའི་བཀའ་དྲིན་སྩལ། འཛམ་གླིང་ཡངས་པའི་ཁྱོན་ཀུན་དམ་པའི་ཆོས་ཀྱི་སྣང་བ་འགྱེད་པའི་དུས་སུ་ཉེར་བར་བབས་པ་ན། འཕྲལ་རྐྱེན་ལོག་སྨོན་གྱིས་བོད་དབུས་འགྱུར་རྒྱལ་བསྟན་ཆབ་སྲིད་དང་བཅས་པར་བསམ་སྦྱོར་ངན་གཤོམ་མི་བཟད་པ་བྱུང་བས་(༡༩༥༩)ལོར་སྐུ་ངལ་ཁྱད་གསོད་ཀྱིས་འཕགས་ཡུལ་དུ་ཆིབས་སྒྱུར་མཛད། རང་དབང་དམངས་གཙོའི་གཞུང་གསར་འཛུགས་མཛད། བོད་ཀྱི་བསྟན་སྲིད་སླར་གསོའི་སླད་དུ་ས་དགེ་བཀའ་རྙིང་བོན་དང་བཅས་པའི་དགོན་སྡེ། གཞིས་ཆགས། སློབ་གྲྭ་སོགས་ཁག་མང་གསར་འཛུགས་བཀའ་དྲིན་བསྐྱངས། བསྟན་དགྲ་རྒྱ་དམར་གྱིས་བོད་ཀྱི་སྣོད་བཅུད་གང་སར་རྩ་བརླག་བཏང་སྟེ་དམྱལ་བ་མི་ཡུལ་དུ་འཕོས་པ་ལྟ་བུའི་གནས་སྟངས་ཤིན་ཏུ་ཡ་ང་བ་བཟོས་ཀྱང༌། བྱམས་པ་དང་སྙིང་རྗེ་ཁོ་ནས་འཚེ་མེད་ཞི་བའི་ཐབས་ལམ་འབའ་ཞིག་ལ་བརྟེན་ཏེ་བོད་ཀྱི་བདག་དབང་བསྐྱར་གསོ་དང་། མི་མང་རྣམས་སྡུག་བསྔལ་ལས་སྐྱོབ་ཐབས་བཀྲིན་སྩལ། ལྷག་པར་སྡོམ་པ་གསུམ་གྱི་བཅས་མཚམས་ཕྲ་མོ་ཙམ་ལས་ཀྱང་མི་འདའ་བར་ཇོ་བོ་བཀའ་གདམས་པའི་རྣམ་ཐར་གཙང་མ་ལྷུར་བཞེས་པའི་ངང་ནས། དེ་སྔ་ནང་པའི་ཆོས་ཀྱི་སྒྲ་ཙམ་ཡང་མེད་པའི་ནུབ་ཕྱོགས་རྒྱལ་ཁབ་མང་པོར་བྱོན་ཏེ། སྐྱེ་འགྲོ་ཡོངས་ལ་ཞི་བདེར་སྨན་པའི་ཐབས་ལམ་ཟབ་མོ་རྟག་ཏུ་བསྟན་པར་མཛད་པ་སོགས། ཡུལ་དུས་གནས་སྐབས་ཀྱི་ངལ་བ་མཐའ་དག་ཁྱད་དུ་བསད་དེ་འཛམ་གླིང་ཞི་བདེའི་དོན་དུ་འབད་བརྩོན་གནང་བས། ནོ་ཝེ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཀྱིས་ཞི་བདེའི་དེད་དཔོན་ཆེན་པོ་ཏུ་ལའི་བླ་མ་ཞེས་མཚན་སྙན་གྱི་གྲགས་པས་ཡངས་པའི་ས་གཞི་ཆེན་པོ་ཡོངས་སུ་ཁྱབ་ནས་བདག་སོགས་བོད་འབངས་རྣམས་སྐལ་བཟང་གི་དགའ་སྟོན་ཉམས་སུ་མྱོང་བཞིན་པ་འདིའོ། ། རྒྱལ་མཆོག་བདུན་པས་སྲོལ་བཏོད་པ་ནས་བཟུང་དགའ་ལྡན་ཕོ་བྲང་པའི་བཀའ་བློན་རིམ་བྱོན་ནི། རྡོ་རིང་པཎྜི་ཏ་མགོན་པོ་དོན་གྲུབ་རབ་བརྟན། ཛ་སག་ཐོན་པ་སྲིད་ཆོས་ཚེ་བརྟན། ཛ་སག་མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ། རྩེ་མགྲོན་དར་ཧན་ཉི་མ་རྒྱལ་མཚན། སྐལ་བཟང་ཡོན་ཏན། རྡོ་རིང་བསྟན་འཛིན་དཔལ་འབྱོར། གཡུ་ཐོག་པ། ཛ་སག་ཐོན་པ་སྲིད་ཞི་དབང་འདུད། གུང་བཀྲ་ཤིས་རྣམ་རྒྱལ། ཧོར་ཁང་བསོད་ནམས་བཀྲིས། བཤད་སྒྲ་ཀུན་དགའ་དཔལ་འབྱོར། མདོ་མཁར་རྟ་མགྲིན་ཚེ་བརྟན། ཟུར་ཁང་ཚེ་བརྟན་རྡོ་རྗེ། བཤད་སྒྲ་དོན་གྲུབ་རྡོ་རྗེ། མདོ་མཁར་བསོད་ནམས་དབང་རྒྱལ། བཤད་སྒྲ་དབང་ཕྱུག་རྒྱལ་པོའམ་སྤེལ་བཞི་པ། ཐས་ཇི་བཀྲིས་ཁང་པ། བསོད་ནམས་དཔའ་འབར། སྐྱིད་ཤོད་པ། ཕུ་ལུང་ཕུན་ཚོགས་ཚེ་དབང༌། ཚེ་དབང་དཔལ་འབྱོར། བཤད་སྒྲ་ཚེ་རིང་དབང་ཕྱུག །རམ་པ་བཀྲིས་དར་རྒྱས། གཡུ་ཐོག་ལྷ་དབང་རྡོ་རྗེ། ཚེ་དབང་ནོར་བུ། ལྷ་ཀླུ་ཡེ་ཤེས་ནོར་བུ། ཕ་ལྷ་པད་མ་རྒྱལ་པོ། རྡོ་རྗེ་དོན་གྲུབ། བློ་བཟང་ཡོན་ཏན། ཁེ་སྨད་གནོད་སྦྱིན་ཕུན་ཚོགས། གཡུ་ཐོག་ཕུན་ཚོགས་དབང་ལྡན། བཤད་སྒྲ་དཔལ་འབྱོར་རྡོ་རྗེ། བསོད་ནམས་སྟོབས་རྒྱལ། བཀའ་བློན་བླ་མ་ཆང་ཁྱིམ། ཞོལ་ཁང་པ། གསར་བྱུང་ཚེ་བརྟན་དབང་ཕྱུག །ཚ་རོང་དབང་ཕྱུག་རྒྱལ་པོ། བསམ་ཕོ། བཀའ་བློན་བླ་མ་བློ་བཟང་འཕྲིན་ལས། གུང་ཐང་པ། ཤེལ་དཀར་གླིང་པ། བདེ་སྐྱིད་གླིང་པ། བཀའ་བློན་བླ་མ་བྱམས་པ་བསྟན་དར། ཁྲི་སྨོན་ནོར་བུ་དབང་རྒྱལ། ང་ཕོད་རྟ་མགྲིན་ཕུན་ཚོགས། བཀྲས་མཐོང་འགྱུར་མེད་རྒྱ་མཚོ། གནང་བྱུང་པདྨདོན་གྲུབ། བཀའ་བློན་བླ་མ་བློ་བཟང་བསྟན་སྐྱོང༌། བཀའ་བློན་བླ་མ་ཆང་ཁྱིམ་ཐུབ་བསྟན་ཤུཀྱ། བཀའ་བློན་བླ་མ་བསྟན་པ་འཇམ་དབྱངས། བོན་ཤོད་ཚེ་བརྟན་རྡོ་རྗེ། ཕུན་ཁང་གུང་བཀྲིས་རྡོ་རྗེ། བཀའ་ཤོད་ཆོས་རྒྱལ་ཉི་མ། བཀའ་བླ་རམ་པ་ཐུབ་བསྟན་ཀུན་མཁྱེན། ཟུར་ཁང་དབང་ཆེན་དགེ་ལེགས། ལྷ་ཀླུ་ཚེ་དབང་རྡོ་རྗེ། ང་ཕོད་ངག་དབང་འཇིགས་མེད། མདོ་མཁར་ཕུན་ཚོགས་རབ་རྒྱས། བསམ་ཕོ་ཚེ་དབང་རིག་འཛིན། ཤན་ཁ་འགྱུར་མེད་རྡོ་རྗེ། སྣེ་ཤར་ཐུབ་བསྟན་ཐར་པ། བཀའ་བླའི་ལས་ཚབ་དགའ་བྲང་བློ་བཟང་རིག་འཛིན་དང༌། བཤད་ཟུར། གཡུ་ཐོག་བཀྲིས་དོན་གྲུབ། ཏུ་བླ་མ་ཐུབ་བསྟན་ནོར་བཟང༌། ཕ་ལྷ་ཐུབ་བསྟན་འོད་ལྡན། ཀུན་གླིང་འོད་ཟེར་རྒྱལ་མཚན། ལྷ་སྲས་རྒྱ་ལོ་དོན་འགྲུབ། ཕྲེང་རིང་འཇིགས་མེད་སུམ་རྩེན་དབང་པོ། དབང་འདུས་རྡོ་རྗེ། ལི་ཐང་འཇང་ཚ་ཆོས་མཛད་ཚེ་རིང་མགོན་པོ། ས་སྐྱ་ཚེ་དབང་རྟ་མགྲིན། ས་འདུ་རིན་ཆེན། འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་(བཀའ་ཁྲི)། རྒྱ་རི་སྤྲུལ་སྐུ་བློ་གྲོས་རྒྱལ་མཚན། བཀྲིས་དབང་འདུས། སྟག་ལྷ་ཕུན་ཚོགས་བཀྲིས། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ། བསྟན་འཛིན་དགེ་བྱེད། ཉག་རེ་ཆོས་མཛད་སྐལ་བཟང་ཡེ་ཤེས་(བཀའ་ཁྲི)། ཙོང་ཁ་ལྷ་མོ་ཚེ་རིང༌། ཨ་ལག་འཇིགས་མེད་ལྷུན་གྲུབ། བྲག་གཡབ་བསོད་ནམས་སྟོབས་རྒྱལ་(བཀའ་ཁྲི)། ཕུན་རབ་པ་བློ་བཟང་དར་རྒྱས། ཞེ་བོ་བློ་བཟང་དར་རྒྱས། རྗེ་བཙུན་པདྨ རྟ་སོ་རིན་ཆེན་མཁའ་འགྲོ། ཨ་ལག་ཙ་ཡུས་བསྟན་འཛིན་དཔའ་དབར། ཨ་ལགས་ཀིརྟི་བློ་བཟང་བསྟན་འཛིན། ཨ་མདོ་བཟོད་པ་རྒྱ་མཚོ། ཟླ་བ་ཚེ་རིང༌། བསམ་མཁར་གཡང་སྐྱིད། བཀྲས་མཐོང་ཚེ་དབང་ཆོས་རྒྱལ། དཀར་མཛེས་པདྨཆོས་འབྱོར། བསྟན་པ་ཚེ་རིང་། ཟམ་གདོང་པཎྜི་ཏ་བློ་བཟང་བསྟན་འཛིན་(བཀའ་ཁྲི)། ཐུབ་བསྟན་ལུང་རིགས། བློ་བཟང་ཉི་མ། བློ་བཟང་སྙན་གྲགས་བཅས་སོ། ། རྒྱལ་མཆོག་བདུན་པས་སྲོལ་བཏོད་པ་ནས་བཟུང་དགའ་ལྡན་ཕོ་བྲང་པའི་བཀའ་བློན་རིམ་བྱོན་ནི། རྡོ་རིང་པཎྜི་ཏ་མགོན་པོ་དོན་གྲུབ་རབ་བརྟན། ཛ་སག་ཐོན་པ་སྲིད་ཆོས་ཚེ་བརྟན། ཛ་སག་མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ། རྩེ་མགྲོན་དར་ཧན་ཉི་མ་རྒྱལ་མཚན། སྐལ་བཟང་ོན་ཏན།རྡོ་རིང་བསྟན་འཛིན་དཔལ་འབྱོར།གུ་ཐོག་པ། ཛ་སག་ཐོན་པ་སྲིད་ཞི་དབང་འདུད། གུང་བཀྲ་ཤིས་རྣམ་རྒྱལ། ཧོར་ཁང་བསོད་ནམས་བཀྲིས། བཤད་སྒྲ་ཀུན་དགའ་དཔལ་འབྱོར། མདོ་མཁར་རྟ་མགྲིན་ཚེ་བརྟན། ཟུར་ཁང་ཚེ་བརྟན་རྡོ་རྗེ། བཤད་སྒྲ་དོན་གྲུབ་རྡོ་རྗེ། མདོ་མཁར་བསོད་ནམས་དབང་རྒྱལ། བཤད་སྒྲ་དབང་ཕྱུག་རྒྱལ་པོའམ་སྤེལ་བཞི་པ། ཐས་ཇི་བཀྲིས་ཁང་པ། བསོད་ནམས་དཔའ་འབར། སྐྱིད་ཤོད་པ། ཕུ་ལུང་ཕུན་ཚོགས་ཚེ་དབང༌། ཚེ་དབང་དཔལ་འབྱོར། བཤད་སྒྲ་ཚེ་རིང་དབང་ཕྱུག །རམ་པ་བཀྲིས་དར་རྒྱས། གུ་ཐོག་ལྷ་དབང་རྡོ་རྗེ།ཚེ་དབང་ནོར་བུ།ལྷ་ཀླུ་ེ་ཤེས་ནོར་བུ། ཕ་ལྷ་པད་མ་རྒྱལ་པོ། རྡོ་རྗེ་དོན་གྲུབ། བློ་བཟང་ོན་ཏན།ཁེ་སྨད་གནོད་སྦྱིན་ཕུན་ཚོགས།གུ་ཐོག་ཕུན་ཚོགས་དབང་ལྡན། བཤད་སྒྲ་དཔལ་འབྱོར་རྡོ་རྗེ། བསོད་ནམས་སྟོབས་རྒྱལ། བཀའ་བློན་བླ་མ་ཆང་ཁྱིམ། ཞོལ་ཁང་པ། གསར་བྱུང་ཚེ་བརྟན་དབང་ཕྱུག །ཚ་རོང་དབང་ཕྱུག་རྒྱལ་པོ། བསམ་ཕོ། བཀའ་བློན་བླ་མ་བློ་བཟང་འཕྲིན་ལས། གུང་ཐང་པ། ཤེལ་དཀར་གླིང་པ། བདེ་སྐྱིད་གླིང་པ། བཀའ་བློན་བླ་མ་བྱམས་པ་བསྟན་དར། ཁྲི་སྨོན་ནོར་བུ་དབང་རྒྱལ། ང་ཕོད་རྟ་མགྲིན་ཕུན་ཚོགས། བཀྲས་མཐོང་འགྱུར་མེད་རྒྱ་མཚོ། གནང་བྱུང་པདྨདོན་གྲུབ། བཀའ་བློན་བླ་མ་བློ་བཟང་བསྟན་སྐྱོང༌། བཀའ་བློན་བླ་མ་ཆང་ཁྱིམ་ཐུབ་བསྟན་ཤུཀྱ། བཀའ་བློན་བླ་མ་བསྟན་པ་འཇམ་དབྱངས། བོན་ཤོད་ཚེ་བརྟན་རྡོ་རྗེ། ཕུན་ཁང་གུང་བཀྲིས་རྡོ་རྗེ། བཀའ་ཤོད་ཆོས་རྒྱལ་ཉི་མ། བཀའ་བླ་རམ་པ་ཐུབ་བསྟན་ཀུན་མཁྱེན། ཟུར་ཁང་དབང་ཆེན་དགེ་ལེགས། ལྷ་ཀླུ་ཚེ་དབང་རྡོ་རྗེ། ང་ཕོད་ངག་དབང་འཇིགས་མེད། མདོ་མཁར་ཕུན་ཚོགས་རབ་རྒྱས། བསམ་ཕོ་ཚེ་དབང་རིག་འཛིན། ཤན་ཁ་འགྱུར་མེད་རྡོ་རྗེ། སྣེ་ཤར་ཐུབ་བསྟན་ཐར་པ། བཀའ་བླའི་ལས་ཚབ་དགའ་བྲང་བློ་བཟང་རིག་འཛིན་དང༌། བཤད་ཟུར། གུ་ཐོག་བཀྲིས་དོན་གྲུབ།ཏུ་བླ་མ་ཐུབ་བསྟན་ནོར་བཟང༌།ཕ་ལྷ་ཐུབ་བསྟན་འོད་ལྡན།ཀུན་གླིང་འོད་ཟེར་རྒྱལ་མཚན།ལྷ་སྲས་རྒྱ་ལོ་དོན་འགྲུབ།ཕྲེང་རིང་འཇིགས་མེད་སུམ་རྩེན་དབང་པོ།དབང་འདུས་རྡོ་རྗེ།ལི་ཐང་འཇང་ཚ་ཆོས་མཛད་ཚེ་རིང་མགོན་པོ།ས་སྐྱ་ཚེ་དབང་རྟ་མགྲིན།ས་འདུ་རིན་ཆེན།འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་(བཀའ་ཁྲི)།རྒྱ་རི་སྤྲུལ་སྐུ་བློ་གྲོས་རྒྱལ་མཚན།བཀྲིས་དབང་འདུས།སྟག་ལྷ་ཕུན་ཚོགས་བཀྲིས།བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ།བསྟན་འཛིན་དགེ་བྱེད།ཉག་རེ་ཆོས་མཛད་སྐལ་བཟང་ེ་ཤེས་(བཀའ་ཁྲི)། ཙོང་ཁ་ལྷ་མོ་ཚེ་རིང༌། ཨ་ལག་འཇིགས་མེད་ལྷུན་གྲུབ། བྲག་གབ་བསོད་ནམས་སྟོབས་རྒྱལ་(བཀའ་ཁྲི)།ཕུན་རབ་པ་བློ་བཟང་དར་རྒྱས།ཞེ་བོ་བློ་བཟང་དར་རྒྱས།རྗེ་བཙུན་པདྨརྟ་སོ་རིན་ཆེན་མཁའ་འགྲོ།ཨ་ལག་ཙ་ུས་བསྟན་འཛིན་དཔའ་དབར། ཨ་ལགས་ཀིརྟི་བློ་བཟང་བསྟན་འཛིན། ཨ་མདོ་བཟོད་པ་རྒྱ་མཚོ། ཟླ་བ་ཚེ་རིང༌། བསམ་མཁར་གང་སྐྱིད།བཀྲས་མཐོང་ཚེ་དབང་ཆོས་རྒྱལ།དཀར་མཛེས་པདྨཆོས་འབྱོར།བསྟན་པ་ཚེ་རིང་།ཟམ་གདོང་པཎྜི་ཏ་བློ་བཟང་བསྟན་འཛིན་(བཀའ་ཁྲི)།ཐུབ་བསྟན་ལུང་རིགས།བློ་བཟང་ཉི་མ།བློ་བཟང་སྙན་གྲགས་བཅས་སོ།། ཞི་བསིལ་བདུད་རྩིས་ཀླ་ཀློའི་མེ་དཔུང་བཅིལ། ། ཆོལ་གསུམ་བོད་འབངས་རང་དབང་གནས་ལ་བཀོད། ། དཔལ་ལྡན་ས་སྐྱའི་སྡེ་རབས་རིམ་བྱུང་ནས། ། སླར་ཡང་རྫོགས་ལྡན་གསར་པའི་དགའ་སྟོན་འཇོ། ། གནམ་སའི་དབང་ཕྱུག་དགའ་ལྡན་ཕོ་བྲང་པའི། ། ཞི་བའི་རྒྱལ་ཐབས་གསེར་གྱི་འཁོར་ལོ་ཆེར། ། རྒྱ་ཧོར་ཆེ་རྒུའི་རལ་པའང་ཉེར་བཏུད་ན། ། ཕྱོགས་ལས་རྣམ་པར་རྒྱལ་བ་དོན་དང་མཐུན། ། དུས་ཀྱིས་རྒུད་པའི་ཐུན་གསུམ་མཚན་ལྗོངས་འདིར། ། ཐུགས་བསྐྱེད་ག་བུར་ཟེར་མ་དང་འགྲོགས་ཏེ། ། འཆར་པའི་ཟླ་བའི་གངས་ཅན་མགོན་པོ་ཁྱོད། ། དུས་ལས་གཡོལ་མེད་རྒྱ་མཚོའི་རླབས་འདྲ་དྲན། ། ཞེས་པ་ནི་དགའ་སྐྱོ་སྣོལ་མར་འཐབ་པའི་ཚོར་སྣང་གིས་སེམས་ཁམས་བཟི་བའི་བར་སྐབས་ཀྱི་སེམས་གསོ་དང་ངལ་གསོ་ལྷན་ཅིག་པའི་གཏམ་དུ་སྨྲས་སོ། །གངཾས་རི་ལས་ཆད་གངཾས་ཀྱི་སེངྒེ་གངཾས་ཀྱི་རི་ལ་གནས་པའི་རལ་ཚོགས་གངཾས་ལ་བསིགས།།སཾ་གཞི་འཛིན་པའི་སཾ་སྐྱོང་ཕལ་ཆེར་སཾ་འོག་བཅིངས་ཏེ་སཾ་ཆེན་འགྲམ་པའི་ཐིག་ལེ་ངོས།།སྟོཾང་སྡེ་དྲུག་ཅུའི་རྐང་རྡུལ་དང་འགྲོགས་སྟོཾང་གསུམ་དབང་བའི་སྟོཾང་གི་ཁ་ལོ་བསྒྱུར་བ་ནས།།མི་བརྟན་སྲིད་པའི་འཇའ་ཟམ་འཁྱོག་པོ་རྡོག་སྣེ་འདྲེན་པའི་ཚུལ་དེས་སུ་ཡང་ཅིས་མ་བསླུས།།རྒྱ་གར་འཕགས་པའི་ཡུལ་དང་གངས་ཅན་བོད་ཀྱི་ཞིང་དུ་ཕན་བདེའི་འབྱུང་གནས་བདེ་བར་གཤེགས་པའི་བསྟན་པ་རིན་པོ་ཆེ་ཇི་ལྟར་བྱུང་བའི་ཚུལ་ལས་བརྩམས་པའི་ཆོས་འབྱུང་ཛམ་བུའི་གསེར་གྱི་འཁྲི་ཤིང་ལས་བོད་ཀྱི་སྣོད་བཅུད་ཆགས་ཚུལ་གྱི་ཡལ་འདབ་སྟེ་གཉིས་པའོ།།།།

ཡལ་འདབ་གཉིས་པའི་དཔྱད་གཞི་ཡིག་ཆ་ཁག༡ <<འཇམ་དཔལ་རྩ་རྒྱུད>>། ༢ <<ལྷ་མོ་དྲི་མ་མེད་པའི་མདོ>>། ༣ <<མ་ཎི་བཀའ་འབུམ>>། སྲོང་བཙན་སྒམ་པོས་བརྩམས་པ། ༤ <<བཀའ་ཆེམས་ཀ་ཁོལ་མ>> སྲོང་བཙན་སྒམ་པོས་བརྩམས་པ། ༥ <<མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ལོ་རྒྱུས>> སློབ་དཔོན་པདྨ་གསུངས། ༦ <<སྦ་བཞེད>> སྦ་གསལ་སྣང་གིས་བརྩམས་པ། ༧ <<སྦ་བཞེད་ཞབས་བཏགས་མ>>༨ <<རྒྱལ་པོ་བཀའ་ཡི་ཐང་ཡིག>> སློབ་དཔོན་པདྨ་གསུངས། ༩ <<བཙུན་མོའི་བཀའ་ཡི་ཐང་ཡིག>> སློབ་དཔོན་པདྨ་གསུངས། ༡༠ <<བློན་པོའི་བཀའ་ཡི་ཐང་ཡིག>> སློབ་དཔོན་པདྨ་གསུངས། ༡༡ <<ལོ་པཎ་བཀའ་ཡི་ཐང་ཡིག>> སློབ་དཔོན་པདྨ་གསུངས། ༡༢ <<ལྷ་འདྲེ་བཀའ་ཡི་ཐང་ཡིག>> སློབ་དཔོན་པདྨ་གསུངས། ༡༣ <<བཀའ་ཐང་བསྡུས་པ>> སློབ་དཔོན་པདྨ་གསུངས།༡༤ <<ཏུང་ཧོང་ནས་འཐོན་པའི་བོད་ཀྱི་གནའ་རབས་ཡིག་ཆ>>མི་རིཊ་དཔེ་སྐྲུན་ཁང་གིས་སྣུམ་པར་བཏབ་པ། ༡༥ <<རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ>>། རླངས་ཀྱི་ཨ་མྱེས་འདྲེ་འཁོལ་གྱིས་བརྩམས་པ། ༡༦ <<སྲིད་པ་རྒྱུད་ཀྱི་ཁ་བྱང་ཆེན་པོ>>། ༡༧ <<རྒྱལ་རབས་གསལ་བའི་མེ་ལོང་>>། ས་སྐྱའི་བསོད་ནམས་རྒྱལ་མཚན་གྱིས་བརྩམས་ཞེས་གྲགས་པ།༡༨ <<དེབ་ཐེར་དམར་པོ་ཧུང་ལེན>>། ཚལ་པ་ཀུན་དགའ་རྡོ་རྗེས་བརྩམས་པ། ༡༩ <<རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ་བསྟན་པའི་རྒྱལ་མཚན>>། ལྡེའུ་ཇོ་སྲས་ཀྱིས་བརྩམས་པ། ༢༠ <<བུ་སྟོན་ཆོས་འབྱུང་>>། བུ་སྟོན་རིན་ཆེན་གྲུབ་ཀྱིས་བརྩམས་པ། ༢༡ <<བོད་ཀྱི་རྡོ་རིང་དང་དྲིལ་བུའི་བཀའ་གཙིགས་གཅིག་བསྡུས>>། ཀྲུང་དབྱང་མི་རིགས་སློབ་གྲྭས་པར་ བཏབ་པ། ༢༢ <<གཙུག་ལག་ཁང་གི་དཀར་ཆག་ཤེལ་དཀར་མེ་ལོང་>>། ོང་ས་ལྔ་པས་བརྩམས་པ། ༢༣ <<ཡར་ལུང་ཇོ་བོའི་ཆོས་འབྱུང་>>། ཡར་ལུང་བ་ཤུཀྱ་རིན་ཆེན་གྱིས་བརྩམས་པ། ༢༤ <<ལྷོ་བྲག་ཆོས་འབྱུང་མཁས་པའི་དགའ་སྟོན>>། དཔའ་བོ་གཙུག་ལག་ཕྲེང་བས་བརྩམས་པ། ༢༥ <<དེབ་ཐེར་སྔོན་པོ>>། འགོས་ལོ་གཞོན་ནུ་དཔལ་གྱིས་བརྩམས་པ། ༢༦ <<ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད>>། འབྲུག་པ་པདྨདཀར་པོས་བརྩམས་པ། ༢༧ <<དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས>>། ོང་ས་ལྔ་པ་ཆེན་པོས་བརྩམས་པ། ༢༨ <<བོད་ཀྱི་རྒྱལ་རབས་དེབ་ཐེར་དཀར་པོ>>། དགེ་འདུན་ཆོས་འཕེལ་གྱིས་བརྩམས་པ།༢༩ <<ཀློང་ཆེན་ཆོས་འབྱུང་>>། ཀློང་ཆེན་རབ་འབྱམས་པས་བརྩམས་པ། ༣༠ <<སྒྲུང་ལྡེའུ་བོན་གསུམ་གྱི་ལོ་རྒྱུས་ཨེ་མ་ཧོ>>། ཆོས་རྒྱལ་ནམ་མཁའི་ནོར་བུས་བརྩམས་པ། ༣༡ <<རྒྱལ་རབས་གཟི་ཡི་ཕྲེང་བ>>། ཆོས་རྒྱལ་ནམ་མཁའི་ནོར་བུས་བརྩམས་པ། ༣༢ <<བོད་ཀྱི་ལོ་རྒྱུས་ཀུན་དགའི་མེ་ལོང་>>། དམུ་དགེ་བསམ་གཏན་གྱིས་བརྩམས་པ། ༣༣ <<བོད་ཀྱི་རིག་གནས་དར་ཚུལ་མདོར་བསྡུས་བཤད་པ>>། དམུ་དགེ་བསམ་གཏན་གྱིས་བརྩམས་པ། ༣༤ <<གླིང་སེང་ཆེན་གྱི་བྱུང་བ་མདོར་བསྡུས>>། དམུ་དགེ་བསམ་གཏན་གྱིས་བརྩམས་པ། ༣༥ <<བོད་ཀྱི་རྒྱལ་རབས་རགས་རིམ་གཡུ་ཡི་ཕྲེང་བ>>ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་དང་ནོར་འབྲང་ཨོ་རྒྱན་ གྱིས་བརྩམས་པ། ༣༦ <<བཙན་པོའི་དུས་ཀྱི་བྲག་བརྐོས་ཡིག་རིས་གཅིག་གསར་དུ་མཚམས་སྦྱོར་ཞུས་པ>>། ཆབ་སྤེལ་ཚེ་ བརྟན་ཕུན་ཚོགས་ཀྱིས་བརྩམས་པ། ༣༧ <<ཀོང་པོ་དེ་མོའི་རྡོ་བརྐོས་ཡི་གེའི་སྐོར་གླེང་བ>>།ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱིས་བརྩམས་པ། ༣༨ <<སྤུར་རྒྱལ་ཞེས་པའི་ཐ་སྙད་ལ་དཔྱད་པ་ཙམ་བྱས་པ>>།ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱིས་བརྩམས་པ།༣༩ <<བོད་ཀྱི་གནའ་རབས་ལོ་རྒྱུས་དཔྱད་གཞིའི་ཡིག་རིགས་སྐོར་ཅུང་ཟད་གླེང་བ>>།ཆབ་སྤེལ་ཚེ་བརྟན་ཕུན་ ཚོགས་ཀྱིས་བརྩམས་པ། ༤༠ <<གསར་དུ་རྙེད་པའི་གནས་རབས་ཀྱི་བང་སོའི་ཚོགས་ཞེས་པའི་རྩོམ་ཡིག་བཀླགས་རྗེས་ཀྱི་འཆར་སྣང་>>།ཆབ་ སྤེལ་ཚེ་བརྟན་ཕུན་ཚོགས་ཀྱིས་བརྩམས་པ། ༤༡ <<བོད་ཀྱི་གནའ་རབས་ཀྱི་ལོ་རྒྱུས་འགའ་ཞིག>>། ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱིས་བརྩམས་པ། ༤༢ <<གེ་སར་སྒྲུང་གི་སྤྱི་ཁོག་རགས་ཙམ་གླེང་བ>>། ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱིས་བརྩམས་པ། ༤༣ <<ཆོས་འབྱུང་དཔག་བསམ་ལྗོན་བཟང་>>། སུམ་པ་མཁན་པོ་ཡེ་ཤེས་དཔལ་འབྱོར་གྱིས་བརྩམས་པ། ༤༤ <<བོད་ཀྱི་སྔ་རབས་ཁྲིམས་སྲོལ་ཡིག་ཆ་བདམས་བསྒྲིགས>>།༤༥ <<བོད་ཀྱི་གནའ་རབས་ཡིག་ཆ་གཅེས་བསྡུས>>།༤༦ <<འབེལ་གཏམ་ལུང་གི་སྙིང་པོ>>།༤༧ <<ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད>>། ཉང་ཉི་མ་འོད་ཟེར་གྱིས་བརྩམས་པ། ༤༨ <<ཆོས་འབྱུང་ཉི་མའི་འོད་ཟེར་སྟོད་སྨད་གཉིས>>། སྟག་སྒང་མཁས་མཆོག་གུ་རུ་བཀྲ་ཤིས་ཀྱིས་བརྩམས་པ།༤༩ <<ཆོས་འབྱུང་རིན་པོ་ཆེའི་གཏེར་མཛོད>>། རྒྱལ་སྲས་ཐུགས་མཆོག་རྩལ་གྱིས་བརྩམས་པ། ༥༠ <<བོད་ཀྱི་མིའུ་གདུང་དྲུག་གིས་རུས་མཛོད་མེ་ཏོག་སྐྱེད་ཚལ>>། གྱི་ལུང་བཀྲིས་རྒྱ་མཚོ་དང་ཐུགས་མཆོག་ རྡོ་རྗེས་བརྩམས་པ། ༥༡ <<ཐང་བོད་དབོན་ཞང་མཇལ་དུམ་མཛད་པའི་རྡོ་རིང་ཡི་གེ་ངོ་བཤུས>>། ༥༢ <<ཁྲ་འབྲུག་གཙུག་ལག་ཁང་གི་དྲིལ་བུའི་ཁ་བྱང་སྨོན་ཚིག>>།༥༣ <<ཏུན་ཧོང་ཡིག་རྙིང་གི་དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས་ལས་དུམ་བུ་ཁ་ཤས>>། ང།ཅ། ༡༢༨༢༥༤ <<རྒྱ་ཤ་ཅུའི་པའི་བུ་མོ་འཕྲོགས་མི་ཆོག་པའི་སྐོར་གྱི་མཆིད་གསོལ་བའི་བཀའ་ཡིག>>། ང།ཅ། ༡༠༨༣༥༥ <<རྒྱ་ཤ་ཅུའི་འབངས་ཀྱི་ལྡུམ་ར་འཕྲོགས་མི་ཆོག་པའི་སྐོར་གྱི་བརྡ་ཡིག>>། ང།ཅ། ༡༠༨༥༥༦ <<དཔྱད་ཆད་པའི་མིང་ཐོ།>> ང།ཅ། ༡༡༠༡༥༧ <<གཙུག་ལག་ཁང་ནས་འབྲུ་གཡར་བའི་གན་རྒྱ>>། ང།ཅ། ༡༢༩༧༥༨ <<ཞང་ཤུ་ཡི་བསྒྱུར་ཡིག་དུམ་བུ་འགའ>>། ང།ཅ། ༩༨༦༥༩ <<ཡ་ཐོག་བོད་ཀྱི་ཤེས་རིག་གི་མཐའ་དཔྱད>>། ངག་དབང་རྒྱ་མཚོས་བརྩམས་པ། ༦༠ <<འཕྱོངས་རྒྱས་ཟམ་སྣེ་རྡོ་རིང་ཡིག་ཆ>>། སྲིད་དོན་རྒྱལ་རབས་ལ་འཁོད་པ། ༦༡ <<ས་སྐྱའི་གདུང་རབས་རིན་ཆེན་བང་མཛོད>>། བདག་ཆེན་ཨ་མྱེས་ངག་དབང་ཀུན་དགའ་བསོད་ནམས་ ཀྱིས་བརྩམས་པ།༦༢ <<མི་རིགས་རིག་གནས་ཕོ་བྲང་གིས་ཉར་ཚགས་བྱས་པའི་ཡིག་ཆའི་འདྲ་བཤུས>> མི་རིགས་རིག་གནས་ ཕོ་བྲང་དུ་ཡོད། ༦༣ <<ཆོས་རྗེ་ཀརྨ་པ་སྐུ་ཕྲེང་རིན་བྱོན་གྱི་རྣམ་ཐར་མདོར་བསྡུས་དཔག་བསམ་འཁྲི་ཤིང༌>>། ༦༤ <<བྱམས་ཆེན་ཆོས་ཀྱི་རྒྱལ་པོའི་རྣམ་ཐར>>། ༦༥ <<བོད་ཀྱི་སྲིད་དོན་རྒྱལ་རབས་སྟོད་སྨད་གཉིས>>། ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་གྱིས་བརྩམས་པ།༦༦ <<བོད་ཀྱི་ལྷ་བཙན་པོའི་གདུང་རབས་ཚིག་ཉུང་དོན་གསལ>>། ཀ་ཐོག༔ རིག་འཛིན་ཚེ་དབང་ནོར་བུས་ བརྩམས་པ། ༦༧ <<བོད་སིལ་བུའི་བྱུང་བ་བརྗོད་པ་ཤེལ་དཀར་ཕྲེང་བ>>། ནོར་བྲང་ཨོ་རྒྱན་གྱིས་བརྩམས་པ། ༦༨ <<བྱང་བདག་རིག་འཛིན་ངག་གི་དབང་པོའི་རྣམ་ཐར>>། ོང་ས་ལྔ་པས་བརྩམས་པ། ༦༩ <<རྒྱའི་ཡིག་ཚང་ནང་གསལ་བའི་བོད་ཀྱི་རྒྱལ་རབས་གསལ་བའི་མེ་ལོང་>>། སྟག་ལྷ་ཕུན་ཚོགས་བཀྲིས་ ཀྱིས་བརྩམས་པ། ༧༠ <<དཔལ་ཀརྨ་སྐུ་རབས་རིམ་བྱུང་གི་མཛད་རྣམ་>>། འཇམ་དབྱངས་ཚུལ་ཁྲིམས་ཀྱིས་བརྩམས་པ།༧༡ <<ཐང་ཡིག་གསར་པ་བྱུང་བའི་ཐུ་བྷད་གླེགས་བམ>>། དོན་འགྲུབ་རྒྱལ་གྱིས་བསྒྱུར། ༧༢ <<ཐང་ཡིག་རྙིང་མ་ལས་བྱུང་བའི་ཐུ་བྷད་གླེགས་བམ>>། དོན་འགྲུབ་རྒྱལ་གྱིས་བསྒྱུར་བ། ༧༣ <<ཐང་ཡིག་གསར་རྙིང་ལས་བྱུང་བའི་ཐུ་བྷད་གླེགས་བམ་ཀྱི་ཟུར་བཀོད>>། དོན་འགྲུབ་རྒྱལ་གྱིས་བརྩམས་པ།༧༤ <<ཐང་ཡིག་གསར་རྙིང་ལས་བྱུང་བའི་ཐུ་བྷད་ཀྱི་གླེགས་བམ་དང་ཏུན་ཧོང་ཡིག་ཚང་སོགས་ཀྱི་ལོ་དང་བྱུང་ བ་དོན་གྱི་སྐོར>>དོན་འགྲུབ་རྒྱལ་གྱིས་བརྩམས་པ། ༧༥ <<སྤུར་རྒྱལ་ཞེས་པའི་ཐ་སྙད་ཀྱི་གོ་དོན་བཤད་པ་རྣམ་དཔྱོད་པདྨའི་ཟེའུ་འབྲུ>> དོན་འགྲུབ་རྒྱལ་གྱིས་བརྩམས་པ།༧༦ <<བོད་ཅེས་པའི་ཐ་སྙད་ཀྱི་འབྱུང་ཁུངས་དངོས་བཤད་པ>>། དོན་འགྲུབ་རྒྱལ་གྱིས་བརྩམས་པ། ༧༧ <<བོད་ཀྱི་ལོ་རྒྱུས་སྐོར་གྱི་བསམ་ཚུལ་ཐོར་བུ་འགའ>>། དོན་འགྲུབ་རྒྱལ་གྱིས་བརྩམས་པ། ༧༨ <<གནའ་རབས་བོད་ཀྱི་སྲིད་འཛིན་ས་ཁུལ་དང་དཔོན་རིགས་ཀྱི་ལམ་ལུགས་རོབ་ཙམ་བཤད་པ་བུང་བ་གཞོན་ ནུའི་གླུ་དབྱངས>>། དོན་འགྲུབ་རྒྱལ་གྱིས་བརྩམས་པ། ༧༩ <<བོད་ཀྱི་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་ལོ་རྒྱུས་མདོ་ཙམ་བརྗོད་པ་སྔོན་བྱོན་མཁས་པའི་བཞེད་དགོངས་ ཀྱི་བུམ་བཟང་མཛེས་པར་བྱེད་པའི་རྒྱན་རྨ་བྱ་གཞོན་ནུའི་སྒྲོ་མདོངས>>། དོན་འགྲུབ་རྒྱལ་གྱིས་བརྩམས་པ།༨༠ <<དུང་དཀར་ཚིག་མཛོད་ཆེན་མོ>>། དུང་དཀར་བློ་བཟང་འཕྲིན་ལས་གྱིས་བརྩམས་པ། ༨༡ <<བོད་ཀྱི་རྒྱལ་རབས་ལོ་རྒྱུས་དོན་བསྡུས་རྣམ་དཔྱོད་དལ་འབབ་མཛད་ཆེན་འཕྱུར་བའི་ལེགས་བཤད་རླབས་ ཀྱི་སྒྲ་བརྒྱ་བཞད་པའི་གདངས་སྙན>>། མདོ་སྨད་ཡོན་ཏན་རྒྱ་མཚོས་བརྩམས་པ། ༨༢ <<བོད་དང་རྒྱ་ནག་བར་འཐབ་རྩོད་རྙོག་གྲའི་རྩ་དོན>>། མདོ་སྨད་ཡོན་ཏན་རྒྱ་མཚོས་བརྩམས་པ། ༨༣ <<སྟག་འཚེར་སྤྲུལ་སྐུའི་རྣམ་ཐར>>། མདོ་སྨད་ཡོན་ཏན་རྒྱ་མཚོས་བརྩམས་པ། ༨༤ <<མི་ཕམ་བསྟན་རྩིས>>། འཇམ་མགོན་མི་ཕམ་རྣམ་རྒྱལ་གྱིས་བརྩམས་པ། ༨༥ <<བསྟན་རྩིས་གསལ་བའི་ཉིན་བྱེད>>། མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་བརྩམས་པ། ༨༦ <<བསྟན་པའི་བབ་ཚུལ་སོགས་དང་འབྲེལ་བའི་དུས་ཚིགས་ལ་ཅུང་ཟད་དཔྱད་པ་བསྟན་པའི་གནས་ཚད་བསྟན་ པ>>། བདུད་འཇོམས་ཡེ་ཤེས་རྡོ་རྗེས་བརྩམས་པ། ༨༧ <<གངས་ཅན་བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་སྔོན་བྱུང་ལོ་ཚིགས་ངེས་རྙེད་མཁས་པའི་ངག་རྒྱན>>། གདོང་ ཐོག་སྤྲུལ་སྐུ་བསྟན་པའི་རྒྱལ་མཚན་གྱིས་བརྩམས་པ། ༨༨ <<བོད་རྒྱ་ཚིག་མཛོད་ཀྱི་ལོ་ཚིགས་རེའུ་མིག>>། ཉན་ཤུལ་མཁྱེན་རབ་འོད་གསལ་སོགས་ཀྱིས་བརྩམས་པ།༨༩ <<ལོ་ཚིགས་དྭངས་གསལ་མེ་ལོང་>>། དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་བརྩམས་པ། ༩༠ <<བོད་ཀྱི་ལོ་རྒྱུས་དོན་ཆེན་རེའུ་མིག>>། ཕུན་ཚོགས་ཚེ་རིང་གིས་བརྩམས་པ། ༩༡ <<བོད་ཀྱི་རྒྱལ་རབས་ཀྱི་སྤྱི་དོན་པདྨར་གའི་ལྡེ་མིག་སྟོད་སྨད་གཉིས>>། ཐུབ་བསྟན་ཕུན་ཚོགས་ཀྱིས་བརྩམས་པ།༩༢ <<གཙང་མྱང་སྨད་བསམ་འགྲུབ་རྩེའི་སྡེ་སྲིད་གཙང་པ་རིམབྱུང་གི་མངའ་ཐང་འབྱོར་རྒུད་ཀྱི་ལོ་རྒྱུས>>། རྫོང་རྩེ་བྱམས་པ་ཐུབ་བསྟན་གྱིས་བརྩམས་པ།༩༣ <<དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ཀྱི་ཚིགས་སུ་བཅད་པའི་སྙན་ཚིག་གྱི་འགྲེལ་བ་གོ་མཛོད་འབྱེད་ པའི་ལྡེ་མིག>>། དོན་འགྲུབ་རྒྱལ་གྱིས་བརྩམས་པ། ༩༤ <<དེབ་ཐེབ་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ཀྱི་མཆན་འགྲེལ་བློ་གསལ་ཡིད་ཀྱི་ཟློས་གར>>། དོན་འགྲུབ་ རྒྱལ་གྱིས་བརྩམས་པ། ༩༥ <<བོད་ཞི་བས་བཅིངས་འགྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན་དོན་ཚན་བཅུ་བདུན་ལ་མིང་རྟགས་བཀོད་ པའི་སྔོན་རྗེས་སུ>>། ལྷའུ་རྟ་ར་ཐུབ་བསྟན་བསྟན་དར་གྱིས་བརྩམས་པ། ༩༦ <<བོད་ཞི་བས་བཅིངས་འགྲོལ་སྐོར་གྱི་ཉིན་ཐོ>>། ལུའོ་ཡུས་ཧུང་གིས་བརྩམས་པ། ༩༧ <<གདོང་ལེན་དཔུང་སྡེ་ལེ་དབར་སྟོང་ཕྲག་བསྐྱོད>>། ཆེ་ཅིན་ཨུ་ཡིས་བརྩམས་པ། ༩༨ <<ཆབ་མདོ་ཁུལ་བཅིངས་འགྲོལ་བཏང་བའི་དམག་འཐབ>>། ཁྲེང་ཙེ་ཀྲིས་བརྩམས་པ། ༩༩ <<པཎ་ཆེན་བོད་དུ་ཕྱིར་ཕེབས་ལ་བསུ་སྐྱེལ་ཞུས་པའི་དྲན་གསོ>>། ཡཱ་ཧན་ཀྲང་གིས་བརྩམས་པ། ༡༠༠ <<ཆབ་མདོ་ནས་ལྷ་ས་བར་དཔུང་བསྐྱོད་བྱས་པའི་གནས་ཚུལ>>། ཝང་ཤན་ལེའ་ཡིས་བརྩམས་པ། ༡༠༡ <<ཏུ་ལའི་བླ་མ་བཅུ་གསུམ་པ་གཤེགས་རྗེས་བོད་ཀྱི་ཆབ་སྲིད་དུས་བབ>>། སླེ་ཟུར་འཇིགས་མེད་དབང་ ཕྱུག་གིས་བརྩམས་པ། ༡༠༢ <<རང་ཉིད་གཤེགས་པའི་ལམ་བུར་ཕྱི་མིག་རགས་ཙམ་བལྟས་པ>>། ལྷ་ཀླུ་ཚེ་དབང་རྡོ་རྗེས་བརྩམས་པ།༡༠༣ <<རང་གཞུང་དང་། སྤོ་བོ་ཀ༔ གནམ་སྡེ་པ་གཉིས་ཀྱི་ནང་འཁྲུག་བྱུང་བའི་སྐོར>>། བྱམས་པ་ཡེ་ཤེས་ ཀྱིས་བརྩམས་པ། ༡༠༤ <<ངས་ལུང་ཤར་དོན་སྐྱོན་ནང་ཞུགས་པའི་གནས་ཚུལ>>། ལྷའུ་རྟ་ར་ཐུབ་བསྟན་བསྟན་དར་གྱིས་བརྩམས་པ།༡༠༥ <<བོད་དུ་ཡོད་པའི་གོ་མིན་ཏང་གི་གསང་ཉུལ་མི་སྣའི་གནས་ཚུལ>>། ཁྲང་ཤིན་འུ་ཡིས་བརྩམས་པ། ༡༠༦ <<སྤྱན་སྔ་གྲགས་པ་བྱང་ཆུབ་ཀྱི་རྟོགས་བརྗོད་བྱིན་རླབས་ཀྱི་ལྷུན་པོ་>> རྗེ་ཙོང་ཁ་པས་བརྩམས་པ། ༡༠༧ <<རང་རྣམ་དུ་ཀུ་ལའི་གོས་བཟང་>> ོང་ས་ལྔ་པ་ཆེན་པོས་བརྩམས་པ། ༡༠༨ <<རྒྱལ་དབང་ཚངས་དབྱངས་རྒྱ་མཚོའི་གསང་རྣམ། ལྷ་བཙུན་ངག་དབང་རྡོ་རྗེས་བརྩམས་པ། ༡༠༩ <<རྒྱལ་དབང་བསྐལ་བཟང་རྒྱ་མཚོའི་རྣམ་ཐར་དཔག་བསམ་རིན་པོ་ཆེའི་སྙེ་མ>>། ལྕང་སྐྱ་རོལ་པའི་རྡོ་ རྗེས་བརྩམས་པ། ༡༡༠ <<རྒྱལ་དབང་འཇམ་དཔལ་རྒྱ་མཚོའི་རྣམ་ཐར་འཛམ་གླིང་ཐ་གྲུ་ཡངས་པའི་རྒྱན>>། རྟ་ཚག་རྗེ་དྲུང་ བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོས་བརྩམས་པ། ༡༡༡ <<རང་རྣམ་དུ་ཀུ་ལའི་གོས་བཟང་གི་ཁ་སྐོང་>>། སྡེ་སྲིད་སངས་རྒྱས་རྒྱ་མཚོས་བརྩམས་པ། ༡༡༢ <<རྒྱལ་དབང་ཚངས་དབྱངས་རྒྱ་མཚོའི་རྣམ་ཐར་རབ་གསལ་གསེར་གྱི་སྙེ་མ་>> སྡེ་སྲིད་སངས་རྒྱས་རྒྱ་ མཚོས་བརྩམས་པ། ༡༡༣ <<རྒྱལ་དབང་ལུང་རྟོགས་རྒྱ་མཚོའི་རྣམ་ཐར>>། དེ་མོ་ཐུབ་བསྟན་འཇིགས་མེད་རྒྱ་མཚོས་བརྩམས་པ།༡༡༤ <<རྒྱལ་དབང་ཚུལ་ཁྲིམས་རྒྱ་མཚོའི་རྣམ་ཐར་ངོ་མཚར་ནོར་བུའི་ཕྲེང་བ>>། ངག་དབང་འཕྲིན་ལས་རྣམ་ རྒྱལ་གྱིས་བརྩམས་པ། ༡༡༥ <<རྒྱལ་དབང་མཁས་གྲུབ་རྒྱ་མཚོའི་རྣམ་ཐར་ངོ་མཚར་ལྷ་ཡི་རོལ་མོ>> སེར་སྨད་རྒྱལ་དབང་འཕྲིན་ལས་ རྣམ་རྒྱལ་གྱིས་བརྩམས་པ། ༡༡༦ <<རྒྱལ་དབང་འཕྲིན་ལས་རྒྱ་མཚོའི་རྣམ་ཐར་དྭངས་ཤེལ་མེ་ལོང་>>། ཡོངས་འཛིན་ཕུར་ལྕོག་བློ་བཟང་ ཚུལ་ཁྲིམས་བྱམས་པ་རྒྱ་མཚོས་བརྩམས་པ། ༡༡༧ <<མཆོད་སྡོང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག>>། སྡེ་སྲིད་སངས་རྒྱས་རྒྱ་མཚོས་བརྩམས་པ།༡༡༨ <<རྒྱལ་དབང་ཐུབ་བསྟན་རྒྱ་མཚོའི་རྣམ་ཐར་ངོ་མཚར་རིན་པོ་ཆེའི་ཕྲེང་བ>>། ཕུར་ལྕོག་ཡོངས་འཛིན་ བྱམས་པ་ཚུལ་ཁྲིམས་ཀྱིས་བརྩམས་པ། ༡༡༩ <<རྒྱལ་དབང་བསྟན་འཛིན་རྒྱ་མཚོ་ངོས་འཛིན་སྐོར་བདེན་གཏམ་རྣ་བའི་བཅུད་ལེན>>། ཀུན་རྩེ་བསོད་ ནམས་དབང་འདུས་ཀྱིས་བརྩམས་པ། ༡༢༠ <<ངོས་ཀྱི་ཡུལ་དང་ངོས་ཀྱི་མི་དམངས>>། རྒྱལ་དབང་བསྟན་འཛིན་རྒྱ་མཚོས་བརྩམས་པ། ༡༢༡ <<རྒྱལ་དབང་ཡོན་ཏན་རྒྱ་མཚོའི་རྣམ་ཐར་དངོས་གྲུབ་རྒྱ་མཚོའི་ཤིང་རྟ>>། ོང་ས་ལྔ་པས་བརྩམས་པ།༡༢༢ <<རྒྱལ་དབང་བསོད་ནམས་རྒྱ་མཚོའི་རྣམ་ཐར་དངོས་གྲུབ་རྒྱ་མཚོའི་ཤིང་རྟ>>། ོང་ས་ལྔ་པས་བརྩམས་པ།༡༢༣ <<རྒྱལ་དབང་དགེ་འདུན་རྒྱ་མཚོའི་རྣམ་ཐར་དཔག་བསམ་ལྗོན་ཤིང་།>>། དགེ་སློང་དཀོན་མཆོག་སྐྱབས་ གྱིས་བརྩམས་པ། ༡༢༤ <<རྒྱལ་དབང་དགེ་འདུན་རྒྱ་མཚོའི་རང་རྣམ>>། ༡༢༥ <<པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་རང་རྣམ>>།༡༢༦ <<པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་རང་རྣམ་ཁ་སྐོང༌>>། པཎ་ཆེན་བློ་བཟང་ཡེ་ཤེས་གྱིས་བརྩམས་པ། ༡༢༧ <<ཚེ་སྨོན་གླིང་ནོར་ནོ་མིན་ཧན་ངག་དབང་ཚུལ་ཁྲིམས་ཀྱི་རྣམ་ཐར་དད་པའི་སྒོ་འབྱེད>>། ༡༢༨ <<ཚེ་སྨོན་གླིང་སྐུ་ཕྲེང་རིན་བྱོན་གྱི་རྣམ་ཐར>>། ཅོ་ནེ་ངག་དབང་བཟོད་པ་རྒྱ་མཚོས་བརྩམས་པ། ༡༢༩ <<བསྲེགས་ཀྱང་མི་འཚིག་པའི་བོད>>། རྟ་ནག་ཀུན་བཟང་དཔལ་འབྱོར་གྱིས་བརྩམས་པ། ༡༣༠ <<མི་ཚེ་ལོ་རྒྱུས་དང་འབྲེལ་ཡོད་སྣ་ཚོགས>>། རྣམ་གླིང་དཔལ་འབྱོར་འཇིགས་མེད་ཀྱིས་བརྩམས་པ། ༡༣༡ <<སྐུ་ཚེ་ལོ་རྒྱུས་ཧྲག་བསྡུས>>། བོད་གཞུང་དཔེ་མཛོད་ཁང་གིས་བསྒྲིགས་པ། ༡༣༢ <<སྟག་ལྷ་ཕུན་ཚོགས་བཀྲིས་ཀྱི་མི་ཚེ་ལོ་རྒྱུས་པོད་གསུམ>>། སྟག་ལྷ་ཕུན་ཚོགས་བཀྲིས་ཀྱིས་བརྩམས་པ།༡༣༣ <<ཀུན་བདེ་གླིང་ཛ་སག་གི་མི་ཚེ་ལོ་རྒྱུས>>། ཀུན་གླིང་འོད་ཟེར་རྒྱ་མཚོས་བརྩམས་པ། ༡༣༤ <<བཀའ་བློན་དབང་འདུས་རྡོ་རྗེའི་མི་ཚེ་ལོ་རྒྱུས>>། དབང་འདུས་རྡོ་རྗེས་བརྩམས་པ། ༡༣༥ <<ཡབ་གཞིས་གཡུ་ཐོག་པའི་མི་ཚེ་ལོ་རྒྱུས>>། གཡུ་ཐོག་ལྕམ་གྱིས་བསྒྲིགས་པ། ༡༣༦ <<སྒེར་བཤད་སྒྲ་བའི་ཁྱིམ་ཚང་མི་རབས་ཀྱི་ལོ་རྒྱུས་རགས་ཙམ་བཀོད་པ>>། བཤད་སྒྲ་དགའ་ལྡན་དཔལ་ འབྱོར་གྱིས་བརྩམས་པ། ༡༣༧ <<བོད་དུ་དཔུང་བསྐྱོད་བྱེད་སྐབས་དགེ་རྟག་སྤྲུལ་སྐུའི་སྐོར་ཐོས་རྟོགས་བྱུང་བའི་གནས་ཚུལ་ཕྲན་བུ>>། དབང་ ཀུའི་ཡིས་བརྩམས་པ། ༡༣༨ <<ཅང་ཅེ་ཧྲིའི་ཁྲང་ཆིང་བཞུགས་སྒར་གྱིས་བོད་ཀྱི་གནད་དོན་སྐོར་ལ་ཞིབ་འཇུག་བྱས་པར་དྲན་གསོ་བྱས་ པ>>། ཧྲེན་སྲུང་ཡུས་གྱིས་བརྩམས་པ། ༡༣༩ <<ཆུ་སྤྲེལ་སི་བོད་དམག་འཁྲུག་གི་ལོ་རྒྱུས་དུམ་བུ>>། སྲེག་ཤིང་བློ་བཟང་དོན་འགྲུབ་གྱིས་བརྩམས་པ། ༡༤༠ <<ཡབ་གཞིས་སྟག་འཚེར་བའི་ལོ་རྒྱུས་དང་རང་ཉིད་ཀྱིས་ཡབ་གཞིས་དེའི་ཞབས་ཞུའི་རྒྱུད་རིམ་ཅུང་ཟད་ གླེང་བ>>། དཀོན་མཆོག་ལྷ་སྐྱབས་གྱིས་བརྩམས་པ། ༡༤༡ <<དེ་སྔོན་བོད་སྲིད་གཞུང་གིས་དར་རྒྱས་དགོན་པ་དང་བེ་རི་གཉིས་ཀྱི་རྩོད་གཞིར་ཐེར་ཇུས་སྐོར>>། ཁུང་ ཆིང་ཙུང་གིས་བརྩམས་པ། ༡༤༢ <<དེ་མོ་སྤྲུལ་སྐུ་སྐུ་གོང་མའི་སྐོར་དེ་སྔའི་སྤྱི་ཚོགས་ཐོག་གི་ཤོད་སྲོལ་གང་ཐོས་ཐོར་བུ>>། བློ་བཟང་རྒྱ་ མཚོས་བརྩམས་པ། ༡༤༣ <<པཎ་ཆེན་བཞུགས་སྒར་དང་ལིའུ་འུན་ཧུའི་བར་གྱི་དམག་འཁྲུག>>། བསྟན་འཛིན་རྒྱ་མཚོས་བརྩམས་པ།༡༤༤ <<གཞུང་བླའི་བར་ཐོག་མའི་འགལ་བ་ཡོང་རྐྱེན>>། ཕུན་རབ་རིན་ཆེན་རྣམ་རྒྱལ་གྱིས་བརྩམས་པ། ༡༤༥ <<རྭ་སྒྲེང་གི་སྐྱེ་སྤྲུལ་རིམ་བྱུང་སྐོར>>། རྭ་སྒྲེང་བསྟན་འཛིན་འཇིགས་མེད་ཀྱིས་བརྩམས་པ། ༡༤༦ <<བོད་དམག་གི་ལོ་རྒྱུས་མདོར་བསྡུས>>། ཁྲེང་སིང་གིས་བསྒྲིགས་པ། ༡༤༧ <<བོད་དམག་གི་གནས་ཚུལ་གང་དྲན་བཀོད་པ>>། སྲེག་ཤིང་བློ་བཟང་དོན་གྲུབ་ཀྱིས་བརྩམས་པ། ༡༤༨ <<རྭ་སྟག་དོན་སྐྱོན་ནང་ངས་བསྒྲུབས་པའི་བྱ་བ་འགའ་ཞིག>>། ཡེ་ཤེས་ཚུལ་ཁྲིམས་ཀྱིས་བརྩམས་པ། ༡༤༩ <<རྭ་སྟག་དོན་སྐྱོན་ནང་གི་བཞི་སྡེ་སྨྱུང་གནས་བླ་མ>>། འཇམ་དཔལ་རྒྱ་མཚོ་དང་ཐུབ་བསྟན་སྙན་གྲགས་ ཀྱིས་བརྩམས་པ། ༡༥༠ <<ཐའི་ཇི་ཁྱུང་རམ་དོན་འགྲུབ་རྒྱལ་པོ་ལས་ཞབས་གནས་དབྱུང་གིས་བཙོན་བཅུག་རྒྱང་འབུད་བཏང་སྐོར།>> ལྷའུ་རྟ་ར་ཐུབ་བསྟན་བསྟན་དར་གྱིས་བརྩམས་པ། ༡༥༡ <<ངའི་ཕ་ཁྱུང་རམ་དོན་འགྲུབ་རྒྱལ་པོར་ཁྲིམས་ཆད་ཕོགཔའི་ལོ་རྒྱུས>>། ཁྱུང་རམ་རིག་འཛིན་རྣམ་རྒྱལ་ གྱིས་བརྩམས་པ། ༡༥༢ <<རྭ་སྟག་དོན་སྐྱོན་སྐབས་བོད་དམག་ཐེངས་གཉིས་པ་ང་མཉམ་དུ་རྭ་སྒྲེང་དགོན་དུ་བསྐྱོད་པ>>། བློ་གྲོས་ ཆོས་འཛིན་གྱིས་བརྩམས་པ། ༡༥༣ <<དེ་མོ་སྤྲུལ་སྐུ་སྐུ་ཕྲེང་བརྒྱད་པར་སྲིད་གཞུང་གིས་ཉེས་མིང་བཀལ་བའི་སྐོར>>། ཧོར་ཁང་བསོད་ནམས་ དཔལ་འབར་གྱིས་བརྩམས་པ། ༡༥༤ <<དེ་མོ་སྤྲུལ་སྐུ་ཏུ་ལའི་བླ་མ་བཅུ་གསུམ་པར་ངན་གཏད་བཅུག་རྐྱེན་ཁྲིམས་ཆད་ཕོག་པའི་སྐོར>>། རམ་ པ་རྣམ་རྒྱལ་དབང་ཕྱུག་གིས་བརྩམས་པ། ༡༥༥ <<བསྟན་རྒྱས་གླིང་དེ་མོ་བླ་བྲང་དང་གྲྭ་ཚང་ལ་ཁྲིམས་ཆད་ཕོག་པའི་སྐོར>>། བཤད་སྒྲ་དགའ་ལྡན་དཔལ་ འབྱོར་གྱིས་བརྩམས་པ། ༡༥༦ <<སྨྱུང་གནས་བླ་མ་བརྒྱུད་པའི་རྣམ་ཐར>>། བྲག་དཀར་བློ་བཟང་དཔལ་ལྡན་གྱིས་བརྩམས་པ། ༡༥༧ <<མི་དབང་རྟོགས་བརྗོད>>། མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་གྱིས་བརྩམས་པ། ༡༥༨ <<ཁམས་ཀྱི་ལོ་རྒྱུས>>། མཁས་གྲུབ་ར་ག་ཨ་སེས་བརྩམས་པ། ༡༥༩ <<བཀའ་བློན་རྟོགས་བརྗོད>>། མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་གྱིས་བརྩམས་པ། ༡༦༠ <<དགའ་བཞི་བའི་བྱུང་བ་བརྗོད་པ>>། རྡོ་རིང་པཎྜིི་ཏས་བརྩམས་པ། ༡༦༡ <<དེབ་ཐེར་རྒྱ་མཚོ>>། བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱིས་བརྩམས་པ། ༡༦༢ <<བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ>>། རྒྱལ་མོ་འབྲུག་པས་བརྩམས་པ། ༡༦༣ <<འབྲས་རིང་ཆུ་བོ་དལ་འབབ>>། ཆབ་མདོ་བློ་བཟང་ཤེས་རབ་ཀྱིས་བརྩམས་པ། ༡༦༤ <<རིན་སྤུངས་ཀྱི་ལོ་རྒྱུས་རགས་བསྡུས>>། ཕུན་ཚོགས་རྣམ་རྒྱལ་གྱིས་བརྩམས་པ། ༡༦༥ <<ཏུན་ཧོང་གི་མཐོང་ཐོས་གླེང་བ>>། གངས་བུས་བརྩམས་པ། ༡༦༦ <<དེ་སྔོན་བོད་གཞུང་གི་སྒྲིག་གཞི>>། དགེ་རྒྱས་བསྟན་འཛིན་རྡོ་རྗེས་བརྩམས་པ། ༡༦༧ <<གནའ་རབས་བོད་དང་བྱང་ཕྱོགས་ཧུའུ་རིགས་རྒྱུད་ལ་གཏོགས་པའི་མི་རིགས་དག་གི་འབྲེལ་བ་ལ་རོབ་ ཙམ་དཔྱད་པ>>། བསོད་ནམས་དོན་འགྲུབ་ཀྱིས་བརྩམས་པ། ༡༦༨ <<ཏུན་ཧོང་གི་གཏེར་ཡིག་གསར་དུ་རྙེད་པ་དང་དེ་རྐུ་འཕྲོག་བྱས་ཚུལ་སྐོར>>། །སྨོན་ལམ་རྒྱ་མཚོས་བསྒྱུར་བ། ༡༦༩ <<ལྷ་སྲས་དར་མའི་ལོ་རྒྱུས་སྐོར>>། མཁར་རྨེའུ་བསམ་གཏན་རྒྱ་མཚོས་བརྩམས་པ། ༡༧༠ <<བོད་རྒྱལ་དགུ་པ་སྤུ་དེ་གུང་རྒྱལ་སྐོར་ཅུང་ཟད་དཔྱད་པ>>། དཔལ་བློས་བརྩམས་པ། ༡༧༡ <<བོད་ཀྱི་ལོ་རྒྱུས་ལ་གོད་ཆག་བྱུང་བའི་སྐོར>>། རྔ་པ་ཤེས་རབ་དགེ་ལེགས་ཀྱིས་བརྩམས་པ། ༡༧༢ <<ཐོན་མིས་བོད་ཡིག་གསར་དུ་བཟོས་མིན་གྱི་གཏམ>>། བློ་གྲོས་རབ་གསལ་གྱིས་བརྩམས་པ། ༡༧༣ <<གནའ་བོའི་ཞང་ཞུང་དང་འབྲེལ་བའི་ལོ་རྒྱུས་ཀྱི་གྲུབ་ཆ་འགའ་གླེང་བར>>། བློ་གྲོས་རབ་གསལ་གྱིས་ བརྩམས་པ།༡༧༤ <<བོད་ཀྱི་རྒྱལ་རབས་ལས་འཕྲོས་པའི་དཔྱད་གཏམ>>། དགེ་བཤེས་གཡུང་དྲུང་འཇིགས་མེད་ཀྱིས་བརྩམས་པ།༡༧༥ <<ཞང་ཞུང་གི་རྒྱལ་རབས་ལས་འཕྲོས་པའི་དཔྱད་གཏམ>>། དབྲ་ཁྱུང་སྐལ་བཟང་ནོར་བུས་བརྩམས་པ།༡༧༦ <<བོད་རྒྱལ་གཉའ་ཁྲི་བཙན་པོའི་འབྱུང་ཁུངས་གང་ཡིན་ཚུལ་སྐོར་ཅུང་ཟད་གླེང་བ>>། གཡུང་དྲུང་འགྱུར་ མེད་ཀྱིས་བརྩམས་པ། ༡༧༧ <<བོད་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་སྐོར>>། དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་བརྩམས་པ། ༡༧༨ <<ཏུང་ཧོང་ཡི་གེའི་དུམ་བུ་གཅིག>>། རྒྱཔྲ་རན་སི་ནས་རྙེད་པ། ༡༧༩ <<ཧོང་མུ་སང་ལྷ་སར་བསྐྱོད་པའི་ཉིན་ཐོ>>། ཧོང་མུ་སང་གིས་བརྩམས་པ། ༡༨༠ Hoffm'n Tibetü AH'nd Book <<Bloo Mington Indi'n'ü1977>>༡༨༡ Hoffm'n <<Tibetü AH'nd Book>> (Bloomington Indi'n'ü1977)༡༨༢ Dü Sinorü <<inner Asi'>> (Bloomingtonü indi'n'ü 1971) ༡༨༣ Jü Kolm's <<Tibet 'nd Imperi'l Chin'ü>> (conberr'ü 1967)༡༨༤ KüMü P'nnik'r- <<Asi' 'nd Western Domin'nee>> (Londonü 1959) ༡༨༥ Hü Eü Rich'rdsonü <<A Short History of Tibt>> (New yorkü 1962) ༡༨༦ <<སྤྱི་ལོ་༨༢༡-༨༢༣ ལོའི་བོད་རྒྱ་བར་གྱི་ཆིངས་ཡིག>>། ལྷ་སའི་རྡོ་རིང་ལས་བཤུས་པ། ༡༨༧ <<སྤྱི་ལོ་༡༦༨༤ ལོར་ཏིང་ལོ་སྒང་དུ་བོད་དང་ལ་དྭགས་དབར་བཞག་པའི་ཆིངས་ཡིག>> ༡༨༨ <<སྤྱི་ལོ་༡༨༤༢ ལོར་ལ་སིང་སྐུ་ཚབ་ནས་བོད་གཞུང་ལ་སྤྲོད་པའི་ཆོད་དོན>>། ༡༨༩ <<སྤྱི་ལོ་༡༨༤༢ ལོར་བོད་ཀྱི་སྐུ་ཚབ་ནས་ལ་སིང་གཞུང་ལ་སྤྲོད་པའི་ཆོད་དོན>>། ༡༩༠ <<སྤྱི་ལོ་༡༨༥༢ ལོར་བོད་དང་ཀ་ཤི་སྨིར་དབར་བཞག་པའི་གྲོས་མཐུན>>། ༡༩༡ <<སྤྱི་ལོ་༡༨༥༦ ཟླ་༣ པར་བལ་བོད་བར་དུ་བཞག་པའི་ཆིངས་ཡིག>>། བལ་ཡིག་ལས་བསྒྱུར་བ། ༡༩༢ <<སྤྱི་ལོ་༡༨༥༦ ལོར་བལ་བོད་དབར་བཞག་པའི་ཆིངས་ཡིག>>། བོད་ཡིག་གཞིར་བཟུང་བྱས་པ། ༡༩༣ <<སྤྱི་ལོ་༡༨༧༦ ལོར་དབྱིན་རྒྱ་དབར་བཞག་པའི་ཆིངས་ཡིག>>།༡༩༤ <<སྤྱི་ལོ་༡༨༨༦ ཟླ་༧ ཚེས་༢༤ ཉིན་འབར་མ་དང་བོད་སྐོར་བཞག་པའི་ཆིངས་ཡིག>>།༡༩༥ <<སྤྱི་ལོ་༡༨༩༠ ཟླ་༣ ཚེས་༡༧ ཉིན་ཀ་ལི་ཀ་ཏར་མིང་རྟགས་དཀོད་པའི་འབྲས་ལྗོངས་སྐོར་དབྱིན་ཇི་ དང་རྒྱ་ནག་དབར་བཞག་པའི་ཆིངས་ཡིག>> །ལོ་དེའི་ཟླ་༨ཚེས་༢༧ལོན་ཌོན་ལ་གཏན་འབེབས་བྱས་པ། ༡༩༦ <<བོད་དང་འབྲས་ལྗོངས་དབར་གྱི་ཚོང་འབྲེལ་དང༌། འགྲིམས་འགྲུལ། རྩྭ་ཁ་བཅས་ཀྱི་སྒྲིག་གཞི། ཕྱི་ ལོ་༡༨༩༠ ལོར་དབྱིན་རྒྱ་དབར་བཞག་པའི་ཆིངས་ཡིག་གི་ཟུར་རྒྱན>>། (༡༨༩༣ཟླ་༡༢ ཚེས་ ༥ ཉིན་རྡོར་གླིང་དུ་མིང་རྟགས་བཀོད)༡༩༧ <<སྤྱི་ལོ་ ༡༩༠༤ ཟླ་༩ ཚེས་༧ ཉིན་ལྷ་སར་མིང་རྟགས་བཀོད་པའི་དབྱིན་ཇི་དང༌། བོད་དབར་བཞག་ པའི་ཆིངས་ཡིག>> ༡༩༨ <<སྤྱི་ལོ་ ༡༩༠༤ ཟླ་༩ ཚེས་༧ ཉིན་གཏན་འབེབས་བྱས་པའི་ཆིངས་ཡིག་གི་ཁ་སྐོང>>དུ། ༡༩༠༤ཟླ་ ༡༡ ཚེས་༡༡ ཉིན་རྒྱ་གར་དབྱིན་ཇིའི་རྒྱལ་ཚབ་དང༌། སྤྱི་ཁྱབ་ཉིན་སྐྱོང་གཅིག་ལྕོགས་ནས་མིང་རྟགས་ བཀོད་པའི་གསལ་བསྒྲགས། ༡༩༩ <<སྤྱི་ལོ་༡༩༠༦ ལོར་བོད་སྐོར་དབྱིན་རྒྱ་དབར་བཞག་པའི་ཆིངས་ཡིག>>། (སྤྱི་ལོ་༡༩༠༦ ཟླ་ ༤ ཚེས་༢༧ ཉིན་པེ་ཅིང་དུ་མིང་རྟགས་བཀོད་པ་དང༌། ལོ་དེའི་ཕྱི་ཟླ་༧ཚེས་༢༣ ཉིན་ལོན་ཌོན་དུ་གཏན་འབེབས་ བྱས།)༢༠༠ <<བོད་ནང་ཕྱི་མིར་ལས་ཀ་སྤྲོད་མི་ཆོག་པའི་སྐོར་ལ་བརྩི་བཀུར་ཞུ་རྒྱུའི་དབྱིན་རྒྱ་དབར་གྱི་༡༩༠༦ ཟླ་༤ ཚེས་༢༧ འཁོད་པའི་གནས་འབྲེལ་ཁག>>།༢༠༡ <<སྤྱི་ལོ་༡༩༠༦ ལོར་དབྱིན་ཇི་དང༌། ཨུ་རུ་སུ་དབར་བཞག་པའི་ཆིངས་ཡིག>>། (གོང་ལོའི་ཟླ་༨ ཚེས་ ༡༨ ཉིན་རུ་སའི་རྒྱལ་ས་ སེནཌ། པི་ཊར་སི་བཱརྒ་ཏུ་ མིང་རྟགས་བཀོད།)༢༠༢ <<སྤྱི་ལོ་༡༨༩༣ ལོའི་བོད་ནང་ཚོང་དོན་སྒྲིག་གཞི་སྐྱར་བཅོས་>>། སླད་དབྱིན། རྒྱ། བོད་གསུམ་དབར་ བཞག་པའི་གྲོས་མཐུན། (འདི་བཞིན་༡༩༠༨ ཟླ་ ༤ ཚེས་༢༠ ཉིན་ཀ་ལ་ཀ་ཏར་མིང་རྟགས་བཀོད། གོང་ལོའི་ཟླ་༡༠ ཚེས་༢༤ ཉིན། པེ་ཅིང་དུ་གཏན་འབེབས་བྱས། ) ༢༠༣ <<སྤྱི་ལོ་༡༩༡༢ ཟླ་ ༨ ཚེས་༡༢ ཉིན་བོད་དང༌རྒྱ་ནག་དབར་བཞག་པའི་གྲོས་མཐུན>>། (བོད་ཡིག་གཞིར་བཟུང་)༢༠༤ <<སྤྱི་ལོ་༡༩༡༢ ཟླ་ ༡༢ ཚེས་༢༤ ཉིན་བོད་དང༌རྒྱ་ནག་དབར་བཞག་པའི་གྲོས་མཐུན>>། (བལ་པོའི་ཡིག་ཆ་གཞིར་བཟུང་)༢༠༥ <<ཆུ་གླང་ཟླ་༡ ཚེས་ ༨ ༡༩༡༣ནང་ བས་མགོན་ཏུ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་ བཀའ་རྩ་གསལ་བསྒྲགས>>། ༢༠༦ <<སྤྱི་ལོ་༡༩༡༢ ཟླ་ ༡༢ ཚེས་༢༩ ཉིན་བོད་སོག་དབར་ཨུར་གར་བཞག་པའི་ཆིངས་ཡིག>>། (བོད་ཡིག་གཞིར་བཟུང་)༢༠༧ <<སྤྱི་ལོ་༡༩༡༤ ཟླ་ ༧ ཚེས་ ༣ ཉིན་གྱི་དབྱིན་བོད་ཟུང་སྦྲེལ་གྱི་གསལ་བསྒྲགས>>། ༢༠༨ <<སྤྱི་ལོ་༡༩༡༤ ལོ་སིམ་ལར་བཞག་པའི་དབྱིན་བོད་གསལ་བསྒྲགས་ཀྱི་མཉམ་སྦྱར>>། ༢༠༩ <<སྤྱི་ལོ་༡༩༡༤ ཟླ་ ༧ ཚེས་ ༣ ཉིན་བཞག་པའི་དབྱིན་བོད་ཚོང་དོན་སྒྲིག་གཞི>>། ༢༡༠ <<སྤྱི་ལོ་༡༩༡༤ ལོར་བོད་དང༌རྒྱ་གར་དབར་གྱི་ས་མཚམས་སྐོར་ལ་དབང་ཚད་ཆ་ཚང་ཡོད་པའི་དབྱིན་ བོད་སྐུ་ཚབ་གཉིས་དབར་གྱི་གནས་འབྲེལ་ཁག>>།༢༡༡ <<སྤྱི་ལོ་༡༩༡༨ ཟླ་ ༨ ཚེས་ ༡༩ ཉིན་རྒྱ་བོད་ས་མཚམས་འཕྲལ་སེལ་དབྱེ་འབྱེད་དང༌། མཛའ་མཐུན་ འབྲེལ་ལམ་སྐྱར་གསོའི་ཆེད་རྒྱ་ནག་དང༌བོད་དབར་བཞག་པའི་གྲོས་མཐུན>>། ༢༡༢ <<སྤྱི་ལོ་༡༩༡༨ ཟླ་ ༡༠ ཚེས་ ༡༠ ཉིན་རྒྱ་ནག་དང༌བོད་དབར་དམག་འཁྲུགས་ཐག་གཅོད་ཀྱིས་ཕན་ ཚུན་གཉིས་མོས་ཀྱིས་དམག་དཔུང་ཕྱིར་འཐེན་བྱེད་རྒྱུའི་སྐོར་བཞག་པའི་ཁ་སྐོང་གྲོས་མཐུན>>། (རྒྱ་ནག་དང༌བོད་ཀྱི་ཡིག་ཆ་གཞིར་བཞག) ༢༡༣ <<སྤྱི་ལོ་༡༩༥༠ ཟླ་ ༡༡ ཚེས་ ༧ ཉིན་ཀ་སྦུག་ནས་རྒྱལ་ཚོགས་སུ་ཕུལ་བའི་སྙན་ཞུ>>། (མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཡིག་ཆ་ཨང་། ཀ།༡༥༤༩) ༢༡༤ <<སྤྱི་ལོ་༡༩༥༡ ཟླ་ ༥ ཚེས་ ༢༣ ཉིན་བོད་ཞི་བས་བཅིངས་འགྲོལ་གཏོང་ཕྱོགས་སྐོར་ལ་བོད་རྒྱའི་ དབར་བཞག་པའི་གྲོས་མཐུན་དོན་ཚན་༡༧>>།༢༡༥ <<མཉམ་སྦྲེལ་རྒྱལ་ཚོགས་ནས་བཞག་པའི་གྲོས་ཆོད་ཁག>>༢༡༦ <<འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་གྱི་མི་ཚེ་ལོ་རྒྱུས>> འཇུ་ཆེན་ཐུབ་བསྟན་གྱིས་བརྩམས་པ་བྲིས་མ།༢༡༧ <<བོད་ཀྱི་ལོ་རྒྱུས་ཀུན་གསལ་མེ་ལོང༌>>། ཕུན་ཚོགས་ཚེ་རིང་གིས་བརྩམས་པ། ༢༡༨ <<དེབ་དམར་རྒྱལ་རབས་འཕྲུལ་གྱི་ལྡེ་མིག>>། པཎ་ཆེན་བསོད་ནམས་གྲགས་པས་བརྩམས་པ། ༢༡༩ <<འཛམ་གླིང་ཆེན་པོའི་རྒྱས་བཤད་སྣོད་བཅུད་དྭངས་གསལ་མེ་ལོང་>>། སྨིན་སྤྲུལ་འཇམ་དཔལ་ཆོས་ ཀྱི་བསྟན་འཛིན་གྱིས་བརྩམས་པ། ༢༢༠ <<འཛམ་གླིང་སྤྱི་བཤད་ངོ་མཚར་གཏམ་སྙན>>། སུམ་པ་ཡེ་ཤེས་དཔལ་འབྱོར་གྱིས་བརྩམས་པ། ༢༢༡ <<ཁྲིམས་ཡིག་ཞལ་ལྕེ་བཅོ་ལྔ་>>། ཏུའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་བརྩམས་པ། ༢༢༢ <<ཁྲིམས་ཡིག་ཞལ་ལྕེ་བཅུ་གསུམ>>། ཀརྨ་བསྟན་སྐྱོང་དབང་པོས་བརྩམས་པ། ༢༢༣ <<ཁྲིམས་ཡིག་ཞལ་ལྕེ་བཅུ་དྲུག>>། ཀརྨ་བསྟན་སྐྱོང་དབང་པོས་བརྩམས་པ། ༢༢༤ <<ཁྲིམས་ཡིག་ཞལ་ལྕེ་བཅུ་གཉིས>>། རྒྱལ་དབང་ལྔ་པས་བརྩམས་པ། ༢༢༥ <<འཇིགས་བྱེད་ཆོས་འབྱུང༌>>། འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་ཀྱིས་བརྩམས་པ། ༢༢༦ <<རྒྱའི་ལོ་རྒྱུས་ལས་བྱུང་བའི་བོད་ཀྱི་རྒྱལ་རབས་སྐོར>>། དགེ་འདུན་ཆོས་འཕེལ་གྱིས་བརྩམས་པ།༢༢༧ <<དགེ་འདུན་ཆོས་འཕེལ་གྱིས་བསྡུ་རུག་གནང་བའི་ཏུན་ཧོང་ཡིག་ཆ་ཤོག་དྲིལ་ཁག་གསུམ>>།༢༢༨ <<བཀའ་ཆེམས་མཐོང་བ་དོན་ལྡན>>། ཏུའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་བརྩམས་པ། ༢༢༩ <<གངས་ཅན་མཁས་གྲུབ་རིམ་བྱོན་གྱི་མིང་མཛོད>>། ༢༣༠ <<དགའ་ཤར་ཆོས་འབྱུང་དཔྱད་གསུམ་རྣམ་དག་ནོར་བུའི་ཕྲ་ཚོམ>>། ཛེ་སྨད་སྤྲུལ་སྐུ་བསྟན་འཛིན་ཡར་ རྒྱས་ཀྱིས་བརྩམས་པ། ༢༣༡ <<གངས་ལྗོངས་ལོ་རྒྱུས་ཐོག་གི་གྲགས་ཅན་མི་སྣ>>། དོན་རྡོར་དང་བསྟན་འཛིན་ཆོས་གྲཊ་གཉིས་ཀྱིས་བསྒྲིཊ་པ།༢༣༢ <<བོད་ཀྱི་ལོ་རྒྱུས་ཕྱོགས་བསྡུས་བོད་དང་བོད་མི>>། ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གིས་བརྩམས་པ།༢༣༣ <<བདེན་རྫུན་རྣམ་པར་འབྱེད་པའི་དགག་གཞག་ངང་པའི་རྒྱལ་པོ>>། ཞེ་བོ་བློ་བཟང་དར་རྒྱས་དང་བྱམས་ པ་བསྟན་འཛིན་གྱིས་བརྩམས་པ།༢༣༤ <<བླང་དོར་གསལ་བར་སྟོན་པའི་དྲང་ཐིག་དྭངས་ཤེལ་མེ་ལོང>>། སྡེ་སྲིད་སངས་རྒྱས་རྒྱ་མཚོས་བརྩམས་པ།༢༣༥ <<བོད་ཀྱི་ཁྲིམས་ཡིག་ལ་དོགས་གནས་ཀྱི་དྲིས་ལན>>། སྡེ་སྲིད་སངས་རྒྱས་རྒྱ་མཚོས་བརྩམས་པ། ༢༣༦ <<བོད་དམག་སྐོར་གྱི་གནས་ཚུལ་ལ་ཅུང་ཟད་དཔྱད་པ>>། པ་སངས་ནོར་བུས་བརྩམས་པ། ༢༣༧ <<རྒས་པོའི་འབེལ་གཏམ>>། ཁེ་སྨད་བསོད་ནམས་དབང་འདུས་ཀྱིས་བརྩམས་པ། ༢༣༨ ཀྱཀྱོང་ས་བཅུ་བཞི་པའི་མཛད་རྣམ་གསེར་གྱི་ཡང་སྙིང༌>>། ནོར་གླིང་རིག་གཞུང་གཅེས་སྐྱོང་ཁང་གིས་ བསྒྲིགས་པ། ༢༣༩ <<བོད་ཀྱི་གནས་བབ>>། མ་ཡེ་ཁལ་སཱི་ཡིས་བརྩམས་པ། ༢༤༠ <<ཆིང་རྒྱལ་རབས་ཀྱི་བོད་ཀྱི་ལོ་རྒྱུས་དཔྱད་གཞིའི་དཔེ་ཚོགས>>། ཝུའུ་རྒྱཔྲ༨ང་ཕེས་བརྩམས་བསྒྲིགས་ བྱས་པ་(རྒྱ་ཡིག)།༢༤༡ <<བོད་ཀྱི་ཁྲིམས་ཡིག་ལ་དོགས་གནས་ཀྱི་དྲིས་ལན>>། སྡེ་སྲིད་སངས་རྒྱས་རྒྱ་མཚོས་བརྩམས་པ། ༢༤༢ <<སྡེ་བ་སྐྱིད་ཤོད་པའི་སྐོར་>>། མདོ་སྨད་ཡོན་ཏན་རྒྱ་མཚོས་བརྩམས་པ། ༢༤༣ <<བོད་བཞུགས་ཨམ་བན་ལ་རྟོགས་ཞིབ་བྱས་པ>>། ཏིང་ཧྲིན་ཚུ་གྱིས་བརྩམས་པ།(རྒྱ་ཡིག)། ༢༤༤ <<བོད་རྒྱལ་ཁབ་ཀྱི་དྲག་པོའི་དམག་གི་ལོ་རྒྱུས་མདོར་བསྡུས>>། རྒྱལ་རྩེ་རྣམ་རྒྱལ་དབང་འདུས་ཀྱིས་བརྩམས་པ། ༢༤༥ <<ཡོན་རྒྱལ་རབས་ཀྱི་ལོ་རྒྱུས>>། རྒྱ་ཡིག་ཐེ་ཝན་པར་མ།༢༤༦ <<ཡོན་རྒྱལ་རབས་ཀྱི་ལོ་རྒྱུས་གསར་མ>>། རྒྱ་ཡིག་ཐེ་ཝན་པར་མ། ༢༤༧ <<མིང་རྒྱལ་རབས་ཀྱི་ལོ་རྒྱུས>>། རྒྱ་ཡིག་ཐེ་ཝན་པར་མ། ༢༤༨ <<ཆིང་རྒྱལ་རབས་ཀྱི་ལོ་རྒྱུས>>། རྒྱ་ཡིག་རྒྱ་དམར་ནག་གཉིས་ཀའི་པར་མ། ༢༤༩ <<བོད་མི་རིགས་ཀྱི་ཆོས་སྲིད་ལོ་རྒྱུས>>། རྒྱཔྲ་ཙུན་གྱི་བརྩམས་པ།(རྒྱ་ཡིག)།༢༥༠ <<ཆིང་རྒྱལ་རབས་ཀྱི་དུས་མཇུག་གི་བོད་ལྗོངས་བཀོད་སྒྲིག་ཞུ་ཡིག་ཕྱོགས་བསྒྲིགས་དེབ་གསུམ>>། ཝུའུ་ རྒྱཔྲ༨ང་ཕེས་ཀྱིས་བརྩམས་སྒྲིག་བྱས་པ། རྒྱ་ཡིག་འདི་གལ་ཆེ་རེད་འདུག༢༥༡ <<གནའ་རབས་བོད་ཀྱི་སྲིད་དོན་ལོ་རྒྱུས་ལ་དཔྱད་པ་དྭངས་གསལ་མེ་ལོང༌>>། བཀའ་ཟུར་ཀིརྟི་བློ་བཟང་ བསྟན་འཛིན་གྱིས་བརྩམས་པ།