འཕགས་མ་སྒྲོལ་མ་ལ་བསྟོད་པ།

   ནང་དོན་འདིའི་རེ་བ།གཙང་མ་བཟོས་པ། .
ཁྱེད་ཀྱིས་ཐུབ་ན་ནང་དོན་འདིར་བཟོ་བཅོས་ལེགས་པར་གྱིས།

རྗེ་བཙུན་འཕགས་མ་སྒྲོལ་མ་ལ་བསྟོད་པ།

རྩོམ་སྒྲིག

རྗེ་བཙུན་འཕགས་མ་སྒྲོལ་མ་ལ་བསྟོད་པ་བཞུགས་སོ།།

༄༅། །པོ་ཊ་ལ་ཡི་གནས་མཆོག་ནས། །ཏཱཾ་ཡིག་ལྗང་གུ་ལས་འཁྲུངས་ཤིང་།

། ཏཱཾ་ཡིག་འོད་ཀྱིས་འགྲོ་བ་སྒྲོལ། སྒྲོལ་མ་འཁོར་བཅས་གཤེགས་སུ་གསོལ།

། ལྷ་དང་ལྷ་མིན་ཅོད་པན་གྱི།

།ཞབས་ཀྱི་པདྨོ་ལ་བཏུད་དེ།

 ། ཕོངས་པ་ཀུན་ལས་སྒྲོལ་མཛད་མ།

 སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །

ན་མོ་ཨཱརྱ་ཏཱ་ར་ཡེ         

འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེའི་གཏེར་ལ་པྱག་འཚལ་ལོ

ཨོཾ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ།

 །ཕྱག་འཚལ་སྒྲོལ་མ་མྱུར་མ་དཔའ་མོ།

 །སྤྱན་ནི་སྐད་ཅིག་གློག་དང་འདྲ་མ།

 །འཇིག་རྟེན་གསུམ་མགོན་ཆུ་སྐྱེས་ཞལ་གྱི།

 །གེ་སར་བྱེ་བ་ལས་ནི་བྱུང་མ།

 །ཕྱག་འཚལ་སྟོན་ཀའི་ཟླ་བ་ཀུན་ཏུ།

 །གང་བ་བརྒྱ་ནི་བརྩེགས་པའི་ཞལ་མ།

 །སྐར་མ་སྟོང་ཕྲག་ཚོགས་པ་རྣམས་ཀྱིས།

 །རབ་ཏུ་ཕྱེ་བའི་འོད་རབ་འབར་མ།

 །ཕྱག་འཚལ་སེར་སྔོ་ཆུ་ནས་སྐྱེས་ཀྱི།

 །པདྨའི་ཕྱག་ནི་རྣམ་པར་བརྒྱན་མ།

། སྦྱིན་པ་བརྩོན་འགྲུས་དཀའ་ཐུབ་ཞི་བ།

 །བཟོད་པ་བསམ་གཏན་སྤྱོད་ཡུལ་ཉིད་མ།

 ། ཕྱག་འཚལ་དེ་བཞིན་གཤེགས་པའི་གཙུག་ཏོར།

 །མཐའ་ཡས་རྣམ་པར་རྒྱལ་བར་སྤྱོད་མ།

 །མ་ལུས་ཕ་རོལ་ཕྱིན་པ་ཐོབ་པའི།

 །རྒྱལ་བའི་སྲས་ཀྱི་ཤིན་ཏུ་བསྟེན་མ།

 །ཕྱག་འཚལ་ཏུཏྟཱ་ར་ཧཱུཾ་ཡི་གེས།

།འདོད་དང་ཕྱོགས་དང་ནམ་མཁའ་གང་མ།

།འཇིག་རྟེན་བདུན་པོ་ཞབས་ཀྱིས་མནན་ཏེ།

 །ལུས་པ་མེད་པར་འགུགས་པར་ནུས་མ།

 །ཕྱག་འཚལ་བརྒྱ་བྱིན་མེ་ལྷ་ཚངས་པ།

 །རླུང་ལྷ་སྣ་ཚོགས་དབང་ཕྱུག་མཆོད་མ།

 །འབྱུང་པོ་རོ་ལངས་དྲི་ཟ་རྣམས་དང༌།

 །གནོད་སྦྱིན་ཚོགས་ཀྱིས་མདུན་ནས་བསྟོད་མ།

།ཕྱག་འཚལ་ཏྲད་ཅེས་བྱ་དང་ཕཊ་ཀྱིས།

།ཕ་རོལ་འཁྲུལ་འཁོར་རབ་ཏུ་འཇོམས་མ།

 །གཡས་བསྐུམས་གཡོན་བརྐྱང་ཞབས་ཀྱིས་མནན་ཏེ།

 །མེ་འབར་འཁྲུགས་པ་ཤིན་ཏུ་འབར་མ།

 །ཕྱག་འཚལ་ཏུ་རེ་འཇིགས་པ་ཆེན་པོ།

 །བདུད་ཀྱི་དཔའ་བོ་རྣམ་པར་འཇོམས་མ།

 །ཆུ་སྐྱེས་ཞལ་ནི་ཁྲོ་གཉེར་ལྡན་མཛད།

 །དགྲ་བོ་ཐམས་ཅད་མ་ལུས་གསོད་མ།

 ། ཕྱག་འཚལ་དཀོན་མཆོག་གསུམ་མཚོན་ཕྱག

་རྒྱའི། །སོར་མོས་ཐུགས་ཀར་རྣམ་པར་བརྒྱན་མ།

 །མ་ལུས་ཕྱོགས་ཀྱི་འཁོར་ལོས་བརྒྱན་པའི།

 །རང་གི་འོད་ཀྱི་ཚོགས་རྣམས་འཁྲུག་མ།

 །ཕྱག་འཚལ་རབ་ཏུ་དགའ་བ་བརྗིད་པའི།

 །དབུ་རྒྱན་འོད་ཀྱི་ཕྲེང་བ་སྤེལ་མ།

།བཞད་པ་རབ་བཞད་ཏུཏྟཱ་ར་ཡིས།

 །བདུད་དང་འཇིག་རྟེན་དབང་དུ་མཛད་མ།

 ། ཕྱག་འཚལ་ས་གཞི་སྐྱོང་བའི་ཚོགས་རྣམས།

།ཐམས་ཅད་འགུགས་པར་ནུས་མ་ཉིད་མ།

 །ཁྲོ་གཉེར་གཡོ་བའི་ཡི་གེ་ཧཱུཾ་གིས།

 །ཕོངས་པ་ཐམས་ཅད་རྣམ་པར་སྒྲོལ་མ།

 ། ཕྱག་འཚལ་ཟླ་བའི་དུམ་བུས་དབུ་བརྒྱན།

 །བརྒྱན་པ་ཐམས་ཅད་ཤིན་ཏུ་འབར་མ།

 །རལ་བའི་ཁྲོད་ན་འོད་དཔག་མེད་ལས།

 །རྟག་པར་ཤིན་ཏུ་འོད་རབ་མཛད་མ།

 །ཕྱག་འཚལ་བསྐལ་པའི་ཐ་མའི་མེ་ལྟར།

 །འབར་བའི་ཕྲེང་བའི་དབུས་ན་གནས་མ།

 །གཡས་བརྐྱངས་གཡོན་བསྐུམས་ཀུན་ནས་བསྐོར་དགའི།

 །དགྲ་ཡི་དཔུང་ནི་རྣམ་པར་འཇོམས་མ།

 །ཕྱག་འཚལ་ས་གཞིའི་ངོས་ལ་ཕྱག་གི

 །མཐིལ་གྱིས་བསྣུན་ཅིང་ཞབས་ཀྱིས་བརྡུང་མ།

།ཁྲོ་གཉེར་སྤྱན་མཛད་ཡི་གེ་ཧཱུཾ་གིས།

 །རིམ་པ་བདུན་པོ་རྣམས་ནི་འགེམས་མ།

 །ཕྱག་འཚལ་བདེ་མ་དགེ་མ་ཞི་མ།

 །མྱ་ངན་འདས་ཞི་སྤྱོད་ཡུལ་ཉིད་མ།

 །སྭཱ་ཧཱ་ཨོཾ་དང་ཡང་དག་ལྡན་པས།

 །སྡིག་པ་ཆེན་པོ་འཇོམས་པ་ཉིད་མ།

 །ཕྱག་འཚལ་ཀུན་ནས་བསྐོར་རབ་དགའ་བའི།

 །དགྲ་ཡི་ལུས་ནི་རབ་ཏུ་འགེམས་མ།

 །ཡི་གེ་བཅུ་པའི་ངག་ནི་བཀོད་པའི།

 །རིག་པ་ཧཱུཾ་ལས་ལས་སྒྲོལ་མ་ཉིད་མ།

 །ཕྱག་འཚལ་ཏུ་རེའི་ཞབས་ནི་བརྡབས་པས།

 །ཧཱུཾ་གི་རྣམ་པའི་ས་བོན་ཉིད་མ།

 །རི་རབ་མན་དྷ་ར་དང་འབིགས་བྱེད།

 ། འཇིག་རྟེན་གསུམ་རྣམས་གཡོ་བ་ཉིད་མ།

 །ཕྱག་འཚལ་ལྷ་ཡི་མཚོ་ཡི་རྣམ་པའི།

 །རི་དྭགས་རྟགས་ཅན་ཕྱག་ན་བསྣམས་མ།

 །ཏཱ་ར་གཉིས་བརྗོད་ཕཊ་ཀྱི་ཡི་གེས།

 །དུག་རྣམས་མ་ལུས་པ་ནི་སེལ་མ།

 །ཕྱག་འཚལ་ལྷ་ཡི་ཚོགས་རྣམས་རྒྱལ་པོ།

 །ལྷ་དང་མིའམ་ཅི་ཡིས་བསྟེན་མ།

 །ཀུན་ནས་གོ་ཆ་དགའ་བའི་བརྗིད་ཀྱིས།

།རྩོད་དང་རྨི་ལམ་ངན་པ་སེལ་མ།

།ཕྱག་འཚལ་ཉི་མ་ཟླ་བ་རྒྱས་པའི།

 །སྤྱན་གཉིས་པོ་ལ་འོད་རབ་གསལ་མ།

།ཧ་ར་གཉིས་བརྗོད་ཏུཏྟཱ་ར་ཡིས།

།ཤིན་ཏུ་དྲག་པོའི་རིམས་ནད་སེལ་མ།

 །ཕྱག་འཚལ་དེ་ཉིད་གསུམ་རྣམ་བཀོད་པས།

།ཞི་བའི་མཐུ་དང་ཡང་དག་ལྡན་མ།

།གདོན་དང་རོ་ལངས་གནོད་སྦྱིན་ཚོཊ་རྣམས།

 །འཇོམས་པ་ཏུ་རེ་རབ་མཆོག་ཉིད་མ།

 །རྩ་བའི་སྔགས་ཀྱི་བསྟོད་པ་འདི་དང་།

 །ཕྱག་འཚལ་བ་ནི་ཉི་ཤུ་རྩ་གཅིག།

།ལྷ་མོ་ལ་གུས་ཡང་དག་ལྡན་པའི།

 །བློ་ལྡན་གང་གིས་རབ་དད་བརྗོད་པས།

 །སྲོད་དང་ཐོ་རངས་ལང་བར་བྱས་ནས།

 །དྲན་པའི་མི་འཇིཊ་ཐམས་ཅད་རབ་སྟེར།

།སྡིག་པ་ཐམས་ཅད་རབ་ཏུ་ཞི་བས།

 །ངན་འགྲོ་ཐམས་ཅད་འཇོམས་པ་ཉིད་དོ།

།རྒྱལ་བ་བྱེ་བ་ཕྲག་བདུན་རྣམས་ཀྱིས།

།མྱུར་དུ་དབང་ནི་བསྐུར་བར་འགྱུར་ལ།

 །འདི་ལས་ཆེ་བ་ཉིད་ནི་ཐོབ་ཅིང་།

 །སངས་རྒྱས་གི་གོ་འཕང་མཐར་ཐུག་དེར་འགྲོ།

 །དེ་ཡིས་དུག་ནི་དྲག་པོ་ཆེན་པོ།

 །བརྟན་གནས་པ་འམ་གཞན་ཡང་འགྲོ་བ།

 །ཟོས་པ་དང་ནི་འཐུངས་པ་ཉིད་ཀྱང་།

 །དྲན་པས་རབ་ཏུ་སེལ་བ་ཉིད་འཐོབ།

 །གདོན་དང་རིམས་དང་དུག་གི་གཟིར་བའི།

 །སྡུག་བསྔལ་ཚོཊ་ནི་རྣམ་པར་སྤངས་ཏེ།

 །སེམས་ཅན་གཞན་པ་རྣམས་ལ་ཡང་ངོ།

 །གཉིས་གསུམ་བདུན་དུ་མངོན་པར་བརྗོད་ན།

 །བུ་འདོད་པས་ནི་བུ་ཐོབ་འགྱུར་ཞིང་།

།ནོར་འདོད་པས་ནི་ནོར་རྣམས་ཉིད་འཐོབ།

 །འདོད་པ་ཐམས་ཅད་ཐོབ་པར་འགྱུར་ཏེ།

 །བགེགས་རྣམས་མེད་ཅིང་སོ་སོར་འཇོམས་འགྱུར།།

རྗེ་བཙུན་འཕགས་མ་སྒྲོལ་མ་དང་།

 །ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི།

 ། རྒྱལ་བ་སྲས་བཅས་ཐམས་ཅད་ལ།

 །ཀུན་ནས་དང་བས་ཕྱག་བགྱིའོ།

 ། མེ་ཏོག་བདུག་སྤོས་མར་མེ་དྲི།

 །ཞལ་ཟས་རོལ་མོ་ལ་སོགས་པ།

། དངོས་འབྱོར་ཡིད་ཀྱིས་སྤྲུལ་ནས་འབུལ།

 འཕགས་མའི་ཚོགས་ཀྱིས་བཞེས་སུ་གསོལ།

 ། ཐོག་མ་མེད་ནས་ད་ལྟའི་བར།

།མི་དགེ་བཅུ་དང་མཚམས་མེད་ལྔ།

 ། སེམས་ནི་ཉོན་མོངས་དབང་གྱུར་བའི།

 །སྡིག་པ་ཐམས་ཅད་བཤགས་བར་བགྱི།

 ། ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས།

 སོ་སོ་སྐྱེ་བོ་ལ་སོགས་པ།

 ། དུས་གསུམ་དགེ་བ་ཅི་བསགས་པ།

 །བསོད་ནམས་ལ་ནི་བདག་ཡི་རངས།

 ། སེམས་ཅན་རྣམས་ཀྱི་བསམ་པ་དང་།

 །བློ་ཡི་བྱེ་བྲག་ཇི་ལྟ་བར།

 །ཆེ་ཆུང་ཐུན་མོང་ཐེག་པ་ཡི།

 །ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ།

 ། འཁོར་བ་ཇི་སྲིད་མ་སྟོང་བར།

 །མྱ་ངན་མི་འདའ་ཐུགས་རྗེ་ཡིས།

 ། སྡུག་བསྔལ་རྒྱ་མཚོ་བྱིང་བ་ཡི།

 །སེམས་ཅན་རྣམས་ལ་གཟིགས་སུ་གསོལ།

། བདག་གིས་བསོད་ནམས་ཅི་བསགས་པ།

 །ཐམས་ཅད་བྱང་ཆུབ་རྒྱུར་གྱུར་ནས།

 ། རིང་པོ་མི་ཐོགས་འགྲོ་བ་ཡི།

 །འདྲེན་པའི་དཔལ་དུ་བདག་གྱུར་ཅིག ༎

།རྗེ་བཙུན་བཅོམ་ལྡན་འདས་མ་ཐུགས་རྗེ་ཅན།

 ། བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི།

། སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་མྱུར་རྫོགས་ནས།

 ། རྫོགས་པའི་སངས་རྒྱས་ཐོབ་པར་མཛད་དུ་གསོལ།

 ། དེ་མ་ཐོབ་ཀྱི་ཚེ་རབས་ཀུན་ཏུ་ཡང་།

 ། ལྷ་དང་མི་ཡི་བདེ་བ་མཆོག་ཐོབ་ནས།

 ། ཐམས་ཅད་མཁྱེན་པ་སྒྲུབ་པར་བྱེད་པ་ལ།

 ། བར་ཆད་གདོན་བགེགས་རིམས་དང་ནད་ལ་སོགས།

 ། དུས་མིན་འཆི་བར་འགྱུར་བ་སྣ་ཚོགས་དང་།

 ། རྨི་ལམ་ངན་དང་མཚན་མ་ངན་པ་དང་།

། འཇིགས་པ་བརྒྱད་སོགས་ཉེ་བར་འཚེ་བ་རྣམས།

 ། མྱུར་དུ་ཞི་ཞིང་མེད་པར་མཛད་དུ་གསོལ།

 ། འཇིག་རྟེན་འཇིག་རྟེན་ལས་ནི་འདས་པ་ཡི།

 ། བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོཊ་པ་རྣམས།

 །འཕེལ་ཞིང་རྒྱས་པའི་དོན་རྣམས་མ་ལུས་པ།

།འབད་མེད་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ།

།སྒྲུབ་ལ་བརྩོན་ཞིང་དམ་ཆོས་འཕེལ་བ་དང་།

 །རྟག་ཏུ་ཁྱོད་སྒྲུབ་ཞལ་མཆོག་མཐོང་བ་དང་།

 །སྟོང་ཉིད་དོན་རྟོཊ་བྱང་སེམས་རིན་པོ་ཆེ།

།ཡར་ངོའི་ཟླ་ལྟར་འཕེལ་ཞིང་རྒྱས་པར་མཛོད།

 །བར་ལན་གསུམ། རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར།

 ། པདྨོ་དམ་པ་ཤིན་ཏུ་མཛེས་ལས་སྐྱེས།

།སྣང་བ་མཐའ་ཡས་རྒྱལ་བས་མངོན་སུམ་དུ།

 ། ལུང་བསྟན་པ་ཡང་བདག་གིས་དེར་ཐོབ་ཤོག

། བདག་གིས་ཚེ་རབས་སྔོན་ནས་བསྒྲུབས་པའི་ལྷ།

 ། དུས་གསུམ་སངས་རྒྱས་ཀུན་གྱི་འཕྲིན་ལས་མ།

 ། སྔོ་ལྗང་ཞལ་གཅིག་ཕྱག་གཉིས་མྱུར་ཞི་མ།

 ། ཡུམ་གྱུར་ཨཏྤལ་བསྣམས་པའི་བཀྲ་ཤིས་ཤོག།

 ། རྒྱལ་ཡུམ་སྒྲོལ་མ་ཁྱེད་སྐུ་ཅི་འདྲ་དང་།

། འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང་།

 ། ཁྱེད་ཀྱི་མཚན་མཆོག་བཟང་བོ་ཅི་འདྲ་བ།

། དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག།

 ཁྱེད་ལ་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས།

། བདག་སོགས་གང་དུ་གནས་པའི་ས་ཕྱོགས་དེར།

 ། ནད་དང་དབུལ་ཕོངས་འཐབ་རྩོད་ཞི་བ་དང་།

 ། ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ།


༄༅། །འཕགས་མ་སྒྲོལ་མ་ལ་བསྟོད་པ་ཕྱག་འཚལ་བ་ཉི་ཤུ་རྩ་གཅིག་པའི་རིམ་པ་ནི།།

རྩོམ་སྒྲིག

༄༅། རྒྱ་གར་སྐད་དུ། །ཨཱརྱ་ཏཱ་རེ་སྟོཏྟྲ། །བོད་སྐད་དུ། །འཕགས་མ་སྒྲོལ་མ་ལ་བསྟོད་པ། །

ཨོཾ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་སྒྲོལ་མ་མྱུར་མ་དཔའ་མོ། །སྤྱན་ནི་སྐད་གཅིག་གློག་དང་འདྲ་མ། །འཇིག་རྟེན་གསུམ་མགོན་ཆུ་སྐྱེས་ཟལ་གྱི། །གེ་སར་བྱེ་བ་ལས་ནི་བྱུང་མ། །ཕྱག་འཚལ་སྟོན་ཀའི་ཟླ་བ་ཀུན་ཏུ། །གང་བ་བརྒྱན་ནི་བརྩེགས་པའི་ཞལ་མ། །སྐར་མ་སྟོང་ཕྲག་ཚོགས་པ་རྣམས་ཀྱིས། །རབ་ཏུ་ཕྱེ་བའི་འོད་རབ་འབར་མ། །ཕྱག་འཚལ་སེར་སྔོ་ཆུ་ནས་སྐྱེས་ཀྱིས། །པདྨས་ཕྱག་ནི་རྣམས་པར་བརྒྱན་མ། །སྦྱིན་པ་བརྩོན་འགྲུས་དཀའ་ཐུབ་ཞི་བ། །བཟོད་པ་བསམ་བསྟན་སྤྱོད་ཡུལ་ཉིད་མ། །ཕྱག་འཚལ་དེ་བཞིན་གཤེགས་པའི་གཙུག་ཏོར། །མཐའ་ཡས་རྣམ་པར་རྒྱལ་བ་སྤྱོད་མ། །མ་ལུས་ཕ་རོལ་ཕྱིན་པ་ཐོབ་པའི། །རྒྱལ་བའི་སྲས་ཀྱིས་ཤིན་ཐུ་བསྟེན་མ། །ཕྱག་འཚལ་ཏུཏྟཱ་པ་ཧཱུཾ་ཡི་གེ། །འདོད་དང་ཕྱོགས་དང་ནམ་མཁའ་གང་མ། །འཇིག་རྟེན་བདུན་པོ་ཞབས་ཀྱིས་མནན་ཏེ། །ལུས་པ་མེད་པར་འགུགས་པར་ནུས་མ། །ཕྱག་འཚལ་བརྒྱ་བྱིན་མེ་ལྷ་ཚངས་པ། །རླུང་ལྷ་སྣ་ཚོགས་དབང་ཕྱུག་མཆོད་མ། །འབྱུང་པ་རོ་ལངས་དྲི་ཟ་རྣམས་དང་། །གནོད་སྦྱིན་ཚོགས་རྣམས་མདུན་ནས་བསྟོད་མ། །ཕྱག་འཚལ་ཏྲཊ་ཅེས་བྱ་དང་ཕཊ་ཀྱི། །ཕ་རོལ་འཁྲུལ་འཁོར་རབ་ཏུ་འཇོམས་མ། །གཡས་བསྐུམ་གཡོན་བརྐྱང་ཞབས་ཀྱིས་མནན་ཏེ། །མེ་འབར་འཁྲུགས་པ་ཤིན་ཏུ་འབར་མ། །ཕྱག་འཚལ་ཏུ་རེ་འཇིགས་པ་ཆེན་པོས། །བདུད་ཀྱི་དཔའོ་རྣམ་པར་འཇོམས་མ། །ཆུ་སྐྱེས་ཞལ་ནི་ཁྲོག་གཉེར་ལྡན་མཛད། །དགྲ་བོ་ཐམས་ཅད་མ་ལུས་གསོད་མ། །ཕྱག་འཚལ་དཀོན་མཆོག་གསུམ་མཚོན་ཕྱག་རྒྱའི། །སོར་མོས་ཐུགས་ཀར་རྣམ་པར་བརྒྱན་མ། །མ་ལུས་ཕྱོགས་ཀྱི་འཁོར་ལོ་བརྒྱན་པའི། །རང་གི་འོད་ཀྱི་ཚོགས་རྣམས་འཁྲུགས་མ། །ཕྱག་འཚལ་རབ་ཏུ་དགའ་བ་བརྗིད་པའི། །དབུ་རྒྱན་འོད་ཀྱི་ཕྲེང་བ་སྤེལ་མ། །བཟད་པ་རབ་བཞད་ཏུཏྟཱ་ར་ཡིས། །བདུད་དང་འཇིག་རྟེན་དབང་དུ་མཛད་མ། །ཕྱག་འཚལ་ས་གཞི་སྐྱོང་བའི་ཚོགས་རྣམས། །ཐམས་ཅད་འགུགས་པར་ནུས་པ་ཉིད་མ། །ཁྲོ་གཉེར་གཡོ་བའི་ཡི་གེ་ཧཱུྃ་གིས། །ཕོངས་པ་ཐམས་ཅད་རྣམ་པར་སྒྲོལ་མ། །ཕྱག་འཚལ་ཟླ་བའི་དུམ་བུའི་དབུ་རྒྱན། །བརྒྱན་པ་ཐམས་ཅད་ཤིན་ཏུ་འབར་མ། །རལ་པའི་ཁྲོད་ནས་འོད་དཔག་མེད་ལས། །རྟག་པར་ཤིན་ཏུ་འོད་རབ་མཛད་མ། །ཕྱག་འཚལ་བསྐལ་མ་ཐ་མ་མེ་ལྟར། །འབར་བའི་ཕྲེང་བའི་དབུས་ན་གནས་མ། །གཡས་བརྐྱང་གཡོན་བསྐུམ་ཀུན་བསྐོར་དགའི། །དགྲ་ཡི་དཔུང་ནི་རྣམ་པར་འཇོམས་མ། །ཕྱག་འཚལ་ས་གཞི་ངོས་ལ་ཕྱག་གི། །མཐིལ་གྱིས་བསྣུན་ཅིང་ཟབས་ཀྱིས་བརྡུང་མ། །ཁྲོ་གཉེར་ཅན་མཛད་ཡི་གེ་ཧཱུཾ་གིས། །རིམ་པ་བདུན་པོ་རྣམས་ནི་འགེམས་མ། །ཕྱག་འཚལ་བདེ་མ་དགེ་མ་ཞི་མ། །མྱ་ངན་འདས་ཞི་སྤྱོད་ཡུལ་ཉིད་མ། །སྭཱཧཱ་ཨོཾ་དང་ཡང་དག་ལྡན་པས། །སྡིག་པ་ཆེན་པོ་འཇོམས་པ་ཉིད་མ། །ཕྱག་འཚལ་ཀུན་ནས་བསྐོར་རབ་དགའ་བའི། །དགྲ་ཡི་ལུས་ནི་རབ་ཏུ་འགེམས་མ། །ཡི་གེ་བཅུ་པའི་ངག་ནི་བཀོད་པའི། །རིག་པ་ཧཱུཾ་ལས་སྒྲོལ་མ་ཉིད་མ། །ཕྱག་འཚལ་ཏུ་རེའི་ཞབས་ནི་བརྡབས་པས། །ཧཱུཾ་གི་རྣམ་པའི་ས་བོན་ཉིད་མ། །རི་རབ་མནྡྷར་དང་འབིགས་བྱེད། །འཇིག་རྟེན་གསུམ་རྣམས་གཡོ་བའི་ཉིད་མ། །ཕྱག་འཚལ་ལྷ་ཡི་འཚོ་ཡི་རྣམ་པའི། །རི་དྭགས་རྟགས་ཅན་ཕྱག་ན་བསྣམས་མ། །ཏཱ་ར་གཉིས་བརྗོད་ཕཊ་ཀྱི་ཡི་གེས། །དུག་རྣམས་མ་ལུས་པར་ནི་སེལ་མ། །ཕྱག་འཚལ་ལྷ་ཡི་ཚོགས་རྣམས་རྒྱལ་པོ། །ལྷ་དང་མིའམ་ཅི་ཡིས་བསྟེན་མ། །ཀུན་ནས་གོ་ཆ་དགའ་བ་བརྗིད་ཀྱིས། །རྩོད་དང་རྨི་ལམ་ངན་པ་སེལ་མ། །ཕྱག་འཚལ་ཉི་མ་ཟླ་བ་རྒྱས་པའི། །སྤྱན་གཉིས་པོ་ལ་འོད་རབ་གསལ་མ། །ཧ་ར་གཉིས་བརྗོད་ཏུཏྟཱ་ར་ཡིས། །ཤིན་ཏུ་དྲག་པོའི་རིམས་ནད་སེལ་མ། །ཕྱག་འཚལ་དེ་ཉིད་གསུམ་རྣམས་བཀོད་པས། །ཞི་བའི་མཐུ་དང་ཡང་དག་ལྡན་མ། །གདོན་དང་རོ་ལོངས་གནོད་སྦྱིན་ཚོགས་རྣམས། །འཇོམས་པ་ཏུ་རེ་རབ་མཆོག་ཉིད་མ། །རྩ་བའི་སྔགས་ཀྱི་བསྟོད་པ་འདི་དང་། །ཕྱག་འཚལ་བ་ནི་ཉི་ཤུ་རྩ་གཅིག། །

ལྷ་མོ་ལ་གུས་ཡང་དང་ལྡན་པའི། །བློ་ལྡན་གང་གིས་རབ་དང་བརྗོད་དེ། །སྲོད་དང་ཐོ་རངས་ལངས་པར་བྱས་ནས། དྲན་པས་མི་འཇིགས་ཐམས་ཅད་རབ་སྟེར། །སྡིག་པ་ཐམས་ཅད་རབ་ཏུ་ཞི་བྱེད། །ངན་འགྲོ་ཐམས་ཅད་འཇོམས་པ་ཉིད་དོ། །རྒྱལ་བ་བྱེ་བ་ཕྲག་བདུན་རྣམས་ཀྱིས། །མྱུར་དུ་དབང་ནི་བསྒུར་བར་འགྱུར་ལ། །འདི་ལས་ཆེ་བ་ཉིད་ནི་ཐོབ་ཅིང་། །སངས་རྒྱས་གོ་འཕང་མཐར་ཐུག་དེར་འགྲོ། །དེ་ཡི་དུས་ནི་དྲག་པོ་ཆེན་པོ། །བསྟེན་གནས་པའམ་གཞན་ཡང་འགྲོ་བ། །ཟོས་པ་དང་ནི་ཐུངས་པ་ཉིད་ཀྱང་། །དྲན་པས་རབ་ཏུ་སེལ་བ་ཉིད་ཐོབ། །གདོན་དང་རིམས་དང་དུག་གིས་གཟིར་པའི། །སྡུག་བསྔལ་ཚོགས་ནི་རྣམ་པར་སྤངས་ཏེ། །སེམས་ཅན་གཞན་ལ་རྣམས་ལ་ཡར་ངོ། གཉིས་གསུམ་བདུན་དུ་མངོན་པར་བརྗོད་ན། །བུ་འདོད་པས་ནི་བུ་ཐོབ་འགྱུར་ཞིང་། །ནོར་འདོད་པས་ནི་ནོར་རྣམས་ཉིད་ཐོབ། །འདོད་པ་ཐམས་ཅད་ཐོབ་པར་འགྱུར་ལ། བགེགས་རྣམས་མེད་ཅིང་སོ་སོར་འཇོམས་འགྱུར་ཅིག།།

ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། །