འཕྲེད་ཐིག
འཕྲེད་ཐིག་
གསལ་བཤད།
རྩོམ་སྒྲིགསའི་གོ་ལའི་དཔྱད་ཆས་སྟེངས་ཤར་ནས་ནུབ་ལ་རྒྱུད་ནས་ཆགས་པའི་སྒོར་ཐིག་ལ་འཕྲེད་ཐིག་ཟེར། འཕྲེད་ཐིག་ཚང་མ་གཞུང་ཐིག་དང་དྲང་འཕྱང་དུ་གནས་པ་དང་མཉམ་བཤིབ་ཏུ་ཆགས་ཏེ་ཕན་ཚུན་སྣོལ་ཐབས་བྲལ། འཕྲེད་ཐིག་གིས་ཤར་ནུབ་ཀྱི་ཁ་ཕྱོགས་སྟོན་ཐུབ། འཕྲེད་ཐིག་ནི་གཞུང་ཐིག་དང་མི་འདྲ་སྟེ་སྒོར་མོའི་ཆེ་ཆུང་ནི་གཅིག་མཚུངས་མིན། ཐིག་དམར་(equator)ནི་འཕྲེད་ཐིག་སྒོར་མོའི་ནང་ཆེ་ཤོས་ཤིག་ཡིན། ཐིག་དམར་ནས་གོ་ལའི་ལྷོ་བྱང་སྣེ་གཉིས་ཀྱི་ཕྱོགས་སུ་འཕྲེད་ཐིག་སྒོར་མོ་རིམ་པར་ཆུང་ངུར་འགྱུར། སྣེ་གཉིས་ལ་སླེབས་དུས་སྒོར་མོ་ནི་ཚེག་ལ་གུམ།
པར་རིས་བར་འཁྱམས།
རྩོམ་སྒྲིག-
གཞུང་ཐིག་དང་འཕྲེད་ཐིག