དགོན་པའི་བླ་སྤྲུལ་དང་གདན་རབས། སྤྱིར་དགོན་པའི་བླ་རབས་དང་མཁན་རབས་སོགས་ནི་བསྟར་ཆགས་སུ་ཡོད་མོད། དུས་ཟིང་སོགས་ཀྱི་སྐབས་སུ་དཔྱད་གཞི་ཡིག་ཆ་ཐམས་ཅད་འབྱུང་བའི་འཇིག་པར་བསྐུར། ཡུལ་འདིའི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་ནི་འབའ་ལཱ་ཁ་ཀླུ་དབང་གི་རྒྱལ་པོ་འདི་ཉིད་ཡིན། དད་ལྡན་བགྲེས་སོང་དག་གི་ངག་ཐོག་ཏུ་ལྷག་ཅིང་དགེ་བཤེས་བློ་བཟང་རྒྱལ་མཚན་རིན་པོ་ཆེས་ཕྱག་བྲིས་སུ་བཏབ་པའི་རྗེ་འདི་ཉིད་ཀྱི་སྐྱེ་ཕྲེང་རིམ་བྱོན་ནི། དང་པོ་འཕགས་པ་མ་འགག་པ། གཉིས་པ་སློབ་དཔོན་སངས་རྒྱས་གསང་བ། གསུམ་པ་གྲུབ་ཆེན་ཤན་ཏི་པ།བཞི་པ་ཨ་ཙ་རྱ་དཔལ་དབྱངས། ལྔ་པ་མགོ་ལོག་བསོད་ནམས་རྒྱལ་མཚན་ཡན་ཆོད་ནི་ཡུལ་འདིར་ནང་པའི་གྲུབ་མཐའ་མ་ཕྱེ་གོང་ཙམ་ཡིན་པར་བཤད། དྲུག་པ་སྲས་དར་མ་མདོ་སྡེ། བདུན་པ་གཏེར་ཕུ་གསང་སྔགས་སྡོང་པོ། བརྒྱད་པ་གྲོང་དགེ་ཧ་དགའ་རིན་ཆེན། དགུ་པ་བདེ་ཆེན་བཟང་པོ་རྡོ་རྗེ། བཅུ་པ་ཀརྨ་ངག་བདེ་སྤྲུལ་སྐུ། བཅུ་གཅིག་པ་སྟག་མགོ་བླ་མ་ཀརྨ་བསྟན་འཛིན་དབང་ཕྱུག བཅུ་གཉིས་པ་སྟག་མགོ་བླ་མ་ཆོས་གྲུབ་སྤེན་པ་བཅས་ནི་བཀའ་བརྒྱུད་ཀྱི་བླ་མ་ཡིན་པར་འདོད། བཅུ་གསུམ་པ་ཝང་ཆེན་ཞེས་པ་ངག་དབང་བློ་བཟང་དཔལ་ལྡན། བཅུ་བཞི་པ་མགོན་དཀར་བློ་བཟང་ཆོས་གྲུབ། བཅོ་ལྔ་པ་མགོན་དཀར་བློ་བཟང་རྣམ་རྒྱལ། བཅུ་དྲུག་པ་སྤྲུལ་སྐུ་འཇམ་དབྱངས་གྲགས་པ། བཅུ་བདུན་པ་སྐལ་བཟང་ཐུབ་བསྟན་དབང་ཕྱུག བཅོ་བརྒྱད་པ་ངག་དབང་དམ་ཆོས། བཅུ་དགུ་པ་ངག་དབང་བློ་བཟང་བསྟན་པའི་སྒྲོན་མེ་མཁྱེན་རབ་འཕྲིན་ལས་རྒྱ་མཚོ། དེང་གི་ཉི་ཤུ་པ་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་འདིའི་བར་སྐྱེ་ཕྲེང་ཉི་ཤུ་བྱུང་ཞིང་། དེ་དག་ཕལ་ཆེ་ནི་མངོན་ཤེས་དང་རྫུ་འཕྲུལ་ལ་ཐོགས་པ་མེད་ཅིང་། ལྷ་སྲིན་སྡེ་བརྒྱད་བྲན་དུ་བསྐུལ་ནུས་པའི་སྐྱེས་བུ་དམ་པ་ཤ་སྟག་ཡིན་པར་གྲགས། གཞན་ཡང་འཇོལ་བླ་མ། གཉའ་ངོས་བླ་མ། མགར་ཐར་བླ་མ། མདའ་ར་མཁན་ཟུར། བྱང་རྩེ་བླ་མ། མོ་གཏོར་བླ་མ། བར་སྒོ་བླ་མ། མདོ་ཤོད་བླ་མ་བཅས་བླ་སྤྲུལ་ཁག་ནི་སྐྱེ་འགྲོའི་དཔལ་དུ་རེས་སུ་བལྟམས་ནས་གང་ལ་གང་འདུལ་གྱིས་སེམས་ཅན་གྱི་དོན་མཛད། དགོན་འདི་ཟིང་འཁྲུག་གིས་མེས་འཇིག་ནས་སླར་ཉམས་གསོའི་རྗེས་སུ་མཁན་རབས་བཅུ་གསུམ་ཙམ་དམངས་གཙོ་བཅོས་བསྒྱུར་མ་བྱེད་བར་དུ་བྱུང་སྟེ། དང་པོ་དཔལ་ངག་དབང་དང་། གཉིས་པ་ཚུལ་ཁྲིམས་ཆོས་འཕེལ། གསུམ་པ་མདའ་ར་མཁན་ཟུར། བཞི་པ་དགེ་བཤེས་ཨ་བློན། ལྔ་པ་དགེ་བཤེས་ཨ་དགའ། དྲུག་པ་མོ་གཏོར་མཁན་ཟུར་ཚེ་བརྟན། བདུན་པ་མོ་གཏོར་མཁན་ཟུར། བརྒྱད་པ་དགེ་བཤེས་ཨ་སྐལ། དགུ་པ་དགེ་བཤེས་འཕྲིན་ལས་རྒྱལ་མཚན། བཅུ་པ་དགེ་བཤེས་བློ་བཟང་དོན་འགྲུབ། བཅུ་གཅིག་པ་དགེ་བཤེས་ཨ་བཟང་། བཅུ་གཉིས་པ་གཉའ་ངོས་སྤྲུལ་སྐུ། བཅུ་གསུམ་པ་འཇོལ་བླ་མ་ངག་དབང་བློ་བཟང་ཡེ་ཤེས་བར་བྱུང་ནས་དུས་འགྱུར་ལ་འཁེལ་ཏེ་རེ་ཞིག་འཕྲོ་ཆད། ཆོས་ཀྱི་སྒོ་འཕར་སླར་ཡང་ཕྱེ་དུས་འཇོལ་བླ་མ་དང་། དགེ་བཤེས་བློ་ཚེ་རིང་། དགེ་བཤེས་ལྷུན་གྲུབ། དགེ་བཤེས་རྒྱལ་མཚན་གྲགས་པ། དགེ་བཤེས་བློ་བཟང་རྒྱལ་མཚན། དགེ་བཤེས་འགྱུར་མེད་རྡོ་རྗེ། དགེ་བཤེས་ཨ་འབྲུག དགེ་བཤེས་དར་རྒྱས་བཅས་ད་བར་རིམ་པར་དགོན་པའི་ཁྲི་འཛིན་གྱི་མཁན་པོར་ཕེབས་ནས་བསྟན་པ་ལ་མཛད་རྗེས་བླ་ན་ཆེའོ། །

འབའ་ཆོས་སྡེ་དགོན་དགའ་ལྡན་ཕན་བདེ་གླིང་། རྩོམ་སྒྲིག

འབའ་ཆོས་སྡེ་དགོན་པ་ནི་ཁམས་འབའ་ཐང་ནང་གི་དགོན་སྡེ་ཆེ་ཤོས་དེ་ཡིན་པ་དང་། ༧གོང་ས་ལྔ་ཆེན་པོས་བཀའ་ལུགས་དགེ་བསྒྱུར་གྱིས་དགོན་པའི་མཚན་ལ་འབའ་ཆོས་སྡེ་དགའ་ལྡན་ཕན་བདེ་གླིང་ཞེས་བཏགས་འདུག དགོན་བདག་ནི་འབའ་ལྭ་ཁ་རིན་པོ་ཆེ་ཡིན་པ་དང་། ཕྱིའི་མི་རིགས་བཙན་འཛུལ་གྱིས་དགོན་པ་ཐེངས་གསུམ་གཏོར་བཅོམ་ཐེབས་འདུག དེང་ཆར་གྲྭ་༤༠༠ལྷག་དང་། མཚན་ཉིད་སློབ་གླིང་། རིག་གནས་སློབ་གླིང་།འདོན་ཆོག་སློབ་གླིང་བཅས་སྡེ་ཁག་གསུམ་དུ་སློབ་གཉེར་གནང་བཞིན་པ་རེད།

དགོན་པའི་བྱུང་བ། རྩོམ་སྒྲིག

བརྒྱ་ཤོག་བརྒྱད།གྲུ་བཙལ་བརྒྱ་ཤོག འབྲུ་སྣ་བརྒྱ་ཤོག གཞིས་འགོ་བརྒྱ་ཤོག སྤྱི་སྲུང་བརྒྱ་ཤོག ལྔ་བཅུ་བརྒྱ་ཤོག ལི་སྙུང་བརྒྱ་ཤོག གླིང་ཁ་བརྒྱ་ཤོག་བཅས་རེད། དེ་ནི་དོན་དུ་ཁམས་ཚན་དང་གཅིག་པ་རེད། བརྒྱ་དཔོན་བརྒྱད་ཀྱི་ཁ་འོག་གི་ལུང་སྡེ་དག་ཁམས་ཚན་དུ་དབྱེ་བ་ཞིག་རེད།གྲུ་བཙལ་བརྒྱ་ཤོག་ནི་དཔལ་འབྱོར་སྐྱོ་ཤོས་ཡིན་པར་མ་ཟད།གཞན་པ་ཚོས་ཞན་བརྒྱ་ཤོག་ཀྱང་ཟེར་སྲོལ་ཡོད། ཡིན་ན་ཡང་འདས་པའི་ལོ་རྒྱུས་ནང་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་བཙལ་བ་དགེ་སློང་བསྟན་འཛིན་གྲགས་པ་གཙོས་པའི་མང་པོ་ཞིག་བརྒྱ་ཤོག་འདི་ན་ཐོན་ཡོད

==དགོན་གཞན་བར་གྱི་འབྲེལ་བ།==གོ་བོ་དགོན་གསར་སྟེང་པ།འབའ་འཛིན་མཛད་དགོན། འབའ་ཚ་ཁ་ལྷོ་སྐར་མདའ་དགོན་སོགས་ཚང་མ་དགོན་པ་དེའི་བུ་དགོན་ཡིན།

མཛེས་རིས་བར་ཁྱམས། རྩོམ་སྒྲིག

རིག་འཛིན་བདུད་འདུལ་རྡོ་རྗེས་གཏེར་དུ་བླངས་བའི་ཀྲོམ་མཚོ་ཕུའི་་གནས་ཡིག།

༄༅༎དཔལ་གྱི་གནས་མཆོག་ཤིང་དགུ་གངས་རིའི་གནས་ཡིག་ཚོར་བ་རང་གྲོལ་བཞུགས་སོཿ ཀ་དག་རྣམ་གྲོལ་བདེ་ཆེན་དོན་གྱི་ལྷཿའཇིག་གཞོམ་མི་མངའ་སྣང་སྲིད་དབང་དུ་བསྡུདཿ རྫུན་འཕྲུལ་སྟོབས་མངའ་ལྷ་སྲིན་བྲན་དུ་བཀོལཿཨུ་རྒྱན་མཚོ་སྐྱེས་རང་བྱུང་རྡོ་རྗེ་ངཿབརྒྱ་དང་བཅུ་གཅིག་བོད་ཁམས་ཀུན་དུ་བཞུགསཿབོད་ཁམས་གངས་ཆེན་རི་བྲག་ཐམས་ཅད་དུཿབསྒྲུབ་པའི་གནས་བྱིན་དམ་ཆོས་གཏེར་དུ་སྦསཿཏི་སེ་ནས་བཟུང་རྒྱ་ནག་རྩོང་ཁ་ཡནཿཞབས་ཀྱི་མ་བཅག་རྟ་མིག་ཙམ་ཡང་མེདཿཁྱད་པར་གངས་ཆེན་ཉེར་ལྔ་བྲག་ཕུག་བརྒྱདཿཆུ་བཞི་ལྗོངས་བརྒྱད་ཡངས་དབེན་ཉི་ཤུ་ལྔཿའགྲོ་འདུལ་མཐོང་ཐོས་དྲན་རེག་རིག་འཛིན་སརཿལམ་སྦྱོར་ཕྲིན་ལས་གནས་གཏེར་དཔག་མེད་སྦསཿསངས་རྒྱས་བསྟན་དར་སེནས་ཅན་བདེ་བཀོད་ཕྱིརཿང་སྤྲུལ་ལས་ཅན་སྐྱེས་བུ་རིམ་བཞིན་བྱོནཿ ཟབ་མོ་གནས་གཏེར་སྒོ་འབྱེད་འགྲོ་དྲུག་གིཿཁ་ལོ་ཆོས་བསྒྱུར་བདེ་ཆེན་བདེ་བླག་གཏེརཿ ཁྱད་པར་གངས་ཆེན་ཉི་ཤུ་རྩ་ལྔ་ལསཿམདོ་ཁམས་ཤར་སྨད་འབོ་ལེ་གངས་ཞེས་དེརཿ པད་འབྱུང་ང་ཡི་སྒྲུབ་གནས་ཁྱད་འཕགས་ཅནཿཤིང་དགུ་གངས་ཀྱི་ར་བ་ཞེས་བྱ་ཡོདཿ གནས་དེར་པད་འབྱུ་ང་ཉིད་ལོ་ལྔ་བཞུགསཿ ཚེ་གཡང་ཕུར་གསུམ་སྒྲུབ་པའི་གནས་མཆོག་ཡིནཿཔད་མ་དབང་ཕུག་མཚོ་རྒྱལ་གསང་ཕུག་དངཿ རིག་འཛིན་མཁའ་འགྲོ་འདུས་པའི་ཚོགས་ཁང་སོགསཿ མཆོག་གི་དངོས་གྲུབ་ཐོབ་པའི་སྒྲུབ་ཕུག་གསུམཿཤིན་ཏུ་ཡ་མཚན་རྨད་བྱུང་སྒྲུབ་ཕུག་གཉིསཿ ཐུན་མོང་དངོས་གྲུབ་ཐོབ་པའི་སྒྲུབ་ཕུག་གསུམཿཔད་འབྱུང་རིག་འཛིན་མཁའ་འགྲོའི་ཚོགས་ཁང་དེརཿཚེས་བཅུ་དུས་སུ་བདུད་རྩིའི་ཆང་དྲིས་བརླནཿ ཨུ་རྒྱན་པདྨ་མཚོ་རྒྱལ་བཞུགས་ཁྲི་ཡོདཿ ཨོ་རྒྱན་པདྨའི་ཕྱག་ཞབས་སྐུ་རྗེས་ཡོདཿཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་ཕྱག་ཞབས་རྗེསཿ སྤྲུལ་པའི་རིག་འཛིན་ཉེར་ལྔའི་ཞབས་རྗེས་དངཿགཞན་ཡང་མ་ཚོགས་མཁའ་འགྲོ་རྒྱ་མཚོ་ཡིསཿརྫུན་འཕྲུལ་ཕྱག་ཞབས་རྗེས་རྣམས་གསལ་བ་ཡོདཿ ཕུག་པ་རིག་འཛིན་རྒྱལ་བའི་འཆི་མེད་ཀྱིཿ ཚེ་ཆུ་དང་ནི་མཁའ་འགྲོའི་ཚེ་ཟན་ཡོདཿབྱང་སེམས་དཀར་དམར་ལྷ་སྐུ་རང་བྱོན་ཡོདཿགཡུ་ཤུག་རྩ་བར་རིག་འཛིན་མཁའ་འགྲོའི་ཁྲུས་ཆབ་ཡོདཿསྨན་བླའི་སྐུ་འདུན་ནད་སེལ་སྨན་ཆུ་ཡོདཿརྩི་ཤིང་ནགས་ཚལ་གར་ཐབས་ཚུལ་དུ་ཡོདཿཆུ་བོ་ཐམས་ཅད་རུ་ལུ་ཀཱི་ལ་ཡའིཿ རང་བྱུང་དྲག་སྔགས་རྒྱུན་ཆད་མེད་པར་བསྒྲགསཿགཞན་ཡང་ཞལ་གཟིགས་ནམ་མཁའ་སྐར་ཚོགས་འདྲཿཕྱི་ཡི་སྒོ་སྲུང་གཡའ་རི་ལྷ་བཙན་ཡིནཿ ནང་གི་སྲུང་མ་སྐྱེས་བུ་གིང་བདུད་ཡིནཿ གསང་བའི་སྲུང་མ་གཟི་ལྡན་ཡབ་ཡུམ་ཡིནཿ མ་འོངས་ང་སྤྲུལ་སྐྱེས་བུ་ཡིསཿ གནས་དེར་སྒྲུབ་པའི་སྡེ་འཛུགས་ནཿམི་ལོ་གཉིས་བརྒྱའི་བར་དུ་བསྟན་པ་འཕེལཿསྲུང་མ་ལྷ་སྨན་འཆེད་ལྔ་ཁྱེད་ལ་བཅོལཿཐུབ་པར་སྲུངས་ཤིག་བཛྲ་ས་མ་ཡཱཿརྒྱ་རྒྱ་རྒྱཿཞེས་གསུངས་སོཿ ༈ ཨེ་མ་ཧོཿ འཇམ་དབྱངས་སྤྲུལ་པ་མི་དབང་ལྡེའུ་བཙན་གྱིསཿ འཕགས་ཡུལ་པན་གྲུབ་གྲངས་མེད་སྤྱན་དྲངས་ནསཿ ཐུན་མོང་མདོ་རྒྱུད་དཔག་མེད་གཏན་ལ་ཕབ་ཀྱངཿ པན་གྲུབ་རྣམས་ཀྱི་མཁྱེན་བརྩེ་ནུས་གསུམ་ལཿའཇམ་དབྱངས་ཆོས་རྒྱལ་ཆེན་པོ་ཐུགས་མ་ཚིམཿ དུས་གསུམ་རྒྱལ་བ་ཀུན་གྱི་རབ་བསྔགས་པའིཿ་ཉི་ཟླ་ནོར་བུ་ལྟ་བུར་ཡོངས་གྲགསཔ། ཟླ་བྲལ་མཚོ་སྐྱེས་རང་བྱུང་རྡོ་རྗེ་ཉིདཿ བྱང་ཕྱོགས་ཁ་བའི་ལྗོངས་འདིར་སྤྱན་དྲངས་ནསཿདྲང་དོན་གསུམ་གྱི་ཆོས་ཆར་རྒྱ་ཆེན་ཕབཿ སེམས་ཀློང་སྡེ་གསུམ་ཡངས་བའི་ནམ་མཁའ་ལཿམ་ཧཱ་ཨ་ཏི་ཁྲི་གདུགས་ཡོངས་ལ་གསལཿའོད་གསལ་རྡོ་རྗེ་སྙིང་པོ་མཐའ་དབུས་ཕྱོགས་ལྷུང་བྲལཿ འགྲོ་དྲུག་སེམས་ཅན་མ་རིག་མུན་པ་སངསཿཀུན་མཁྱེན་རྒྱལ་བའི་བསྟན་པ་རྒྱས་པར་མཛདཿ ས་གཞི་བྱིན་བརླབས་དཔལ་གྱི་བསམ་ཡས་བཞེངསཿ ལྷ་སྲིན་དྲེགས་ཚོགས་དབང་སྡུས་སྲོག་སྙིང་ཕུལཿ ཆོས་རྒྱལ་ཆེན་པོའི་དགོངས་བསམ་རྣམ་དག་བསྒྲུབསཿ བོད་ཁམས་ཆེན་རི་བྲག་མཚོ་གླིང་དུཿ སྒྲུབ་པའི་གནས་བྱིན་འགྲོ་དྲུག་སྒྲིབ་སྦྱོངས་ཕྱིནཿ གནས་ཆེན་བརྒྱ་རྩ་གནས་ཕྲན་བརྗོད་ལས་འདསཿ ཡ་མཚན་གནས་ལྔ་ཡོངས་སུ་གྲགས་པའི་གནསཿ མཆོག་གི་གངས་ཆེན་ཉི་ཤུ་རྩ་ལྔ་ལསཿ ཁྱད་འཕགས་ཤིང་དགུ་གངས་ཀྱི་ར་བ་འདིརཿ ལོ་ལྔ་བཞུགས་ནས་ཡང་ཕུར་སྒྲུབ་པ་མཛདཿ འདྲེ་སྲིན་གདུག་ཅན་ཐམས་ཅད་དམ་ལ་བཏགཿསྐུ་གསུམ་ཕྲིན་ལས་འགྲོ་འདུལ་གནས་མཆོག་ཡིནཿ ཨུ་རྒྱན་སྒྲུབ་ཕུག་འཇའ་ལུས་ཟང་ཐལ་ཕུགཿ མཚོ་རྒྱ་སྒྲུབ་ཕུག་འོད་གསལ་གངས་ཕུག་དངཿ རིག་འཛིན་ཚོགས་ཁང་བདེ་ཆེན་གསང་ཕུག་རྣམསཿ མཐོང་ཐོས་འདྲན་རེག་མཆོག་གི་དངོས་གྲུབ་ཐོབཿདེ་ནས་རིག་འཛིན་མ་ཧཱ་གུ་རུའི་བཞུགས་ཁྲི་དངཿ ཨུ་རྒྱན་པདྨ་ཡེ་ཤེས་མཚོ་རྒྱལ་གྱིཿཕྱག་ཞབས་རྗེས་རྣམས་གསར་བར་ཡོདཿདེ་དང་མི་རིང་བྲག་ངོས་ནཿཔད་འབྱུང་སྐུ་རྗེས་མཐོང་བ་རང་གྲོལ་བཞུགསཿམཚོ་རྒྱ་སྒྲུབ་ཕུག་འོད་གསལ་གསང་ཕུག་ངོསཿཔད་འབྱུང་མཚོ་རྒྱལ་ཞབས་རྗེས་གསལ་བར་ཡོདཿདེ་ན་རྡོ་རྗེ་ཕུར་པའི་ལྷ་ཚོགས་གསར་བར་བཞུགསཿགཞན་ཡང་ལྷ་ཚོགས་དཔག་མེད་ཡོདཿའོད་གསལ་ཐིག་ལེ་གཞི་ཕེས་སོགསཿདམ་པ་ཆོས་ཀྱི་གཏེར་ཁ་གསུམ་ཙམ་ཡོདཿསྐུ་ཡི་ཕྱག་མཚན་རྣམ་པ་དཔག་མེད་ཡོདཿཕ་ཝང་རྔ་འདྲ་གཡབ་འདྲའི་སྟེང་ངོས་ནཿསྤྲུལ་པའི་རིག་འཛིན་ཉེར་ལྔའི་ཞབས་རྗེས་ཡོདཿལྷ་ཤུག་ལྗོན་པའི་རྩ་བ་ནཿསྡིག་སྒྲིབ་དག་པའི་ཁྲུས་ཆུ་ཡོདཿཁ་རུ་བཏུང་བས་གྲངས་མེད་སྡིག་སྒྲིག་དགཿདེ་གོང་མཁའ་འགྲོ་རྡོ་ཡི་མཆོད་རྟེན་ཡོདཿསངས་རྒྱས་སྨན་བླའི་ཁྲི་འོག་ནཿནད་ཀུན་སེལ་བའི་སྨན་ཆུ་ཡོདཿ ལྷ་མཆོག་རྡོ་རྗེ་གཞོན་ནུ་ཡིཿགཞལ་ཡས་ཕོ་བྲོང་གཡུ་མཚོ་ཡོདཿདེ་རུ་ཚོགས་འཁོར་བསྐོར་དང་རཏྣའི་མཎྜལ་ཕུལ་དངཿབར་ཆད་སེལ་ཞིང་རང་གི་སྐལ་བ་བཟང་ངན་གསལ་བར་འོངཿབདུད་མགོན་སེང་གདོང་ཡབ་ཡུམ་གྱིཿཕོ་བྲོང་དམར་ནག་ཁྲག་མཚོ་ཡོདཿདེ་རུ་གོ་མཚོན་གྱི་མཆོད་པ་འཕུལ་ཞིངཿ ཚོགས་འཁོར་རྒྱ་ཆེན་སྐོར་དང་ཿམི་ནད་ཕྱུག་ནད་ཞི་ཞིང་དུས་ཀྱི་འཁྲུགས་པ་ཞི་བའི་རྟེན་འབྲེལ་ཡོདཿཞལ་གཟིགས་ལྷ་ཚོགས་ནམ་མཁའི་སྐར་ཚོགས་འདྲཿརིག་འཛིན་མཁའ་འགྲོའི་ཞབས་རྗེས་གྲངས་མེད་ཡོདཿརིན་ཆེན་དིལ་འབུལ་བརྒྱ་དང་རྩ་བརྒྱད་ཡོདཿཆུ་མིག་བརྒྱ་དང་རྩ་བརྒྱད་ཡོདཿདམ་པ་ཆོས་ཀྱི་གཏེར་ཁ་བཅུ་གསུམ་ཡོདཿཨོ་རྒྱན་པདྨ་རིག་འཛིན་མཁའ་འགྲོ་ཡིཿམངོན་སུམ་ཞལ་གཟིགས་ལུང་བསྟན་ངེས་པར་འོངསཿ བཛྲ་གུ་རུའི་ཡིག་བཅུ་དངཿཌཱ་དྲིལ་ལ་སོགས་རོལ་མོའི་སྒྲཿདུས་ཀུན་མངོན་སུམ་སྒྲོགས་པ་ཡོདཿ ཉིན་མོ་འཇའ་ཟེར་པ་ཏྲ་འཁྲིགསཿམཚན་མོ་ཡེ་ཤེས་མེ་དཔུང་འབརཿརི་མགོ་ཐམས་ཅད་སེང་ཆེན་འགྱིང་བ་འདྲཿརི་སྐད་ཐམས་ཅད་སྟག་མོ་མཆོང་བ་འདྲཿདེ་འོག་རི་རྣམས་ཁྲོ་མོ་རལ་བསིགས་འདྲཿཨེ་མ་གནས་མཆོག་འདི་ཡི་ཆེ་བའི་ཡོན་ཏན་ནིཿམགོན་པོ་འཇམ་དབྱངས་ཉིད་ཀྱི་བརྗོད་མི་ལངཿམཚོ་རྒྱལ་བཀའ་བཞིན་འཁྲུལ་མེད་ཟུར་ཙམ་བརྗོདཿགནས་མཆོག་འདི་རུ་ཚོགས་འཁོར་སུས་བསྐོར་བ་ཿ ཚེ་གཅིག་ཉིད་ལ་རིག་འཛིན་ས་ལ་འགོདཿཐ་མ་རྣམས་ཀྱང་ཡིག་དྲུག་དུང་ཕྱུར་ཚད་དུ་འགྲོཿགནས་མཆོག་འདི་རུ་དར་ཅོག་སུས་འཛུགས་པཿཚེ་གཅིག་ཉིད་ལ་པོ་ཏ་ལ་རུ་གཤེགསཿ གནས་མཆོག་འདི་རུ་ཚོགས་མཆོད་མར་མེ་སུས་ཕུལ་བཿཚེ་གཅིག་ཉིད་པདྨ་འོད་དུ་སྐྱེཿགནས་མཆོག་འདི་རུ་ཚེ་ཐར་སུས་བཏང་བཿ ཚེ་འདི་འཆི་མེད་རིག་འཛིན་རྙེདཿགནས་མཆོག་འདི་རུ་སྒྲུབ་ཁང་སུས་བྱས་པཿཨོ་རྒྱན་པདྨ་མའི་ཐུགས་ཀློང་དབྱེར་མེད་སངས་རྒྱས་འགྲུབཿགནས་མཆོ་འདི་ལ་ཞལ་མཇལ་ཙམ་གྱིས་ནིཿཚེ་འདི་ཕྱག་རྒྱ་ཆེན་པོའི་རིག་འཛིན་ཐོབ་པར་འགྱུརཿགནས་མཆོག་འདི་ལ་ཕྱག་སྐོར་སུས་རེག་པཿསྐུ་གསུམ་འབྲས་བུ་མྱུར་ཐོབ་པར་ངེསཿགནས་མཆོག་འདི་ཡི་མཚན་ཐོས་ཀུནཿངན་སོང་སྐྱེ་སྒོ་ཆོད་པར་ཐེ་ཚོམ་མེདཿརི་བྲག་ཐམས་ཅད་ལྷ་སྐུ་འབུར་དུ་དོདཿནགས་ཚལ་ཐམས་ཅད་གར་ཐབས་ཚུལ་དུ་ཡོདཿཆུ་རྣམས་ཐམས་ཅད་རུ་ལུ་ཀཱི་ལི་ཡའིཿགསང་སྔགས་ཛ྄བ་སྒྲ་རྒྱུན་ལྡན་ཡོདཿཐ་ན་དྲིལ་འབྲུ་ཐམས་ཅད་ཀྱངཿསྐུ་གཟུགས་ཡིག་འབྲུ་ཚུལ་དུ་ཡོདཿགནས་འདིའི་ས་རྡོ་ཆུ་ཐིག་རྣམསཿཁ་རུ་རེག་ཚད་བྱང་ཆུབ་ལམ་ལ་འགོདཿགནས་དེར་ཁྱི་ཕག་འཆི་ཡང་རིང་སྲེལ་འབྱུང་བ་ངེསཿདགོན་གནས་གཞན་ལ་ཟླ་གཅིག་བསྒྲུབས་བསཿགནས་མཆོག་འདི་ལ་ཞག་གཅིག་བསྒྲུབས་པས་བསོད་ནམས་ཆེཿདོན་ལ་ཟང་མདོག་དཔལ་གྱི་རི་དང་དབྱེར་མེད་ཡིནཿགནས་མཆོག་འདི་ལ་མི་དད་སྒྲོ་བསྐུར་བཏབ་མཁན་ལཿཚེ་འདི་མི་དགེ་མི་རུང་སྣ་ཚོགས་འོངཿགནས་མཆོག་འདི་ལ་དད་གུས་མཐུན་རྐྱེན་སྒྲུབ་མཁན་ལཿ ཚེ་འདི་རང་གི་ཅི་བསམ་འགྲུབ་པ་དངཿཕྱི་མ་ཨོ་རྒྱན་པདྨ་ཐུགས་ཀློང་བདེ་བླག་འགྱུརཿསྐལ་ཡོད་སྐལ་བ་ལེན་པའི་གནས་མཆོག་ཡིཿསྐལ་མེད་ཚེ་སྲོག་བསྟུང་བའི་གནས་མཆོག་ཡིནཿ དད་གུས་ཅན་རྣམས་དངོས་གྲུབ་ལེན་པའི་གནས་མཆོག་ཡིནཿཔ་རི་པདྨ་འོད་དང་དབྱེར་མེད་ཡིནཿསྒྲུབ་སྡེ་གནས་བསྐོར་དེར་གནས་རི་དྭགས་དངཿངན་སེམས་རྐུན་འཕྲོག་མཚོན་དུག་དངཿདགྲ་ཇག་ཁ་ངན་ཚད་བཙུག་དོ་བསྡོ་བའིཿབསྟན་དགྲ་བསམ་སྦྱོར་ངན་པ་ཤོམ་མཁན་ཀུནཿཕོ་རྒྱུད་མོ་རྒྱུད་མཐའ་རྩ་སྐྱེ་རྒྱུད་ཀུནཿབདུད་མགོན་སེང་གདོང་ཡབ་ཡུམ་ལ་སོགས་པཿབསྟན་སྲུང་དམ་ཅན་རྒྱ་མཚོ་འཁོར་བཅས་ཀྱིསཿཤ་ཟོ་ཁྲག་འཐུང་རུས་པ་ཁྱུར་མིད་གྱིསཿའཆི་ནས་རྡོ་རྗེའི་དམྱལ་བ་སྐྱོལ་ཅིག་བཛྲ་ས་མཡཿ ཞེས་ཁྲག་འཐུང་བདུད་འདུལ་རྡོ་རྗེ་ཡིསཿཤེལ་རི་དག་རྫོང་མཉན་པོའི་མགུལཿགསང་སྔགས་རྟག་བརྟན་གླིང་དུ་བཀོད་པ་ཡིསཿལུང་འཛིན་པདྨ་ནོར་བུ་ལཿབཀའ་བབ་ལུང་བསྟན་སྒོ་འབྱེད་སྨོན་ལམ་བཏབཿསྒོ་འབྱེད་རྟག་བརྟན་སྒྲུབ་སྡེ་འཛུགས་པ་ཡིཿབོད་ཁམས་ཡོངས་ལ་བདེ་སྐྱིད་འབྱུང་བ་དངཿཁྱད་པར་མདོ་ཁམས་སྐྱེ་འགྲོ་བདེ་སྐྱིད་འབྱུངཿསརྦ་དྷརྨ་པ་ལཿ སརྦ་ཀྵེ་ཏྲ་པ་ལཿམ་མ་ཇྙ་ན་དྷེ་ཝཱ་བཛྲ་ས་མ་ཡཿབྷྲུྃ་བཛྲ་རཀྵ་རཀྵཿཡི་གེ་རིས་བྱེད་ལུང་འཛིན་པདྨ་ནོར་བུའོཿསརྦ་ཨ་ཡུ་མངྒ་ལཾཿ