འཛམ་གླིང་འཁྲུག་ཆེན་དང་པོ།


༡༩༡༤~༡༩༡༨ལོའི་བར་དུ། འཛམ་གླིང་སྟེང་དུ་དེང་རབས་ཀྱི་རྒྱལ་སྤྱིའི་གཡུལ་འཁྲུག་ཆེན་པོ་ཞིག་བྱུང་ལ། དེ་ནི་འགྲོ་བ་མིའི་ལོ་རྒྱུས་སྟེང་དུ་བྱུང་བའི་འཛམ་གླིང་ཡོངས་སུ་ཁྱབ་པའི་དམག་འཁྲུག་ཆེན་པོ་ཞིག་རེད། འཁྲུག་ཆེན་ལ་ཞུགས་པའི་རྒྱལ་ཁབ་ནི་འཇར་མན་དང་ཨོ་ཧང་བཙན་རྒྱལ་གཙོ་བྱས་པའི་མནའ་མཐུན་རྒྱལ་ཁབ་དང་། ཧྥ་རན་སི་དང་དབྱིན་ཇི་དང་ཨུ་རུ་སུ་གཙོ་བྱས་པའི་ཆིངས་བཞག་རྒྱལ་ཁབ་ཕྱོགས་གཉིས་ཀ་རེད། རྒྱལ་ཁབ་༣༣དང་མི་ཐེར་འབུམ་༡དང་དུང་ཕྱུར་༥གཡུལ་འཁྲུག་དེའི་ནང་དུ་ཞུགས་པ་དང་མི་བྱེ་བ་༢ལྷག་ཤི་རྨས་སུ་སོང་། མཐའ་མར་མནའ་མཐུན་རྒྱལ་ཁབ་ཕམ་པར་བརྒྱབ་ནས་མཇུག་རྫོགས། འཁྲུག་ཆེན་གྱིས་འཛམ་གླིང་གི་ཆབ་སྲིད་མངའ་ཁོངས་བསྒྱུར་བྱུང་བ་སྟེ། འཇར་མན་དང་ཨོ་ཧང་། ཨུ་རུ་སུ། ཐུར་ཁེ་བཅས་བཙན་རྒྱལ་ཆེན་པོ་བཞི་ཐོར་ནས་རང་བཙན་རྒྱལ་ཁབ་གསར་བ་སྐོར་ཞིག་འབྱུང་དུ་བཅུག[]

File:WW1 TitlePicture For Wikipedia Article.jpg

སྐུ་སྲས་ཧྥེར་ཏེ་ནན་ལྐོག་གསོད་བྱས་པ།

རྩོམ་སྒྲིག
File:སྐུ་སྲས་ཧྥེར་ཏེ་ནན་ལྐོག་གསོད་བྱས་པ།.jpg

༡༩༡༤ལོའི་ཟླ་༦པར། ཨོ་ཧང་བཙན་རྒྱལ་གྱིས་པཱ་ཟི་ནེ་ཡ་དབང་དུ་བསྡུས་རྗེས། ཡང་སེལ་ཝེ་རུ་ཡ་དབང་དུ་བསྡུ་རྩིས་བྱས། ཟླ་༦པའི་ཚེས་༢༨ཉིན། ཨོ་ཧང་བཙན་རྒྱལ་གྱི་རྒྱལ་རྒྱུད་འཛིན་མཁན་སྐུ་སྲས་ཧྥེར་དེ་ནན་དང་ཁོའི་ཆུང་མ་གཉིས་སེ་རེའུ་ཡེ་ཝོལ་དུ་དམག་དཔུང་ལ་གཟིགས་ཞིབ་གནང་དུ་ཕེབས། ཁོ་རང་ཀླད་ཁེབས་མེད་པའི་རླངས་འཁོར་ཞིག་ཏུ་བསྡད་ནས་ཁྲོམ་ཚོགས་བརྒྱུད་དུས། སེལ་ཝེ་རུ་ཡའི་ན་གཞོན་ཞིག་གིས་ལྐོག་མདའ་འཕངས་ནས་བསད། དོན་རྐྱེན་དེ་འཛམ་གླིང་འཁྲུག་ཆེན་དང་པོ་ལངས་པའི་རྒྱུ་རྐྱེན་དུ་གྱུར། ལོ་དེའི་ཟླ་༧པའི་ཟླ་མཇུག་ཏུ། ཨོ་ཧང་གོང་མའི་རྒྱལ་ཁབ་ཀྱིས་སེལ་ཝེ་རུ་ཡ་ལ་བཙན་འཛུལ་བྱས་པ་དང་། ཟླ་༨པའི་ཟླ་མགོར་མནའ་མཐུན་རྒྱལ་ཁབ་དང་ཆིངས་ཡིག་བཞག་སྟེ་རྒྱལ་ཁབ་ཕྱོགས་གཉིས་ཀ་དམག་འཁྲུག་ནང་དུ་ཞུགས།

གཡུལ་འཁྲུག་གི་གནས་ཚུལ་དང་དུས་རིམ།

རྩོམ་སྒྲིག

འཛམ་གླིང་འཁྲུག་ཆེན་དང་པོའི་སྐམ་སའི་གཡུལ་འཁྲུག་གཙོ་བོ་ཤར་ནུབ་ཕྱོགས་གཉིས་སུ་བརྒྱབ་པ་རེད། མནའ་མཐུན་རྒྱལ་ཁབ་ཀྱི་ནུབ་ཕྱོགས་ཀྱི་འགྲན་ཟླ་གཙོ་བོ་ནི་ཧྥ་རན་སི་ཡིན་པ་དང་། ཤར་ཕྱོགས་ནི་ཨུ་རུ་སུ་རེད། མཚོ་སྟེང་དུ་གཙོ་བོ་ཨིན་ཇི་དང་འཇར་མན་བར་དུ་གཡུལ་བཀྱེས། ༡༩༡༦ལོར། མནའ་མཐུན་རྒྱལ་ཁབ་ཀྱི་སྟོབས་ཤུགས་ཆེ་ཙམ་བྱུང་། ༡༩༡༧ལོར། ཨ་མེ་རི་ཁ་གཡུལ་འཁྲུག་ནང་དུ་ཞུགས་པ་དང་ཨུ་རུ་སུའི་ཟླ་བཅུ་བའི་གསར་བརྗེ་ལ་རྒྱལ་ཁ་ཐོབ་པས། གཡུལ་འཁྲུག་གི་གནས་ཚུལ་ལ་འགྱུར་ལྡོག་བྱུང་ནས་མཇུག་མཐར་མནའ་མཐུན་རྒྱལ་ཁབ་ཕམ།

མཚོན་ཆ་དེང་རབས་ཅན་དུ་གྱུར་པ།

རྩོམ་སྒྲིག

གཡུལ་འཁྲུག་གིས་མཚོན་ཆའི་འཕེལ་རྒྱས་ལ་སྐུལ་འདེད་ཆེན་པོ་བཏང་བ་དང་། གཡུལ་འགྱེད་ཕྱོགས་གཉིས་ཀས་མཚོན་ཆ་ཆེས་གསར་བ་དག་བཀོལ་སྤྱོད་བྱས། རྒྱལ་ཁབ་སོ་སོར་བསྡོམས་པས་མེ་སྒྱོགས་ཁྲེ་༩ཡོད་པ་དང་། ཁ་ཆེ་བ་དང་འཕེན་ཐག་རིང་བའི་མེ་སྒྱོགས་ཀྱི་འཕེན་ཐག་སྟོང་སྨི་༢༠ལྷག་ལ་སླེབས་ཐུབ་པ་བྱུང་།

བར་སྣང་ཁ་ལོ་སྒྱུར་དབང་བརྩད་པ།

རྩོམ་སྒྲིག

༡༩༠༣ལོར་ཨ་མེ་རི་ཁ་པས་གནམ་གྲུ་དང་པོ་གསར་སྐྲུན་བྱས་པ་ནས་བཟུང་། འཛམ་གླིང་འཁྲུག་ཆེན་དང་པོ་ལངས་པའི་བར་དུ། རྒྱལ་ཁབ་སོ་སོའི་གནམ་གྲུའི་སྡོམ་གྲངས་༡༠༠༠ལས་མི་འདའ། གཡུལ་འཁྲུག་གིས་གནམ་གྲུའི་གྲངས་ཀ་ཇེ་མང་དུ་འཕར་དུ་བཅུག་སྟེ། གཡུལ་འཁྲུག་གི་དུས་མཇུག་ཏུ་བསླེབས་དུས། དམག་སྤྱོད་གནམ་གྲུ་སོ་སོའི་བསྡོམས་གྲངས་ཁྲི་༡ལྷག་ལ་བུད་ཡོད། གཡུལ་འགྱེད་ཕྱོགས་གཉིས་ཀས་གནམ་གྲུ་བེད་སྤྱད་དེ་བར་སྣང་ཁ་ལོ་སྒྱུར་དབང་བརྩད་ནས། ས་ངོས་དང་མཚོ་སྟེང་གི་གཡུལ་འཁྲུག་ལ་རམ་འདེགས་བྱས། འགྲོ་བ་མིའི་བློ་གྲོས་ཀྱི་སྙིང་བཅུད་ལྟ་བུའི་གནམ་གྲུ་དེ་དག་ནི་གཡུལ་འཁྲུག་ཁྲོད་དུ། འགྲོ་བ་མི་རང་ཉིད་ལ་གནོད་པ་སྐྱེལ་བྱེད་དང་རང་ཉིད་རྩ་མེད་དུ་གཏོང་བའི་མཚོན་ཆ་གཙོ་བོ་རུ་གྱུར།

མཚོ་ཐོག་གཡུལ་འཐབ།

རྩོམ་སྒྲིག

མཚོ་ཐོག་གཡུལ་འཐབ་ཆེན་པོ་རྒྱག་པ་ནི་འཛམ་གླིང་འཁྲུག་ཆེན་དང་པོའི་ཁྱད་ཆོས་རེད། ༡༩༡༥ལོའི་ཟླ་༥བར། དང་ཐོག་མནའ་མཐུན་རྒྱལ་ཁབ་ཀྱི་ཁུངས་སུ་གཏོགས་པའི་དབྱི་ཐ་ལི་མནའ་མཐུན་རྒྱལ་ཁབ་ལས་ཕྱིར་བུད་དེ་ཆིངས་བཞག་རྒྱལ་ཁབ་ཀྱི་གྲས་སུ་ཞུགས། དབྱི་ཐ་ལིའི་ཆུར་འཛུལ་དམག་གྲུ་གཏོར་བའི་དམག་དཔུང་དང་དམག་གྲུའི་སྟོབས་ཤུགས་ཧ་ཅང་ཆེབས། དམག་འཁྲུག་གི་གནས་ཚུལ་འགྱུར་བར་ཤུགས་རྐྱེན་ཆེན་པོ་བཟོས། དེའི་ནང་གི་ཆེས་གལ་ཆེ་བའི་མཚོ་ཐོག་གཡུལ་འཐབ་ཐེངས་ཤིག་ནི་༡༩༡༦ལོའི་དབྱིན་ཇི་དང་འཇར་མན་བར་གྱི་ཇུ་ཐི་ལན་མཚོ་ཐོག་གཡུལ་འཁྲུག་ཆེན་པོ་རེད། སྐབས་དེར་དབྱིན་ཇི་ཕྱོགས་ཀྱིས་དམག་གྲུ་སྣ་ཚོགས་༡༥༡བཀོལ་པ་དང་། འཇར་མན་ཕྱོགས་ཀྱིས་༡༡༠བཀོལ། ཕྱོགས་གཉིས་ཀས་མེ་སྒྱོགས་དང་ཆུ་མདེལ་འཕངས་ནས་དུས་ཚོད་༡༢ཀྱི་རིང་ལ་འཐབ་འཛིང་དྲག་པོ་བྱས་རྗེས་རྒྱལ་ཕམ་ཐག་གཅོད་མ་ཐུབ་པ་དང་། ཕྱོགས་གཉིས་ཀར་གྱོང་གུན་ཚབས་ཆེན་ཐེབས།

ཐེན་ཁི་གཡུལ་འཐབ་དང་འོབས་དོང་གཡུལ་འཐབ།

རྩོམ་སྒྲིག

སྐམ་སའི་གཡུལ་འཐབ་ཀྱི་རྣམ་པ་གཙོ་བོ་ནི་ཐེན་ཁི་ཡིས་རྒོལ་བ་དང་འོབས་དོང་གིས་འགོག་པ་དེ་རེད། ༡༩༡༦ལོ་ནས་བཟུང་། དབྱིན་ཇིས་གསར་གཏོད་བཟོ་སྐྲུན་བྱས་པའི་ཐེན་ཁི་ཤར་ཕྱོགས་ཀྱི་གཡུལ་ངོར་རྒྱང་སྐྱོད་བྱས། ཐེན་ཁི་དམག་དཔུང་གི་རྒོལ་ཤུགས་དང་འགོག་ནུས་ཧ་ཅང་ཆེ་ནའང་། འཇར་མན་དང་ཐུར་ཁེའི་དམག་དཔུང་གིས་དབྱིན་ཇིའི་རྒྱང་སྐྱོད་དམག་དཔུང་ལ་དཔའ་མཛངས་རྟུལ་ཕོད་ཀྱིས་འགོག་རྒོལ་བྱས། ནུབ་ཕྱོགས་ཀྱི་གཡུལ་ས་རུ་ཧྥ་རན་སེའི་དམག་གིས་འོབས་དོང་ལ་བརྟེན་ནས་འཇར་མན་དམག་ལ་འགོག་རྒོལ་བྱས།

པར་རིས་བར་འཁྱམས།

རྩོམ་སྒྲིག

ཟིན་ཐོ་འམ་དཔྱད་གཞི།

རྩོམ་སྒྲིག

དཔྱད་གཞིའི་དཀར་ཆག:

  1. ལོ་རྒུས་བཤད་པ། ༼ཀྲུང་གོའི་བྱིས་པའི་ཤེས་བྱ་ཀུན་བཏུས།༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༧

དཔྱད་གཞིའི་དཀར་ཆག།

རྩོམ་སྒྲིག

ད་དུང་གཟིགས།

རྩོམ་སྒྲིག

ཕྱི་ཕྱོགས་དྲ་མཐུད།

རྩོམ་སྒྲིག