Open main menu

Wikipedia β

འཛམ་གླིང་རྒྱས་བཤད

འཛམ་གླིང་རྒྱས་བཤད་ཅེས་པ་དཔེ་ཆ་ཞིག་གི་མིང་སྟེ། རབ་བྱུང་བཅུ་བཞི་པའི་ལྕགས་སྟག་ལོ་༼ སྤྱི་ལོ༡༨༣༠༽ལ་བརྩམས་པའི་ལྷོ་འཛམ་བུ་གླིང་གཙོ་བོར་གྱུར་པའི་ སྣོད་བཅུད་རྣམས་ཅུང་ཟད་རྒྱས་པར་བཤད་པའི་ཡིག་ཆ་ཞིག་རེད།

ནང་དོན།

དཔེ་ཆའི་མིང་ཆ་ཚང་།Edit

འཛམ་གླིང་རྒྱས་པར་བཤད་པ་ཐག་རིང་གསལ་བར་མཐོང་བྱེད་དཱུརྦ་ནཞེས་བྱ་བ།

རྩོམ་པ་པོ།Edit

མདོ་སྨད་གསེར་ཁོག་དགོན་གྱི་བཙན་པོ་སྐུ་ཕྲེང་བཞི་པ་འཇམ་དཔལ་ཆོས་ཀྱི་བསྟན་འཛིན་ཕྲིན་ལས།

ནང་དོན་གནད་བསྡུས།Edit

རྒྱ་གར་སོགས་ཡུལ་ཆེན་པོ་དག་འཛམ་བུའི་གླིང་གི་ཆ་གང་ན་ཡོད་པ་ངོས་བཟུང་བ་དང་། རྒྱ་གར་དུ་འགྲོ་བའི་ལམ་དང་གནས་རྟེན་བྱིན་ཅན་དང་ཡུལ་མི་རྣམས་ཀྱི་ཆ་ལུགས་ ཆོས་ལུགས་བཤད་པ་དང་། ཞར་བྱུང་ཡུལ་སྤྱིའི་གནས་ཚུལ་ཅུང་ཟད་རྒྱས་པར་བཤད་པའོ། །

ཐ་སྙད་གལ་ཆེན་འགའི་འགྲེལ་བཤད།Edit

·རི་ནག་པོ་དགུ མཚོ་སྔོན་པར་མའི་ཤོག་ངོས༡༥༢ ཕྲེང་༤ ནས། རྒྱ་གར་བྱང་ན་ཡོད་པའི་རི་ནག་པོ་དགུ་དེ་དག་ཀྱང་རི་ནག་རྡོག་པོ་དགུ་ཙམ་ལ་བྱེད་པ་མ་ཡིན་པར། ནུབ་ཨོ་ཊི་ཡ་ན་ནས་རྒྱ་གར་ཤར་དུ་རྒྱ་ནག་གི་ཞིང་ས་ཆེན་པོ་ཡུན་ནན་སོགས་ལ་ཐུག་གི་བར་རི་རྒྱུད་ཀྱིས་འབྲེལ་བའི་རིརིམ་པ་དགུ་ཡོད་པ་དེ་དག་ལ་ཟེར་བ་ཡིན། ཞེས་སོ།།

·རི་གངས་ཅན། མཚོ་སྔོན་པར་མའི་ཤོག་ངོས༡༥༢ ཕྲེང་༩ ནས། རི་གངས་ཅན་ཡོད་ཅེས་པ་དེ་ཡང་གངས་ཏི་སེ་གཅིག་པུ་ལ་གོ་ཡོད་པ་མང་ཡང་། གངས་ཏི་སེ་སོགས་གངས་དང་ལྡན་པའི་རི་ཁྲི་ཕྲག་མང་པོ་ཀ་པི་སྟྭན་ནས་ཤར་དུ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་བ་ཆེན་པོའི་འཁྲུངས་ཡུལ་ཙོང་ཁ་ལ་ཐུག་གི་བར་སྤྱི་ལ་བྱས་ན་ལེགས་པ་ལྟ་བུ་ཡིན། ཞེས་སོ།།

ཨ་མདོ་བས་ཁམས་པ་དང་དབུས་གཙང་པ་རྒྱ་ནག་པ་རྣམས་ལ་བཞག་པའི་སྡོམ་ཚིགEdit

·མཚོ་སྔོན་པར་མའི་ཤོག་ངོས༡༩ཕྲེང་༡ ནས། དབུས་གཙང་གི་མི་དག་ངང་རྒྱུད་ཅུང་ཟད་འཇམ་ཞིང་དྲང་ལ་སྔ་སྔ་མའི་ངང་ཚུལ་ཅན། རིག་པ་སྤྱང་ཡང་ ཆེར་མི་ཟབ་པ། དག་སྣང་ཆེ་ཡང་གྲགས་པའི་རྗེས་སུ་འབྲངས་པ། དྲིན་དངཁོན་ལ་ཇི་མི་སྙམ་པ། ནོར་ལ་རྩིས་ཆེ་ཡང་ཆོས་ཕྱོགས་སུ་གཏོང་བ་ལ་ཇི་མི་སྙམ་པ། ཚུལ་ལུགས་དང་ ཁྲིམས་ལུགས་འཆོལ་བར་སྤྱད་པ་དག་ཡིན། ཞེས་སོ།།

·མཚོ་སྔོན་པར་མའི་ཤོག་ངོས༢༠༢ ཕྲེང་༨ ནས། ཁམས་ཀྱི་མི་དག་རང་བཞིན་དྲང་བ། དཔའ་རྩལ་ཆེ་ཞིང་རྗེ་བོ་ལ་གློ་བ་ཉེ་བ། བོད་གཞན་ལས་ཡིད་ ཆེས་དང་དད་པ་ཆེ་ཞིང་གྲུབ་མཐའི་ཆགས་སྡང་ཡང་ལྷག་པར་ཆེ། མ་འདྲིས་པ་རྣམས་ལ་རྩུབ་པོར་སྤྱོད་ཅིང་འདྲིས་ཆ་ཆེ་བ་ལ་ཁ་སེམས་མེད་པར་ཕན་འདོགས་བྱེད་པ་དག་ ཡིན་ཡང་། དག་སྣང་དང་ཡིད་ཆེས་ཆེ་དྲགས་པའི་སྐྱོན་ཡོད། ཅེས་སོ།།

·མཚོ་སྔོན་པར་མའི་ཤོག་ངོས༢༣༡ ཕྲེང་༡༠ ནས། རྒྱ་ནག་གི་མི་རྣམས་ནི་གཟུགས་བྱད་བཟང་བ་ཤས་ཆེ་ལ། ངག་དང་རང་བཞིན་འཇམ་ཞིང་། ཚུལ་ ལུགས་ཟབ་པ་སོགས་གཟུ་བོར་གནས་པའི་ཁུལ་བྱེད་ཀྱང་། གཡོ་སྒྱུ་ཆེ་ལ་སྔ་མའི་ཚུལ་ཅན་སུ་ལ་ཡང་ཡིད་ཆེས་བྱེད་དཀའ་ཞིང་ཡིད་ཆེས་ན་འགྱུར་དཀའ་རང་བཞིན་ཅན་ དག་ཡིན། ཞེས་སོ།།

དཔེ་སྐྲུན་བྱེད་མཁན།Edit

སྤྱི་ལོ༢༠༠༩ ཟླ༤ པར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན།

ད་དུང་གཟིགས།Edit