འོད་ཟེར།

ངོ་སྤྲོད་མདོར་བསྡུས་

རྩོམ་སྒྲིག

མིང་ཆ་ཚང་ལ་ཚེ་རིང་འོད་ཟེར༼འགྱུར་མེད་ཀྱི་འོད་ཟེར་དང་མའོ་ཀྲུའུ་ཞིའི་འོད་ཟེར་གྱི་དོན་ནོ༽དང་། རྒྱ་མིང་དུ程文萨(རིག་གསར་དུས་ཀྱི་ལྷ་ས་ཟེར་བའི་དོན་ཡིན) ཀྲུང་གོའི་བོད་རིགས་སྙན་ངག་པ་དང་རྩོམ་པ་པོ་ཡིན། ལྷ་སར་འཁྲུངས་ཤིང་ཕ་ཡུལ་ཟི་ཁྲོན་དཀར་མཛེས་རང་སྐྱོང་ཁུལ་སྡེ་དགེ་རྫོང་ཡིན།

ལོ་རྒྱུས་

རྩོམ་སྒྲིག

༡༩༦༦ལོར་རིག་གནས་གསར་བརྗེ་ཆེན་པོའི་དུས་སྐབས་ཀྱི་ལྷ་སར་འཁྲུངས་ཞིང་ཆུང་ངུའི་དུས་ཟི་ཁྲོན་བོད་རིགས་ས་ཁུལ་དུ་ཚར་ལོངས་བྱུང་། ཁོང་གི་སྤོ་བོ་ལགས་ནི་རྒྱ་རིགས་དང་རྨོ་བོ་བོད་རིགས་རེད། ཡབ་ཀྱི་མཚན་ལ་ཚེ་རིང་རྡོ་རྗེ་ཞུ་བ་དང་ཁོང་གཞོན་ནུའི་དུས་སྐབས་ནས་བཅིངས་འགྲོལ་དམག་དང་ལྷན་དུ་བོད་ལ་ཕེབས། ད་དུང་སྐབས་དེའི་ལྷ་ས་དམག་ཁུལ་གི་སྤྱི་ཁྱབ་དམག་སྤྱི་གཞོན་པའི་གོ་གནས་ཀྱང་བཞེས་མྱོང་། ཡུམ་ནི་གཞིས་རྩེ་ས་གནས་ཀྱི་བོད་རིགས་སྐུ་དྲག་ཞིག་གི་སྲས་མོ་ཡིན། སྤྱི་ལོ་༡༩༨༨ལོའི་ཟླ་བ༧པའི་ནང་ཁྲེན་ཏུ་ལྷོ་ནུབ་མི་རིགས་སློབ་གླིང་རྒྱ་ཡིག་ཚན་ཁག་ནས་སློབ་ཐོན་བྱུང་རྗེས་དཀར་མཛེས་ས་ཁུལ་དུ་གསར་འགོད་པའི་ལས་ལ་ཞུགས། སྤྱི་ལོ་༡༩༩༠ལོར་བོད་ལ་ཕེབས་ནས་ལྷ་སའི《བོད་ལྗོངས་རྩོམ་རིག》ཞེས་པའི་དུས་དེབ་ཀྱི་རྩོམ་སྒྲིག་པ་མནང་། སྤྱི་ལོ་༢༠༠༣ལོའི་ཟླ་བ༡པོར་ཁོང་གིས་བརྩམས་མནང་བའི་ལྷུག་རྩོམ་ཕྱོགས་བསྡུས《བོད་ལྗོངས་ཟིན་བྲིས》པར་སྐྲུན་མཛད། དུས་ཡུན་ཟླ་བ་ཁ་ཤས་སོང་རྗེས་ཁོང་གི་དེབ་དེར་སྲིང་གཞུང་གི་བཀག་འགོག་བྱས་ནས་འགྲེམས་སྤེལ་བྱེད་མི་ཆོག་པའི་བཀའ་ཉེས་ཕོག དེ་ནས་ཁོང་གིས་རྩོམ་སྒྲིག་ཁང་གི་བསམ་བློའི་སློབ་གསོ་སྣང་མེད་ཏུ་རྩིས་ཞིང་ལས་གནས་དེ་ནས་བུད་པ་དང་ཆབ་གཅིག་ལྷ་ས་ནས་ཁ་བྲལ། དུས་དེབ་རྩོམ་སྒྲིག་ཁང་དང་རིམ་པ་གོང་མའི་དོ་དམ་ཚན་པ་སྟེ་བོད་རང་སྐྱོང་ལྗོངས་རིག་གནས་མཐུན་ཚོགས་ཀྱིས་ཁོང་ལས་གནས་ནས་ཕྱིར་བུད་བྱས་པར་རྩིས། 《བོད་རང་སྐྱོང་ལྗོངས་རིག་གནས་མཐུན་ཚོགས་ཀྱི་འོད་ཟེར་གྱི་བརྩམས་ཆོས་གསར་པ<བོད་ལྗོངས་ཟིན་བྲིས>སྐོར་གྱི་བསམ་ཆར་དང་ཐག་གཅོད་གྲོས་ཆམས》ཞེས་པའི་ནང་ཁོང་ལ་སྐྱོན་འཛུགས་ཡང་ཡང་བྱས། དེ་རྗེས་རང་དབང་ཅན་གྱི་རྩོམ་པ་པོ་ཞིག་ཏུ་གྱུར། སྤྱི་ལོ་༢༠༠༤ལོའི་ལོ་སྨད་དུ་ཀྲུང་གོའི་རྩོམ་པ་པོ་གྲགས་ཅན王力雄དང་གཉེན་སྒྲིག་བྱས། སྤྱི་ལོ་༢༠༠༦ལོར་ཁོང་གི་ཡབ་ཀྱིས་རིག་གནས་གསར་བརྗེ་ཆེན་པོའི་སྐབས་སུ་ཉར་ཚགས་མནང་བའི་ལྷ་སའི་པར་རིས་རྣམས་དང་རང་ཉིད་ཀྱི་དེའི་རྒྱབ་ལྗོངས་ལ་བཅའ་འདྲི་བྱས་པའི་འབྲས་བུ་ལེགས་སྒྲིག་བྱས་རྗེས《གསར་བརྗེ》འམ་རྒྱ་སྐད་དུ《杀劫》ཞེས་པའི་དེབ་དེ་ཐའི་ཝན་དུ་པར་སྐྲུན་མཛད། དེ་དང་དུས་མཚུངས་སུ་བོད་ཀྱི་རིག་གནས་གསར་བརྗེ་ཆེན་པོའི་ལོ་རྒྱུས་འཆད་པའི《བོད་ལྗོངས་དྲན་ཤེས》འམ་རྒྱ་སྐད་དུ《西藏记忆》ཞེས་པ་པར་སྐྲུན་མཛད། དེབ་དེ་གཉིས་ཀྱིས་རྒྱུན་དུ་མཐོང་དཀའ་བའི་རིག་གནས་གསར་བརྗེ་ཆེན་པོའི་དུས་སྐབས་ཀྱི་རྣམ་པར་ཞིབ་འཇུག་བྱེད་པར་གལ་ཆེའི་རྒྱུ་ཆ་ཐོག་མ་འཁོ་འདོན་བྱས་ཡོད། རྩོམ་པ་པོ་རང་ཉིད་ཀྱིས་འགྲེལ་བཤད་མནང་བར། “杀劫”ཟེར་བ་དེ་བོད་སྐད་ཀྱི“གསར་བརྗེ”ཞེས་པའི་སྐད་གདངས་ཡིན་པ་དང“杀劫”ཟེར་བའི་ཚིག་དེས་དུས་རབས༢༠པའི་ལོ་རབས༥༠ནས་ཚུན་ཆད་ལ་བྱུང་བའི་གསར་བརྗེའི་ལས་འགུལ་དག་གིས་བོད་ལ་བསྩལ་བའི་གོད་ཆག་དང་ལོ་ངོ༤༠ཡི་སྔོན་དུ་བྱུང་བའི༼རིག་གནས་གསར་བརྗེ་ཆེན་པོ༽ཞེས་པའི་ལས་འགུལ་འདིས་བོད་ལ་བསྩལ་བའི་ཉམས་ཉེས་མཚོན་པར་བྱས་ཡོད་ཞེས་གསུངས།

ཐོབ་པའི་བྱ་དགའ་ཁག་

རྩོམ་སྒྲིག

༢༠༠༧ལོའི་ཟླ་བ༡༢ལ་རྒྱ་གར་གྱི་བོད་ལྗོངས་གསར་འགོད་ཚོགས་པའི་༼ཞུམ་མེད་སྨྲ་བརྗོད་མཁན༽ནམ་རྒྱ་སྐད་དུ“无畏言论者”དང་ནོ་ཝེའི་རྩོམ་པ་པོའི་ལྷན་ཚོགས་ཀྱི༼རང་དབང་མངོན་པའི་བྱ་དགའ༽འམ་རྒྱ་སྐད་དུ“自由表达奖”ཐོབ། ༢༠༡༠ལོའི་ཟླ་བ༣པའི་ཚེས་༢༠ཉིན་ལིན་ཀྲའོ་དྲན་གསོའི་བྱ་དགའ“林昭纪念奖”ཐོབ་ཀྱང་ཁོང་ལ་རྒྱལ་ཐོན་འགྲོ་ལུགས་མེད་པར་རྟེན་ཤང་ཀང་དུ་བྱ་དགའ་ལེན་པར་སྐུ་ངོ་མ་ཕེབས་ཐུབ་མེད། ༢༠༡༠ལོའི་ཟླ་བ༥པའི་ཚེས༡༠ཉིན་རྒྱལ་སྤྱིའི་བུད་མེད་གཏོང་སྦྱོར་ཐེབས་རྩ་ཚོགས་པའི༢༠༡༠ལོའི་གསར་འགྱུར་དཔའ་སྟོབས་བྱ་དགའ་ཐོབ། ༢༠༡༡ལོར་ཧ་ལན་ཁེ་ལའོ་སི་རྒྱལ་པོའི་ཐེབས་རྩ་ཚོགས་པས་སྤྲད་པའི༼ཁ་ལའོ་སི་ཆིན་ཝང་བྱ་དགའ༽འམ་རྒྱ་སྐད་དུ“克劳斯亲王奖”ཞེས་པའི་བྱ་དགའ་ཐོབ། བརྩམས་ཆོས་ སྙན་ངག《西藏在上》ཞེས་པ་༡༩༩༩ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་སྐུན། ལྷུག་རྩོམ་ཕྱོགས་བསྡུས《西藏笔记》ཞེས་པ་༢༠༠༣ལོར་ཀོང་ཀྲའོ་མེ་ཏོག་གྲོང་དཔེ་སྐྲུན་ཁང་གིས་སྐྲུན། 《西藏:绛红色的地图》,《杀劫》,《西藏记忆》,《念珠中的故事》,《看不见的西藏》སོགས་ཡོད།

དྲྭ་ཕྱིའི་འབྲེལ་མཐུད་

རྩོམ་སྒྲིག