ཡར་ཀླུང་གཙང་པོ་

ཡར་ཀླུང་གཙང་པོ ནས་ཁ་ཕྱོགས་བསྐྱར་དུ་བཟོས་པ།

བོད་ཡུལ་ནི་ཆུ་ཀླུང་མང་པོའི་འབྱུང་ཁུངས་ཡིན།

དེ་ནི་ཁ་འབབ་ཆུ་བོ་བཞིའི་ཡ་གྱལ་ཞིག་ཡིན། འཛམ་གླིང་གི་ཆུ་ཆེན་ཨང་བཞི་པ་རེད། སྟོད་མངའ་རིས་གངས་ མཚོའི་ཤར་ཕྱོགས་བྱེ་མ་གཡུང་དྲུང་གི་ཕུ་ཨབ་སྲིའི་རྒྱབ་ཀྱི་བྲག་རྟ་ མཆོག་འདྲ་བའི་ཁ་ནས་འབབ་ཅིང་། ཧོར་ཚོ་ལྔ་བརྒྱུད་འབྲོང་པ་ཚོ་ དགུའི་ལྷོ་ཕྱོགས་དང་། རུ་གསར་གལ་ཆོས། འབའ་བ། བཀྲ་བདུན། གཞུང་ རུ་དང་ས་ག་ཟང་ཟང་ལྷོ་བརྒྱུད་དེ་གཙང་བཀྲ་ཤིས་ལྷུན་པོའི་གཡས་ ཕྱོགས་ནས་བཞུར་ཏེ་ལྕགས་ཟམ་ཆུ་བོ་རིར་ལྷ་སའི་སྐྱིད་ཆུ་དང་འདྲེས་ ནས་ཡར་ཀླུང་གཙང་བོར་འབོད། དྭགས་པོ་དང་ཀོང་པོ་བརྒྱུད་དེ་རིམ་ བཞིན་གཡུ་འབྲུག་འཕྱོ་བ་བཞིན་སྨན་གླིང་ཕད་ཆུས་ཤུལ་ནས་ཁ་བྱང་ ཤར་ངོས་སུ་འཁོར་ནས་བཞུར་ཞིང་། རི་བོ་གནམ་ལྕགས་འབར་བར་ བསྐོར་བ་རྟ་རྨིག་འདྲ་བ་བརྒྱབ་རྗེས་སླར་ཡང་ལྷོ་ནུབ་ཁུལ་གྱི་གཅོང་ རོང་ཟབ་མོ་འགྲིམས་ནས་མཐར་ཀློ་ཡུལ་བརྒྱུད་རྒྱ་གར་དུ་བཞུར་ཏེ་ གཙང་བོ་པུ་ལ་མ་བོ་ཐེ་ལ་བྱ་སྟེ། དེ་ནས་བྷང་ག་ལ་མཚོ་དབུག་ཏུ་འདྲེས། དེའི་རིང་ཚད་སྤྱི་ལེ2057དང་། འབབ་ཡུལ་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་240480ཡོད།

མིང་འབྱུང་ཚུལ།

རྩོམ་སྒྲིག

བོད་ཁམས་ཀྱི་ཆུ་ཆེན་དང་པོར་བརྩི་བའི་ཡར་ཀླུང་གཙང་པོ་ནི། ཧི་མ་ལ་ཡའི་བྱང་རྒྱུད་འབྲོང་པ་རྫོང་ཁོངས་བྱེ་མ་གཡུང་དྲུང་ཞེས་པའི་གངས་རི་ལས་འབབ་ཅིང་། ཡིག་ཚང་ཁག་ཏུ་ཡར་ཆབ་གཙང་པོ་ཞེས་འབྱུང་ལ། ལེགས་རྩེའི་རྒྱུད་དུ་རྟ་མཆོག་ཁ་འབབ་གཙང་པོ་ཞེས་འབོད་པ་དང་། ལྷ་རྩེ་ཁུལ་དུ་མྱང་ཆུ། ལྷ་རྩེའི་ནུབ་རྒྱུད་དུ་སླར་ཡང་རྟ་མཆོག་ཁ་འབབ་ཏུ་འབོད། ཆུ་ཤུར་ཁུལ་ནས་བཟུང་ཡུལ་མིང་ལྟར་ཡར་ཀླུང་གཙང་པོར་འབོད།

ཆུ་ཆེན་འདི་ལྷོ་ནས་འབབ་ཅིང་གྱ་གྱུའི་ངང་ས་དགའ་རྫོང་སོགས་རང་སྐྱོང་རྫོང་ཁག་ཉི་ཤུ་རྩ་གསུམ་བརྒྱུད་མཐར་ཀློ་ཡུལ་ནས་འབར་མ་བརྒྱུད་བྷང་ག་ལའི་ཡུལ་དུ་འབབ་པས་ཡུལ་དེར་གཙང་པོ་པུ་ལ་མ་བོ་ཐེ་ལ་ཞེས་གྲགས། འདིའི་སྤྱིའི་རིང་ཚད་ལ་སྤྱི་ལེ་ཉིས་སྟོང་བརྒྱ་མེད་ལྔ་བཅུ་ང་བདུན་ཙམ་ཡོད་པ་དང་། བཞུར་ཡུལ་གྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཉིས་འབུམ་བཞི་ཁྲི་སྟོང་མེད་བཞི་བརྒྱ་བརྒྱད་ཅུ་ཙམ་ཟིན། གཙང་པོའི་འབབ་རྒྱུད་ཆ་སྙོམས་རྒྱ་མཚོའི་ངོས་ལས་རྨིད་བཞི་སྟོང་ལྔ་བརྒྱ་ཙམ་གྱིས་མཐོ་བས་འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་གཙང་པོ་ཞིག་ཡིན། གཙང་པོ་འདིའི་རྒྱུད་དུ་ལྷ་ས་དང་། གཞིས་ཀ་རྩེ། རྒྱལ་རྩེ། ཉིང་ཁྲི་སོགས་བོད་ཀྱི་གྲོང་དང་གྲོང་ཁྱེར་མང་ལ། ཁྱད་པར་དུ་བོད་ཀྱི་འགྲོ་བ་མིའི་རིགས་ཀྱི་འབྱུང་ཁུངས་རྩེ་ཐང་དང་། བོད་ཀྱི་རྒྱལ་པོའི་ཕོ་བྲང་ཐོག་མ་ཡུམ་བུ་བླ་སྒང་། སྲོང་བཙན་གྱི་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་ལས་ཁྲ་འབྲུག མཁན་སློབ་ཆོས་གསུམ་གྱི་འཛོམས་གནས་དཔལ་བསམ་ཡས་གཙུག་ལག་ཁང་སོགས་གནས་ཆེན་གྲགས་ཆེ་བའང་མང་།

མཚོན་རྟགས།

རྩོམ་སྒྲིག

ཟིན་ཐོ་འམ་དཔྱད་གཞི།

རྩོམ་སྒྲིག

དཔྱད་གཞིའི་དཀར་ཆག།

རྩོམ་སྒྲིག

ད་དུང་གཟིགས།

རྩོམ་སྒྲིག

ཕྱི་ཕྱོགས་དྲ་མཐུད།

རྩོམ་སྒྲིག