ཡིའུ་ལི་ཝུའུ་སི་ཁའེ་ས།
རོ་མའི་རང་དབང་འབངས་མི་ཞིག་ལ་མིང་གསུམ་ཡོད་དེ། མིང་ལ་མིང་དང་པོའང་ཟེར། རུས་ལ་མིང་གཉིས་པའང་ཟེར། ཚོ་བའི་མིང་གསུམ་པ་ཟེར། ཀའེ་ཡིའུ་སི་ཡིའུ་ལི་ཝུའུ་སི་ཁའེ་ས་(Gaius Julius Caesar)ནི་ཡིའུ་ལི་ཝུའུ་སི་ཡི་ཁྱིམ་རྒྱུད་ལ་གཏོགས་པས་ཁོས་མིང་གཉིས་པར་ཡིའུ་ལི་ཝུའུ་སི་ཟེར། ཀའེ་ཡིའུ་སི་ནི་མིང་དང་པོ་ཡིན་ལ་ཁའེ་ས་ནི་རུས་ཏེ་མིང་གསུམ་པ་ཡིན། སྐབས་འགར་ད་དུང་རུས་ཤིག་སྣོན་པའང་ཡོད་དེ། དཔེར་ཞི་པི་ཨ་ལ་ཨ་ཧྥེ་རི་ཀ་ཅ་ནུའུ་སི་སྣོན་པ་དང་ཅ་ཐུའུ་ལ་"ཞིབ་དཔྱོད་དཔོན"སྣོན་པ་ལྟ་བུའའོ།[༡]
མི་ཚེ།
རྩོམ་སྒྲིགཀའོ་ལུའུ་དབང་དུ་བསྡུས་པ།
རྩོམ་སྒྲིགཁའེ་ས་ཡིས་ཀའོ་ལུའུ་ཡི་སྤྱི་ཁྱབ་ཀྱི་འགན་འཁུར་སྐབས། ཀའོ་ལུའུ་ཡི་མངའ་ཁོངས་ཆེ་ཤོས་ཏེ་པི་ལི་ཉིའུ་སི་རི་རྒྱད་ནས་ལའེ་དབྱིན་ཆུ་བོའི་བར་གྱི་ས་ཞིང་གང་མང་ཞིག་རོ་མས་ད་དུང་བདག་འཛིན་བྱས་མེད། དེ་དག་དཀྱིལ་དབུས་ཀའོ་ལུའུ་(ཅ་ལུང་ཆུ་བོ་ནས་སའེ་ན་ཆུ་བོའི་བར)དང་ཤར་བྱང་ཀའོ་ལུའུ་(སའེ་ན་ཆུ་བོ་ནས་ལའེ་དབྱིན་ཆུ་བོའི་བར)། ནུབ་རྒྱད་ཀའོ་ལུའུ་བཅས་ཁག་གསུམ་དུ་བགོས་ཡོད། ཁའེ་ས་ཡིས་རུ་སྤོ་ཚོ་བའི་བར་དུ་འགལ་བ་དང་འཐབ་འཛིང་རྒྱུན་མི་འཆད་པའི་གོ་སྐབས་བེད་སྤྱད་དེ་སྤྱི་ལོའི་སྔོན་གྱི་༥༨ལོ་ནས་༥༠ལོའི་བར་ཀའོ་ལུའུ་ཡི་མངའ་ཁོངས་ཡོངས་བདག་འཛིན་བྱས། རོ་མས་ཀའོ་ལུའུ་བདག་འཛིན་མ་བྱས་པའི་སྔོན་ལ་ཀའོ་ལུའུ་ཐོར་ཞིག་ཏུ་སོང་ཞིང་ཚོ་བ་སོ་སོས་ཕན་ཚུན་དགྲ་རུ་འཛིན་བཞིན་ཡོད། སྤྱི་ལོའི་སྔོན་གྱི་༥༢ལོར། ཁོ་ཚོས་ཝེ་ཞིན་ཀེ་ཐུའོ་ལི་ཁོ་སི་ཡི་འགོ་ཁྲིད་འོག་ཏུ་མཉམ་འབྲེལ་གྱིས་རོ་མར་འགོག་རྒོལ་བྱས། འཐབ་འཛིང་སྔར་ལས་ལྷག་པར་ཛ་དྲག་ཡིན་མོད། མཇུག་མཐར་ཁའེ་ས་ཡིས་ཨ་ལའེ་ཞི་ཡ་རུ་ཝེ་ཞིན་ཀེ་ཐུའོ་ལི་ཁོ་སི་ཕམ་པར་བཟོས་ཏེ་ཀའོ་ལུའུ་ཡི་ས་ཆ་སོ་སོའི་ཟིང་འཁྲུག་ཞི་འཇགས་སུ་བཏང་། སྤྱི་ལོའི་སྔོན་གྱི་༥༢ལོར་ཀའོ་ལུའུ་རོ་མའི་ཞིང་ཆེན་ཞིག་ཏུ་གྱུར།
ཁའེ་ས་དང་ཕང་ཕེ།
རྩོམ་སྒྲིགདེ་དང་མཉམ་དུ། རོ་མའི་རྒྱལ་ནང་དུ་མི་སེར་དང་རྒན་གྲས་ཁང་གི་བར་དུ་འགལ་ཟླ་བྱུང་སྟེ་ཁའེ་ས་ལ་འཇིགས་སྣང་ཚབས་ཆེན་ཞིག་བསྐུལ། སྦྱི་ལོའི་སྔོན་གྱི་༥༡ལོར་ཕང་ཕེ་ཡིས་རང་ཉིད་གཅིག་པུས་དཔོན་གྲོགས་མེད་པའི་སྲིད་སྐྱོང་དཔོན་གྱི་འགན་བཞེས། ཁོས་རིམ་བཞིན་རྒན་གྲས་ཁང་ཕྱིར་བརྩོན་ལེན་བྱས་ཏེ་ཁའེ་ས་ལ་ངོ་རྒོལ་བྱེད་པའི་ལས་འགུལ་ཞིག་བསླངས། སྤྱི་ལོའི་སྔོན་གྱི་༤༩ལོར་ཁའེ་ས་ཡིས་དམག་དཔུང་དྲངས་ཏེ་རོ་མར་དཔུང་འཇུག་བྱས་པས་ཕངཕེ་དང་རྒན་གྲས་ཁང་གི་སྐུ་དྲག་ཚོ་ཅི་བྱ་གཏོལ་མེད་དུ་གྱུར་ཏེ་རོ་མ་ནས་ཕྱིར་བྲོས་ཤིང་། ཕང་ཕེ་མཇུག་མཐར་ཨི་ཇིབ་ཀྱི་ཡ་ལི་ཧྲན་ཏ་རུ་ཚོ་ལས་འདས། ཁའེ་ས་ཕང་ཕེ་ཡི་ར་མདར་སོང་སྟེ་ཨི་ཇིབ་ལ་སླེབས་རྗེས་ཨི་ཇིབ་ཀྱི་ནང་སྲིད་ལ་ཐེ་གཏོགས་བྱས་ནས་ལོ་ན་ཆུང་བའི་རྒྱལ་པོ་ཐུའོ་ལེ་སྨི་གནས་དབྱུང་བཏང་བ་དང་ཐུའོ་ལེ་སྨི་ཡི་གཅེན་མོ་ཁོ་ལོའུ་པ་ཐེ་ལ་ཨི་ཇིབ་རྒྱལ་ལིའི་ཁྲི་ལ་མངའ་གསོལ་དུ་བཅུག ཕང་ཕེ་ཡི་ཤུལ་དུ་ལུས་པའི་དམག་མིས་མུ་མཐུད་དུ་ཁའེ་ས་ལ་འགོག་རྒོལ་གང་མང་བྱས་ཀྱང་རེ་རེ་བཞིན་ཕམ་པར་གྱུར། སྦྱི་ལོའི་སྔོན་གྱི་༤༥ལོར་ཁའེ་ས་ཡིས་མོང་ཏ་རུ་ཕང་ཕེ་ཡི་ཤུལ་དུ་ལུས་པའི་སྟོབས་ཤུགས་ལྷག་མ་རྣམས་རྩ་མེད་དུ་བཏང་།
"རྒྱལ་ཁབ་ཀྱི་གཙོ་བདག"ཁའེ་ས།
རྩོམ་སྒྲིགཁའེ་ས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཙོ་བདག་ཏུ་གྱུར། སྤྱི་ལོའི་སྔོན་གྱི་༤༩ལོར་ཁའེ་ས་ཡིས་སི་པན་དང་གཡུལ་འགྱེད་སྐབས་རོ་མའི་སྒེར་གཅོད་དཔོན་དུ་བསྐོས་ཤིང་བཀའ་བགོས་དང་བླངས་ཀྱིས་སྤྱི་ཚོགས་ཀྱི་སྒྲིག་ལམ་དང་ཁྲིམས་ལུགས་དག་ཐེར་བྱས། སྤྱི་ལོའི་སྔོན་གྱི་༤༦ལོར་ཁོ་རང་ཡང་བསྐྱར་སྒེར་གཅོད་དཔོན་དུ་བསྐོས་ཤིང་འགན་ཡུན་ལོ་བཅུ་ཡིན། དོན་དངོས་སུ་དུས་ཚོད་ངེས་ཅན་ཞིག་གི་ནང་དུ་རོ་མས་ཁའེ་ས་ནི་མགོན་སྐྱབས་ཉག་གཅིག་ཏུ་རྩི་བཞིན་ཡོད། དེའི་ཕྱིར། སྤྱི་ལོའི་སྔོན་གྱི་༤༤ལོར་ཁའེ་ས་ཚེ་གང་བོའི་སྒེར་གཅོད་དཔོན་དུ་བསྐོས་ཏེ་དམག་དོན་དང་ཆབ་སྲིད། ཁྲིམས་འཛིན་བཅས་ཀྱི་དབང་ཆ་གཅིག་ལྕོགས་སུ་བཟུང་ཡོད་ཅིང་དོན་དུ་ཆོ་ལོ་མ་གནང་བའི་རྒྱལ་པོར་གྱུར་འདུག མི་ཁ་ཤས་ཀྱིས་ཁོ་ལ་རྒྱལ་པོའི་མཚན་སྙན་གསོལ་བའི་གྲོས་གཞི་བཏོན་ཀྱང་ཁོས་ཁས་མ་བླངས། ཁོའི་ཕུགས་འདུན་ནི་སྤྱི་ལོའི་སྔོན་གྱི་དུས་རབས་༤བའི་མ་སི་ཊོ་ནི་ཡའེ་ཡི་གོང་མ་ཆེན་པོ་ཡ་ལོ་ཧན་ཏ་ལྟར་གོང་མའི་རྒྱལ་ཁབ་ཆེན་མོ་ཞིག་འཛུགས་འདོད་པ་དེ་ཡིན་ལ། སྐབས་དེའི་མ་སི་ཊོ་ནི་ཡའི་མངའ་ཁོངས་ནི་གྷི་རི་སི་ནས་རྒྱ་གར་གྱི་མཐའ་མཚམས་སུ་སླེབས་ཡོད། ཁའེ་ས་ཡིས་རི་ལྷོའི་ཀའོ་ལུའུ་(ད་ལྟའི་ཨི་ཊ་ལིའི་བྱང་ཁུལ་)དང་ཞིང་ཆེན་གཞན་པ་འགའི་སྡོད་དམངས་ལ་རོ་མའི་སྤྱི་དམངས་ཀྱི་དབང་ཆ་བསྩལ། སྤྱི་ལོའི་སྔོན་གྱི་༤༤ལོའི་ཟླ་༣པའི་ཚེས་༡༥ཉིན་ཁའེ་ས་གཞན་གྱིས་བགྲོངས། ཁོ་རང་གློ་བུར་དུ་གྲོངས་བ་དེས་ཁོའི་ཕུགས་བསམ་ཆེན་པོ་དེའང་གཞི་ནས་མཇུག་རྫོགས་པར་གྱུར། འདིས་ཀྱང་རོ་མར་སྔར་ལས་ཚབས་ཆེ་བའི་འཇིགས་སྐུལ་ཞིག་ཐེབ་གྲབས་ཡོད་པ་རྟོགས་ཐུབ།
པར་རིས་བར་འཁྱམས།
རྩོམ་སྒྲིགཟིན་ཐོ་འམ་དཔྱད་གཞི།
རྩོམ་སྒྲིག- ↑ "ལོ་ཆུང་བྱིས་པའི་ཤེས་བྱའི་གཏེར་མཛོད།" ༼གནའ་བོའི་རོ་མའི་དར་རྒྱུད།༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༦