ཡུལ་ཤུལ་
༼ཡུལ་ཤུལ་༽ཞེས་པའི་མིང་བོད་ཡིག་ལས་འབྲི་ཐབས་
དག་ཐེར་བྱེད་པ་སྐོར་གྱི་བརྡ་སྦྱོར།
གངས་ཆབ་ཡིག་སྒྱུར་ལས་སྒྲུབ་ཁང་གིས་རྒྱ་ཡིག་ནས་བསྒྱུར།
རྫོང་༼གྲོང་ཁྱེར་༽དང་ཁུལ་ཐད་གཏོགས་ཀྱི་ལས་ཁུངས། མི་དམངས་ཀྱི་ཚོགས་པ། ཡུལ་ཤུལ་གྱི་སྡེ་ཚན་ཞིང་ཆེན་དུ་སྡོད་པའི་ཐད་ཀར་དོ་དམ་བྱེད་མཁན་གྱི་ཚན་པ་ཁག་ལགས།
ཀྲུང་གུང་ཡུལ་ཤུལ་ཁུལ་ཨུད་ཀྱིས་བརྒྱུད་པའི་ཡིག་ཆ་ཨང་༢༢༧དང་ཁུལ་མི་དམངས་སྲིད་གཞུང་གིས་བརྒྱུད་པའི་ཡིག་ཆ་ཨང་༦༣༨པའི་མཛུབ་སྟོན་གྱི་དགོངས་དོན་དང་། མཚོ་སྔོན་ཞིང་ཆེན་གྱི་བོད་རིགས་ཞིབ་འཇུག་ཚོགས་པའི་མཚོ་བོད་ཞིབ་འཇུག་༢༠༡༨ལོའི་ཨང་༡༢པའི་《༼ཡུལ་ཤུལ་༽ཞེས་པའི་མིང་བོད་ཡིག་གི་འབྲི་ཚུལ་མང་བའི་གནད་དོན་གྱི་གསལ་བཤད་དང་སྙན་ཞུ་》ཡི་བླང་བྱར་གཞིགས། འབྲེལ་ཡོད་གནས་ཚུལ་གྱི་བརྡ་སྦྱོར་གཤམ་གསལ་ལྟར།
གཅིག སྤྱི་ལོ༢༠༡༧ལོའི་ཟླ་༣པར་ཡུལ་ཤུལ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་སྒྲིག་འཛུགས་བྱས་ཤིང་ཁུལ་སྲིད་གཞུང་གཞུང་དོན་ཁང་དང་ཁུལ་དང་རྫོང་དམངས་སྲིད་ཅུས། ཁུལ་དང་རྫོང་མི་རིགས་སྐད་ཡིག་ལས་དོན་གཞུང་ལས་ཁང་སོགས་ཚན་པ་དང་སྡེ་ཁག་རྣམས་ཞུགས་པའི་༼ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་བོད་སྐད་ཀྱི་ས་མིང་ཚད་ལྡན་ཅན་དུ་གཏོང་བའི་ཐག་གཅོད་བྱེད་པའི་བགྲོ་གླེང་༽སྐོང་འཚོག་བྱས་ཤིང་ཚན་ཁག་ཆེན་པོ་བཞིའི་ཐིང་རིམ་པའི་འགོ་ཁྲིད་དང་དམིགས་བསལ་གདན་ཞུས་གྱི་རྒྱལ་ཁབ་རིམ་པ་དང་ཞིང་ཆེན། གྲོང་ཁྱེར། ཁུལ་བཅས་གྱི་ཆེད་མཁས་པ་༧༠ལྷག་ཚོགས་འདུར་ཞུགས་ལ། ཚོགས་ཞུགས་མཁས་དབང་དག་གིས་ཞིབ་འཇུག་དང་བགྲོ་གླེང་བྱས་པ་བརྒྱུད། ས་མིང་ཚད་ལྡན་ཅན་དུ་གཏོང་བའི་ཐག་གཅོད་བྱེད་ཕྱོགས་ཀྱི་རྩ་དོན་ལྟར། བོད་ཀྱི་སྲོལ་རྒྱུན་རིག་གནས་དང་ཡུལ་ཤུལ་གྱི་ལོ་རྒྱུས། ཆེད་ལས་མི་སྣའི་ར་སྤྲོད་བྱས་པའི་དཔྱད་རྩོམ་བཅས་ལ་གཞི་བཟུང་ནས། ཡུལ་ཤུལ་ས་ཁུལ་གྱི་སྲོལ་རྒྱུན་རིག་གནས་ལ་མ་ལྟས་བར་རྐང་བཙུགས་ནས་ངོ་དགའ་སྤྲེལ་ལད་དང་ནུས་མེད་ཉམས་སྟོན། མིང་དོན་མི་མཚུངས་བའི་སྲིད་འཛིན་ས་ཆ་ཁ་ཤས་ཀྱི་མིང་བསྒྱུར་ཐབས་ནོར་བ་དང་ཡི་གེའི་ཉེར་སྤྱོད་ཚད་ལྡན་མ་ཡིན་པ་༼ཡུལ་ཤུལ་༽ལ་༼ཡུས་ཧྲུའུ་༽བྲིས་པ་སོགས་ཡུལ་ཤུལ་གྱི་བོད་ཡིག་སྲིད་འཛིན་ས་མིང་གི་གནད་དོན་༢༧༣་ཚད་གཞི་ཅན་ལ་ཐག་གཅོད་བྱས་པ་ལེགས་གྲུབ་བྱུང་བ་མ་ཟད། ཞིང་ཆེན་མི་རིགས་ལས་དོན་ཨུ་ལྷན་དང་ཞིང་ཆེན་ཁུལ་དབྱེའི་ས་མིང་ཁྲུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་ས་མིང་གཞུང་ལས་ཁང་སོགས་ལ་ཐོ་འགོད་སྙན་སེང་ཡང་ཞུས་ཤིང་ཁུལ་ཡོངས་ཀྱི་ཁྱབ་ཁོངས་སུ་སྤྱི་བསྒྲགས་བྱས་སོ།
གཉིས་པ། སྤྱི་ལོ་༢༠༡༨ལོའི་ཟླ༨པར་ཡུལ་ཤུལ་དུ་༼ཡུལ་ཤུལ་གྱི་གཙང་གསུམ་ཆུ་འགོའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གླེང་སྟེགས༽སྤེལ་བའི་ཁྲོད། ཆེད་མཁས་པ་དང་མཁས་དབང་ཚོས་༼ཡུལ་ཤུལ༽གྱི་བོད་ཡིག་གི་ས་མིང་འབྲི་ཐབས་དག་ཐེར་བྱེད་རྒྱུ་ནི་བོད་ཀྱི་རིག་གནས་རྒྱུན་མཐུད་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་ངེས་ཤིང་། ས་མིང་ཚད་ལྡན་ཅན་དུ་འབྲི་བ་མི་རིགས་མཐུན་སྒྲིལ་སྲ་བརྟན་གྱི་རྩ་བའི་གནས་ས་ཡིན་ཞིང་། ཀྲུང་ཧྭའི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོ་ཁྲོད་ཀྱི་རིག་གནས་དང་སྤྱི་ཚོགས། ལོ་རྒྱུས་དང་ས་ཁམས་བཅས་ཀྱི་དོན་སྙིང་སྟེགས་བཞིན་ཡོད་པས། རྒྱ་ཆེའི་མང་ཚོགས་ཀྱི་བླང་བྱ་དྲག་པོ་ལ་བརྩི་འཇོག་བྱས་ཏེ་ཡུལ་ཤུལ་ཞེས་པའི་མིང་བོད་ཡིག་གི་འབྲི་ཐབས་དེ་ས་གནས་དེ་གའི་མི་རིགས་ཀྱི་གོ་དོན་གྱི་ས་མིང་འབྲི་སྟངས་ལྟར། གཅིག་གྱུར་དུ༼ཡུལ་ཤུལ༽འབྲི་བར་དག་ཐེར་བྱེད་པ་ནི་སྲིད་གཞུང་སྡེ་ཁག་གི་ཁ་ཚ་དགོས་གཏུགས་ཀྱི་ལས་དོན་ཡིན་པ་གཅིག་མཐུན་དུ་དགོངས།
གསུམ་པ། ད་ལམ། མཚོ་སྔོན་ཞིང་ཆེན་རིག་གནས་གསར་འགྱུར་དཔེ་སྐྲུན་ལས་རིགས་དང་ཡུལ་ཤུལ་གྱི་བརྒྱ་ཆ་༨༠ས་ཁུལ་དང་སྡེ་ཚན། མི་སྒེར་གྱིས་༼ཡུལ་ཤུལ༽ཞེས་པའི་བོད་ཡིག་ཚད་ལྡན་དུ་བཀོལ་སྤྱོད་བྱེད་བཞིན་ཡོད།
དེར་བརྟེན། ད་དུང་༼ཡུལ་ཤུལ་༽ཞེས་བོད་ཡིག་བཀོལ་སྤྱོད་ཚད་ལྡན་དུ་བཏང་མེད་པའི་ས་ཁུལ་དང་ཚན་པ་ཁག་གིས། གཞུང་ཐམ་དང་ཡིག་ཆ། སྒོ་བྱང་སོགས་ཚད་ལྡན་དུ་ཐག་གཅོད་བྱེད་དགོས་ལ། དུས་བཅད་ཟླ་བ་གཅིག་གི་ནང་དག་ཐེར་བྱ་དགོས་༼ཡིག་ཆ་འདི་འགྲེམ་སྤེལ་བྱས་པའི་ཉིན་ནས་བཟུང་། གཅིག་གྱུར་དུ་༼ཡུལ་ཤུལ༽ཞེས་པའི་མིང་དེ་བཀོལ་སྤྱོད་བྱ་དགོས༽ སྐབས་ཐོག་ཏུ་ངེད་གཞུང་ལས་ཁང་གིས་འབྲེལ་ཡོད་སྡེ་ཚན་དང་མཉམ་འབྲེལ་བྱས་ཏེ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱ་རྒྱུ་ཡིན།
ཡུལ་ཤུལ་ཁུལ་མི་རིགས་སྐད་ཡིག་ལས་དོན་གཞུང་ལས་ཁང་ནས།
སྤྱི་ལོ་༢༠༡༨ལོའི་ཟླ༡༠ཚེས༢༢ཉིན།
关于“玉树”一名藏文正字书写的通知
各县(市),州直各机关单位,各人民团体,省驻玉树各垂管单位:
根据中共玉树州委传阅文227号、州人民政府传阅文638号文批示精神,按照青海省藏族研究会青藏研【2018】12号《关于“玉树”藏文一名多写问题的说明报告》要求,现将相关情况通知如下:
一、 2017年3月由玉树州人民政府组织,州政府办公室、州县民政局、州县民族语文工作办公室等单位部门参加召开了“玉树藏族自治州藏语地名标准化处理研讨会”,四大班子厅级领导出席,特邀国家级和其他省市、州内专家70余人。经过与会专家学者研究探讨,按照地名标准化处理原则,依据藏族传统文化、玉树历史记载和专业人员的考证论文,对玉树地区不顾传统文化、刻意崇洋、虚张声势、名不符实的一些行政地名和行政地名译写不准确、用字不规范的“玉树”藏语地名༼ཡུས་ཧྲུའུ༽等存在问题的273个玉树藏语行政地名完成了标准化处理,并报省民委、省区划地名处、国务院地名办等备案,在全州范围内进行了公告。
二、2018年8月在玉树举办的“玉树三江源生态文明建设论坛”中,专家学者一致认为“玉树”藏语地名正字书写关系影响到藏族文化可持续发展,实现地名标准化是稳固民族团结的根本所在,承载着中华历史长河中的文化、社会、历史及其地理意义。认为尊重广大群众的强烈要求,将玉树的藏文应按当地本民族含义的地名正字书写,统一“玉树”藏文正字书写是政府部门的当务之急。
三、目前,青海省文化新闻出版界及玉树州80%的地区、单位和个人,正在规范使用玉树“ཡུལ་ཤུལ”藏文正字书写。
鉴于以上情况,请尚未进行规范使用玉树“ཡུལ་ཤུལ”藏文正字书写的各地区和单位,要求对公章、文件、门牌等藏文书写进行规范处理,限时一个月整改(自文件下发之日起,统一使用ཡུལ་ཤུལ),届时我办联合相关单位进行组织全面检查。
特此通知! 玉树州民族语文工作办公室 2018年10月22日