རི་དྭགས།
རི་དྭགས་ནི་རི་ལ་བཏགས་པ་བཞིན་དུ་རི་ལ་འཚོ་བས་ན་ཟེར་ལ། སྒྲའི་ལྕི་ཡང་དང་བརྗོད་ལུགས་དབང་གིས་སྔོན་འཇུག་གི་ཕོ་ཡིག་བ་ཉིད་དོར་བ་དང་། ཡི་གེའི་སྡེབ་སྦྱོར་ལུགས་ཀྱི་དབང་གིས་ཏ་ཡང་དར་བསྒྱུར་བ་དང་། སྔོན་འཇུག་དང་མིང་གཞི་གཉིས་སོ་སོར་དབྱེ་བར་ཝ་ཟུར་བཏགས་པར་དཔའ་རིས་སངས་རྒྱས་ནས་གསུངས།