རི་བོ་པོ་ཏ་ལ།
རི་བོ་པོ་ཏ་ལ་ནི་ཀྲེ་ཅང་ཞིང་ཆེན་གྱི་ཁོངས་སུ་ཡོད་ཅིང་མཚོ་ཐོག་གི་གླིང་ཕྲན་ཆུང་ངུ་ཁེར་ཆད་ཅིག་ཡིན། གླིང་ཕྲན་ཆུང་ངུ་དེའི་རྒྱ་ཁྱོན་ལ་སྟོང་སྨིས་གྲུ་བཞི་མ་༡༠ལས་མེད་ལ། "ཕྱི་རྒྱ་མཚོ་ཆེན་མོའི་ཆོས་ཀྱི་ཞིང་ཁམས་"ཞེས་པའི་མཚན་སྙན་ཡོད། རི་བོ་པོ་ཏ་ལ་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་གནས་རི་ཡིན་ལ། ངག་རྒྱུན་ལྷར་ན་མི་ཞིག་གིས་སྤྱན་རས་གཟིགས་ཀྱི་སྐུ་ཞིག་ཁྱེར་ཏེ་མཚོ་ཐོག་ནས་ལྗར་པན་ལ་འགྲིམས་རྩིས་བྱས་པར། ཐེངས་འགར་མཚོ་རླུང་གིས་རི་བོ་པོ་ཏ་ལ་རུ་དེད་བྱུང་བས། ཕྱིས་སུ་མི་རྣམས་ཀྱིས་སྤྱན་རས་གཟིགས་ཀྱི་སྐུ་དེ་རི་བོ་པོ་ཏ་ལ་རུ་སྤྱན་དྲངས་པ་རེད་ཟེར།[༡]
གསལ་བཤད།
རྩོམ་སྒྲིགཔར་རིས་བར་འཁྱམས།
རྩོམ་སྒྲིགཟིན་ཐོ་འམ་དཔྱད་གཞི།
རྩོམ་སྒྲིག- ↑ "འཛམ་གླིང་གི་ཡུལ་ལྗོངས།" ༼ཀྲུང་གོའི་བྱིས་པའི་ཤེས་བྱ་ཀུན་བཏུས།༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༧