སིའི་གོ་ལའི་ཐོག་གི་ལྕགས་རིགས་རྩ་ཆེན་ནི་རྒྱུན་དུ་ས་འོག་ཏུ་ཡོད། འོན་ཀྱང་སྒྱུ་སྐར་ཆུང་ བ་ནི་ཕྱི་ངོས་སུ་ལྕགས་རིགས་རྩ་ཆེན་མང་པོ་ཡོད། དཔེར་ན། གསེར་དང་ཕེལ་གསེར། ཡིན་ཡང་གཏེར་ཁ་ ཉར་ཚགས་བྱེད་པ་ཕུད། གཞན་སྒྱུ་སྐར་འདི་ཚོའང་ཚན་རིག་ཞིབ་འཇུག་གི་གདོང་ལེན་དཔུང་སྡེ་བྱས་ན་ ཆོག་པའོ། ། རྒྱུ་སྐར་ཆུང་ངུ་དག་ནི་གཟའ་མིག་དམར་དང་ཕུར་བུའི་མཚམས་སུ་གནས་ཡོད་ཅིང་། དེ་དག་ཀྱང་ ཉི་མར་འཁོར་སྐྱོད་བྱེད་ཀྱི་ཡོད།མ་གཞི་རྒྱུ་སྐར་ཆུང་ངུ་དག་ནི་རྒྱུ་སྐར་ཆུང་ངུའི་ཡོང་ཁུངས་གཙོ་བོ་ཡིན་ཡང་། ཉི་མའི་ཁྱིམ་རྒྱུད་ཀྱི་དབུས་ནས་རྒྱུ་སྐར་ཆུང་ངུ་ལ་རིགས་མི་འདྲ་བ་ཁག་གསུམ་ཙམ་ཡོད་པ་རྟོགས་ཤིང་། དེ་ དག་ནི་བྲག་རྡོའི་རྒྱུ་རྐར་ཆུང་ཆུང་དང་ཐན་རྒྱུའི་རྒྱུ་སྐར་ཆུང་ངུ་། དེ་མིན་ལྕགས་རིགས་ཀྱི་རྒྱུ་སྐར་ཆུང་ངུ་ བཅས་ཡིན། དེ་དག་སོ་སོའི་བོངས་ཚད་ནི་མི་གཅིག་ཅིང་། ཆེ་བའི་ཚངས་ཐིག་རྨིད་བརྒྱ་ལྷག་ཡོད་པ་དང་། ཆུང་བར་མཚོན་ན་ཁང་པའི་རྒྱ་ཁྱོན་ཙམ་ལས་མེད། ཀུང་སི་འགའ་ཞིག་ནི་མ་དངུལ་བཞག་སྟེ་རྒྱུ་སྐར་ཆུང་ ངུའི་གཏེར་ཁ་སྔོག་འདོན་གྱི་ཞིབ་འཇུག་བྱེད་བཞིན་ཡོད་ལ། དེ་དག་ཕལ་ཆེར་༢༠༢༥ལོའི་གོང་ནས་གཏེར་ཁ་ སྔོག་འདོན་གྱི་ཚོད་ལྟ་བྱེད་འགོ་བཙུགས་པའོ། ། རྒྱང་ཤེལ་གྱི་མིག་ཆེ་ཆུང་ག་ཚོད་ཡོད་དམ། དཔྱད་གྲངས་འདི་གནད་འགག་ཅིག་ཡིན། ཁ་ཞེང་དེ་བས་ཆེ་བ་བསྐྲུན་ཞིང་། ལྟ་ཞིབ་ཚད་ལེན་གྱི་ནུས་པ་སྔར་བས་ཆེ་བའི་རྒྱང་ཤེལ་དེ་བེད་སྤྱད་ནས་ འཇིག་རྟེན་གྱི་གསང་བ་ལ་ལྐོག་ཞིབ་བྱེད་རྒྱུ་ནི་གནམ་དཔྱད་རིག་པ་བ་རྣམས་ཀྱིས་ད་བར་དུ་བརྩོན་ལེན་བྱེད་ས་ཞིག་ཡིན། ཨ་རིའི་བར་སྣང་དྲ་བས་ཉེ་ཆར་རྩོམ་ཡིག་སྤེལ་བར། ཡོ་རོབ་གླིང་ནས་འཛུགས་སྐྲུན་བྱེད་བཞིན་ པའི་ཆེས་ཆེ་བའི་རྒྱང་ཤེལ་དེ་ནི་འཇིག་རྟེན་ལ་གསེབ་ལྟ་བྱེད་པའི་མིག་ཆེ་ཤོས་ཞིག་ཡིན་ལ། དེའི་ཁ་ཞེང་ལ་ རྨིད་༣༩.༣ཡོད་ཅེས་བརྗོད། འོན་ཀྱང་དོན་དངོས་ཐོག་བལྟོས་བཅས་ཀྱི་ཁ་ཞེང་དང་། གནམ་དཔྱད་རིག་པ་བ་ ཞིག་གི་ངོས་ན་བརྗོད་ན་ནུས་ལྡན་གྱི་ཁ་ཞེང་ནི་དེ་བས་དོན་སྙིང་ལྡན་པའི་དཔྱད་གྲངས་ཤིག་ཡིན། འོ་ན། ནུས་ལྡན་གྱི་ཁ་ཞེང་དང་ཁ་ཞེང་གཉིས་ལ་མི་འདྲ་བའི་ཆ་གང་ཡོད། གྲུབ་ཆ་གང་དག་གིས་ནས་ལྡན་ཁ་ཞེང་གྱི་ ཆེ་ཆུང་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་དམ། ༼གནམ་དཔྱད་རྒྱང་ཤེལ་ཕལ་ཆེ་བའི་ངོས་ནས་བརྗོད་ན། ཁ་ཞེང་དང་ནུས་ལྡན་ཁ་ཞེང་གཉིས་ལ་ཁྱད་པར་ཆེན་པོ་མེད།༽ ཅེས་ཀྲུང་གོའི་ཚན་རིག་ཁང་རྒྱལ་ཁབ་གནམ་དཔྱད་ལས་ཁུང་ཆིན་ལུང་ལྟ་ཞིབ་ཚད་འཇལ་ ས་ཚིགས་གྱི་ཞིབ་འཇུག་མཁན་གཞོན་པ་ཧྥན་ཀྲོའོ་ཡིས་ཚན་རིག་ལག་རྩལ་ཉིན་རེའི་ཚགས་པར་གྱི་གསར་བཀོད་པར་བཤད། འོན་ཀྱང་ཇུས་འགོད་སྒྲིག་གཞི་ཁྱད་པར་ཅན་གྱི་རྒྱང་ཤེལ་དག་ལ་མཚོན་ན། ཁ་ཞེང་དང་ནུས་ལྡན་ཁ་ཞེང་གཉིས་ལ་ཁྱད་པར་ཅུང་ཆེན་པོ་ཡོད། ། ཁ་ཞེང་ཞེས་པ་ནི་གནམ་དཔྱད་རྒྱང་ཤེལ་གྱི་དངོས་ལུགས་ཚངས་ཐིག་ཆེ་ཤོས་ཤིག་ཡིན། གཞན་ནུས་ ལྡན་གྱི་ཁ་ཞེང་ཞེས་པ་ནི་རྒྱང་ཤེལ་གྱིས་འོད་རྡུལ་གྱི་ཤེལ་ངོས་ལ་སོགས་པའི་ནུས་ལྡན་ཁ་ཞེང་དངོས་ཡོད་དང་ལེན་བྱད་ཐུབ་པ་ལ་ཟེར། ཧྥན་ཀྲོའོ་ཡིས་༼མ་གཞི་རྒྱང་ཤེལ་ཕལ་ཆེ་བ་རྣམས་ལ། ཤེལ་ངོས་ཀྱི་མདུན་དུ་ཚུགས་ སྒྲོམ་སོགས་དངོས་གཟུགས་ཀྱིས་འགོག་སྒྲིབ་བྱེད་ཀྱི་ཡོད། ཡིན་ཡང་བལྟོས་བཅས་ཀྱི་སྒོ་ནས་ཆུང་ཙམ་ཡོད་པས་ སྤྱིར་སྣང་མེད་དུ་འཇོག་ན་ཆོག་པ་ཡིན།༽ཞེས་གསུངས། འོན་ཀྱང་དམིགས་བསལ་འོད་རིག་ཇུས་འགོད་བྱས་ པར་བརྟེན། ནུས་ལྡན་གྱི་ཁ་ཞེང་དང་ཁ་ཞེང་གཉིས་ལ་ཁྱད་པར་ཆེན་པོ་ཡོད་སྲིད། དཔེར་ན། འཛུགས་སྐྲུན་ བྱེད་བཞིན་ཡོད་པའི་ཕྱོགས་བསྡུས་སྐོར་བསྐྱོད་ཆེ་གྲས་ཀྱི་རྒྱང་ཤེལ་LSSTལྟ་བུའོ། མ་གཞི་དེ་ཡི་ཤེལ་ངོས་ལ་ རྨིད་༨.༤ལས་མེད་ཀྱང་། ཁྱད་པར་ཅན་གྱི་འོད་རིག་ཇུས་འགོད་བྱས་པའི་དབང་གིས་གཙོ་ཤེལ་གྱི་ལྟེ་བའི་ཆ་ དེར་དོན་དངོས་ཐོག་རྨིད་༥ཡི་ཤེལ་སྒོ་ལས་གྲུབ་པ་ཞིག་ཡིན། དེར་བརྟེན་དོན་དངོས་ཀྱི་ཁ་ཞེང་ལ་རྨིད་༦.༦༨ཙམ་ལས་མེད་དོ། ། སྤྱིར་བཏང་གི་གློག་རླབས་གནམ་དཔྱད་རྒྱང་ཤེལ་གྱི་གནས་ཚུལ་ནི་འོད་ནུས་རྒྱང་ཤེལ་དང་ཕལ་ཆེར་གཅིག་མཚུངས་ཡིན། འོན་ཀྱང་སྒྲིག་གཞི་དམིགས་བསལ་དང་ལྡན་པའི་གློག་རླབས་གནམ་དཔྱད་རྒྱང་ཤེལ་ ནི་དེ་ལྟར་མིན། དཔེར་ན། FASTནི་མིག་སྔར་འཛམ་གླིང་ཐོག་ཁ་ཞེང་ཆེ་ཤོས་ཀྱི་གནམ་སྐུད་རྐྱང་པའི་གློག་ རླབས་གནམ་དཔྱད་རྒྱང་ཤེལ་ཡིན་པ་ལྟ་བུ། དེ་ནི་ཆེས་ཆེ་བའི་མིག་ཟུང་ཞིག་དང་འདྲ་བར་ཀུའུ་ཀྲོའོ་ཞིང་ཆེན་ ཆན་ནན་པུའུ་ཡིའི་མི་རིགས་མོའོ་རིགས་རང་སྐྱོངས་ལྗོངས་ཏཱ་ཨོའོ་ཏང་ཝ་ས་ཁུལ་དུ་ཕྲ་རྒྱན་འགོད་པ་ཡིན། འདི་ཡང་དེ་དང་གཞན་རྒྱང་ཤེལ་ཕལ་ཆེ་བ་དང་མི་འདྲ་བའི་ས་ཞིག་ཡིན། FASTཡི་ཞབས་ར་ནི་སྤྱིའི་ཆ་ནས་ འགུལ་བསྐྱོད་བྱེད་མི་རུང་བའོ། ། སྤྱིར་བཏང་གི་རྒྱང་ཤེལ་ལ་འཕྲེད་གཞུང་འཇལ་ཆས་ཞེས་པའི་སྒྲིག་ཆས་ཤིག་འཁྱེར་རྒྱུ་ཡོད། དེ་ནི་ རྣམ་ཀུན་གྱི་མཛེས་ཆོས་ཤེལ་སྒོའི་ཞབས་ར་དང་འདྲ་ཞིང་། རྒྱང་ཤེལ་ཏུའུ་༣༦༠འཁོར་བསྐྱོད་བྱེད་ཐུབ། ཤར་ནས་ཤར་ཞིང་ནུབ་ནས་ནུབ་སྟེ་འགུལ་བསྐྱོད་བྱེད་པའི་ནང་དུ་གནས་པའི་སྐར་མའི་གོ་ལར་ལྟ་དཔྱད་ཚད་འཇལ་བྱེད་སྐབས་ཞབས་ར་ཡིས་ཤེལ་ངོས་འདྲེན་ནས་སྐར་མའི་གོ་ལ་དང་མཉམ་དུ་འགུལ་བསྐྱོད་བྱེད། དེ་ནས་ བཟུང་འོད་ལེན་རྗེས་སྙེག་བྱེད་པའི་ངང་ཚུལ་དེ་རྒྱུན་འཁྱོངས་བྱས་པའོ། དེས་ན་ཞབས་ར་མེད་ན་གང་འདྲ་བྱེད་དགོས། མཚམས་འདིར་FASTདང་༤༤༤༣གཉིས་ཀྱི་ལྡོག་འཕྲོའི་ངོས་ཀྱི་ངོས་པང་སྐོར་ལ་གླེང་དགོས་ཏེ། “FASTནམ་མཁའི་དངོས་ཡོད་ཀྱི་བརྗེས་སྙེག་ནི་ཤེལ་ངོས་གྲུབ་པའི་འཕངས་དངོས་ཀྱི་ངོས་དག་ལས་འགྲུབ་པ་ཞིག་ཡིན། ”ཀྲུང་གོའི་ཚན་རིག་ཁང་རྒྱལ་ཁབ་གནམ་དཔྱད་ལས་ཁུང་གི་ཞིབ་འཇུག་མཁན་ཅང་ཕང་ཡིས་གསུངས་པར། FASTའདི་འཕོར་པ་ཆེན་པོ་ཞིག་ལ་བསམ་སྟེ། དེའི་ནང་གི་ཚངས་ཐིག་ནི་འཕོར་པའི་ཁ་ཆུང་བ་ཡི་འཕངས་དངོས་ཤེལ་སྒོ་དང་བསྟུན་ནས་ལྟ་དཔྱད་ཚད་འཇལ་གྱི་དམིགས་འབེན་ས་གནས་བར་མཚམས་མེད་པར་འགུལ་བསྐྱོད་ཀྱིས་བརྗེས་སྙེག་བྱེད་ཅིང་། ཁ་ཞེང་ཆེ་ཆུང་ནི་འཕངས་དངོས་ཤེལ་སྒོ་ཡི་ཚངས་ཐིག་ཡིན། ཤེལ་ངོས་ཀྱི་མཐུད་སྦྱོར་དང་ཚོད་འཛིན་གྱི་ཞིབ་ཚད་ཀྱང་ནུས་ལྡན་རྒྱང་ཤེལ་ལ་ཤུགས་རྐྱེན་ཐེབས་པའི་ གྲུབ་ཆ་ཞིག་ཡིན། ཅང་ཕང་གིས་གསུངས་པར། མཉམ་སྒྲིག་འཕངས་དངོས་ཀྱི་ངོས་ནི་སྤྱི་མདོ་མཉམ་སྤྱོད་བྱེད་ ཐུབ་པ་དགོས། ནམ་མཁའི་ཁམས་ལ་བལྟ་སྐབས་དེ་བས་གསལ་བ་དང་དེ་བས་རྒྱང་རིང་ཞིང་རབ་རིབ་ཀྱི་ནམ་ མཁའི་ཁམས་མཐོང་ལ། འདིར་ཧ་ཅང་གནད་ལ་འཁེལ་ཞིང་ལག་རྩལ་ཁོང་དུ་ཆུད་པའི་ནུས་པ་དགོས། མིག་སྔར་མིའི་རིགས་ཀྱིིས་བཟོ་སྐྲུན་ཐུབ་པའི་འོད་ནུས་རྒྱང་ཤེལ་གྱི་ཚངས་ཐིག་ཆེ་ཤོས་ནི་རྨིད་༨.༤ཡས་མས་ཡིན་ཞིང་། ཚངས་ཐིག་ནི་གྲངས་ཚད་འདི་ལས་ཆེ་བའི་རྒྱང་ཤེལ་ཚང་མར་ཤེལ་ངོས་མང་པོ་ཞིག་ མཉམ་སྒྲིག་བྱས་པ་ལས་གྲུབ་པ་ཡིན།ཡོ་རོབ་གླིང་གི་ཆེས་ཆེ་བའི་རྒྱང་ཤེལ་མ་འོངས་སྙོམ་སྒྲིག་ཚོད་ལྟ་བྱེད་པའི་ རྒྱུད་རིམ་ནང་ཤེལ་ངོས་དེའི་མཐུད་སྦྱོར་ཞིབ་ཚད་མཐོ་རུ་གཏོང་རྒྱུ་ནི་ལྟ་དཔྱད་ཚད་འཇལ་གྱི་ནུས་པ་འདོན་སྤེལ་བྱེད་པའི་གོ་རིམ་གལ་ཆེན་ཞིག་ཡིན།

པར་རིས་བར་འཁྱམས། རྩོམ་སྒྲིག

ད་དུང་གཟིགས། རྩོམ་སྒྲིག

ཕྱི་ཕྱོགས་དྲ་མཐུད། རྩོམ་སྒྲིག

དཔྱད་གཞིའི་དཀར་ཆག རྩོམ་སྒྲིག