Open main menu

Wikipedia β

རྩ་རྫས་དང་རྩ་རྫས་ཀྱི་ཁྱད་ཆོས།

རྩ་རྫས་དང་རྩ་རྫས་ཀྱི་ཁྱད་ཆོས།Edit

མ་རྡུལ་རིགས་གཅིག་ཁོ་ལས་གྲུབ་པའི་སྤུས་གཙང་གི་དངོས་རྫས་ཤིག་ལ་རྩ་རྫས་ཟེར། རྩ་རྫས་རྣམས་ནི་རྩ་རྫས་སོ་སོའི་རྡུལ་གྲངས་ཀྱིས་དབྱེ་འབྱེད་དང་ངོས་འཛིན་བྱེད་ཐུབ། རྡུལ་གྲངས་ཞེས་པ་ནི་རྩ་རྫས་དེའི་མ་རྡུལ་གྱི་ལྟེ་ཉིང་ནང་ཡོད་པའི་ཕོ་རྡུལ་གྱི་གྲངས་འབོར་དེ་ཡིན། ད་བར་ཁྱོན་རྩ་རྫས་གྲངས་༡༡༨ ངོས་འཛིན་བྱུང་ཡོད་པ་ལས་རྩ་རྫས་ ༩༤ ནི་རང་བྱུང་དང། དེ་བྱིངས་རྩ་རྫས་རྣམས་ནི་ལྟེ་ཉིང་སྦྱོར་འགྱུར་གྱིས་བཟོས་པ་ཤ་སྟག་ཡིན། རང་བྱུང་རྩ་རྫས་དེ་དག་ལས་ཡང་རླུང་(hydrogen)དང་ཉི་རླུང་(helium)གཉིས་ནི་འཇིག་རྟེན་གྱི་བྷང་སྒྲ་ཆེན་པོའི་དུས་སྐབས་ནས་བྱུང་བར་འདོད་པ་དང། དེ་བྱིངས་རང་བྱུང་རྫས་གཞན་རྣམས་ནི་འཛམ་གླིང་གི་གོ་ལ་འདི་ཉིད་ཀྱི་གྲུབ་རིམ་དང་ལྷན་དུ་རིམ་བཞིན་གྲུབ་པར་འདོད། དེ་ཡང། རྡོ་རྫས་(lithium)དང། སྐྱ་མངར།(Berylium) དེ་བཞིན་ཚ་ནག་(Boron)ལས་ལྗིད་ཚད་ཆེ་བའི་རང་བྱུང་རྩ་རྫས་གཞན་རྣམས་ནི་སྐར་ནུས་ཉིང་སྦྱོར་(stellar nuleosynthesis)གྱིས་གྲུབ་པར་འདོད། རྡུལ་གྲངས་ ༩༤ ཡན་གྱི་རྩ་རྫས་རྣམས་ལ་འགྱེད་རྒུད་ཀྱི་རང་བཞིན་ལྡན་ཞིང། ཚེ་ཕྱེད་(half life)ཡང་ཧ་ཅང་ཐུང་ངུ་ཡིན་རྐྱེན་འཛམ་གླིང་ཐོག་རང་བཞིན་གྱིས་འབྱུང་བ་ཤིན་ཏུ་དཀའ།