རྩངས་པ་སྐར་ཚོམ་ Lacerta


རྩངས་པ་སྐར་ཚོམ་ནི་ནམ་མཁའ་བྱང་མའི་སྐར་ཚོམ་ཚོགས་ཀྱི་གཅིག་ཡིན་པ་དང་། དེ་ངང་དཀར་སྐར་ཚོམ་དང་དྲང་སྲོང་བཙུན་མོའི་སྐར་ཚོམ། ལྷ་མོའི་སྐར་ཚོམ་བཅས་ཀྱི་བར་ན་གནས་ཡོད། སྐར་ཚོམ་འདིའི་རྒྱ་ཁྱོན་ལ་ཏུའུ་གྲུ་བཞི་མ201ཡོད་ལ། ནམ་མཁའ་ཡོངས་ཀྱི་སྐར་ཚོམ་བརྒྱད་ཅུ་གྱ་བརྒྱད་ཁྲོད་སྐར་ཚོམ་འདིའི་རྒྱ་ཁྱོན་ཨང་རིམ་དྲུག་ཅུ་རེ་བརྒྱད་པ་ཡིན། སྐར་ཚོམ་འདི་སྤྱི་ལོ1687ལོར་པོ་ལིན་རྒྱལ་ཁབ་ཀྱི་གནམ་དཔྱད་རིག་པ་བ་ཧོ་ཝེ་སིས་གསར་གཏོད་བྱས་པ་ཡིན།