ལྷ་རི་སྔགས་རམས་པ་བློ་བཟང་འབྱུང་གནས།

༡༢:༡༨, ༤ ཟླ་བརྒྱད་པ། ༢༠༡༣ (UTC)པོ་ཏ་ལར་བཞུགས་པའི་དགེ་ལུགས་གསུང་འབུམ་ཀྱི་དཀར་ཆགས་་པོད་གྲངས ༡ ལྡེབ་གྲངས། ༥༣༧-༥༣༩ ལྷ་རི་བློ་བཟང་འབྱུང་གནས་ཀྱི་གསུང་འབུམ་གྱི་དཀར་ཆགས་དང་རྣམ་ཐར་མདོར་བསྡུས།

༡༽ བླ་མའི་རྣལ་འབྱོར་མཆོག་ཐུན་དངོས་གྲུབ་འབྱུང་གནས་དང་། མགུར་མ། བསངས་མཆོད་བཅས་ཀྱི་སྐོར། ༤༩།

༢༽ བྱང་ཆུབ་ལམ་གྱི་རིམ་པའི་སྦྱོར་བའི་ཆོས་དྲུག་ཐེག་མཆོག་བགྲོད་པའི་ཉེ་ལམ་ལ། ༢༠།

༣༽ དམ་ཅན་གཤིན་རྗེ་ཆོས་ཀྱི་རྒྱལ་བོ་ཕྱི་ནང་སྦྲགས་མའི་གཏོར་སྒྲུབ་གནམ་ལྕགས་རྡོ་རྗེའི་ཐོགས་ཆེན་ལ། ༩།

༤༽ གཏོར་ཆེན་ཟུར་དགུ་བའི་འདོན་ཆོག་ཁྲིགས་སུ་བསྡེབས་པ་ཕྲ་བགེགས་གཞོམ་བའི་གནམ་ལྕགས་ཐོག་མདའ་ལ། ༩

༥༽ ཕྱག་ན་རྡོ་རྗེ་གཏུམ་ཆེན་ལ་བརྟེན་པའི་ཚོགས་ཀྱི་འཁོར་ལོ་བདེ་ཆེན་རྒྱ་མཚོ་ལ། ༣

༦༽ ཐུགས་སྒྲུབ་གཏེར་ཁ་གོང་མའི་བླ་བརྒྱུད་གསོལ་འདེབས་ལ། ༣

༧༽ པདྨ་དྲག་པོའི་ཐུགས་སྒྲུབ་གཏེར་ཁ་གོང་མ་མངའ་བདག་ཉང་གི་ལུགས་ལས་བྱང་དྲེག་པ་ཀུན་འདུལ་ལ། ༡༣

༨༽ གཏེར་ཁ་གོང་མའི་ཕུགས་ཀྱི་པདྨ་དྲག་པོའི་གཏོར་བཟློག་གནམ་ལྕགས་རྡོ་རྗེའི་ཕ་ལམ་ལ། ༡༦

༩༽ པད་མ་དྲག་པོའི་བཀའ་སྲུང་མ་མགོན་སྡེ་བརྒྱད་ལ་མཆོད་གཏོར་འབུལ་ཚུལ་ལ། ༥

༡༠༽ འཇམ་དཔལ་གཤིན་རྗེ་གཤེད་ཀྱི་ལས་བྱང་དངོས་གྲུབ་རྒྱ་མཚོ་ལ། ༢༡

༡༡༽ འཇམ་དཔལ་གཤིན་རྗེ་གཤེད་ཀྱི་ལས་མཐའ་དྲག་པོའི་སྦྱིན་སྲེག་དགྲ་བགེགས་མཐར་བྱེད་ལ། ༧

༡༢༽ འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་དྲག་པོ་ཟོར་གྱི་ལས་རིམ་དགྲ་བགེགས་འཇོམས་བྱེད་ཕ་ལམ་ལ། ༢༠

༡༣༽ གཏེར་སྲུང་བརྒྱད་ཀྱི་གཏོར་འབུལ་ལ། ༣

༡༤༽ གཅོད་ཁྲིད་གདན་ཐོག་གཅིག་མ་སྐལ་ལྡན་ཉེ་ལམ་ལ། ༡༡

༡༥༽ མ་ཁྲོས་མ་ནག་མོའི་ཆོ་ག་སྐལ་ལྡན་རེ་སྐོང་ལ། ༡༤

༡༦༽ མ་ཅིག་མཁའ་འགྲོ་སྡེ་ལྔའི་སྒོ་ནས་བགེགས་མཚམས་གཅོད་པའི་འཕྲིན་ལས་གནམ་ལྕགས་འཁོར་ལོ་ལ། ༣

༡༧༽ མ་ཅིག་ཁྲོས་མའི་སྒོ་ནས་ལྷ་འདྲེ་སྤྱི་ལ་དྲག་དམིགས་འབྱེད་ཚུལ་ལ། ༣

༡༨༽ ཁྲོས་མ་ནག་མོའི་དྲག་དམིགས་ཨར་གཏད་དགྲ་བགེགས་དཔུང་འཇོམས་ལ། ༦

༡༩༽ དེའི་སྦྱིན་སྲེག་ལ། ༨

༢༠༽ དེའི་འཕྲིན་ལས་གྲི་འདུལ་གྱི་ཆོ་ག ༨

༢༡༽ དེའི་གཏོར་རྒྱག་བདུད་དཔུང་འཇོམས་པའི་མཚོན་ཆ་ལ། ༢

༢༢༽ མཁྱེན་དགོངས་དམོད་བཅོལ་རབ་རྒྱས་རྡོ་རྗེའི་སྒྲ་དབྱངས་ལ། ༧

༢༣༽ ཁྲོས་མ་ནག་མོའི་ལྷ་ལྔའི་སྒོ་ནས་དགྲ་བགེགས་བཟློག་པའི་ཟོར་ལས་བདུད་དཔུང་ཀུན་འཇོམས་ལ། ༣༡

༢༤༽ དེའི་མདུན་བསྐྱེད་ཆོ་གའི་བཟླས་དམིགས་ལ། ༡

༢༥༽ བེའུའི་རེའུ་མིག་ལ། ༡

༢༦༽ ཁྲོས་ནག་གི་སྒོ་ནས་གཤིན་པོའི་སྦྱང་ཆོག་ཐར་ལམ་སྒོ་འབྱེད་ལ། ༡༠

༢༧༽ མཁའ་འགྲོ་སྡེ་ལྔའི་ཚོགས་མཆོད་སྐལ་ལྡན་ལོངས་སྤྱོད་ཅེས་བྱ་བ་ལ། ༦

༢༨༽ མཁའ་འགྲོ་ཤ་ཟ་ཧོར་མོའི་སྒྲུབ་ཐབས་དུག་གི་སྤུ་གྲི་ལ། ༧

༢༩༽ གཡང་ར་བ་སྒོ་བཞིའི་བརྩོན་ཡར་རྟེན་འཛུགས་བསམ་དོན་ལྷུན་འགྲུབ་ལ། ༧

༣༠༽ གསང་བདག་རྡོ་རྗེའི་ཟོར་ལས་ལ། ༡༢

༣༡༽ དཔལ་ལྡན་ལྷ་མོ་རེ་མ་ཏིའི་གཏོར་ཆོག་ལ། ༡༦

༣༢༽ ཁྲོས་མ་ནག་མོའི་སྒོ་ནས་གཤིན་པོའི་སྦྱང་ཆོག་ལ། ༡༡

༣༣༽ མཁའ་འགྲོ་སྡེ་ལྔའི་ཚོགས་མཆོད་སྐལ་ལྡན་ལོངས་སྤྱོད་ལ། ༧


ལྷ་རི་བློ་བཟང་འབྱུང་གནས་ནི་སྤྱི་ལོ་དུས་རབས་བཅོ་བརྒྱད་པའི་ནང་འཁྲུངས་པ་དང་། རྗེ་འདིས་ཁྲི་ཆེན་བསྟན་པ་རབ་རྒྱས་བསྟེན་ནས་མདོ་སྔགས་ཀྱི་ཆོས་མང་དུ་གསན། མཛད་རྣམ་མ་རྙེད་པས་འདིར་ཞིབ་ཆ་འབྲི་མ་སྤོབས། གསུང་འབུམ་པོད་གཅིག་བཞུགས།

ལྷ་རི་དགོན་དུ་བཞུགས་པའི་སྔགས་རམས་བློ་བཟང་འབྱུང་གནས་ཀྱི་གསུང་འབུམ་པོད་གཅིག་ཤོག་གྲངས་སུམ་བརྒྱ་དྲུག་ཅུ་རྩ་གཅིག་དང་ཆོས་ཚན་ཉེར་དྲུག་ཡོད་འདུག་ཟེར། དོ་རྒྱ་དགེ་བཤེས་བསོད་ནམས་ཡེ་ཤེས་ནས་མཁོ་འདོན་བྱས།།