ཤར་ཁུམ་བུ་རྫོང་ནི། བལ་ཡུལ་རྒྱལ་ཁབ་ཀྱི་ཤར་ཕྱོགས་ཇོ་གླང་མངའ་སྡེའི་ཁོངས་གཏོགས་ཀྱི་རྫོང་ཆེན་དྲུག་པོའི་ཡ་གྱལ་ཞིག་ཡིན། ས་ཆའི་རྒྱ་ཁྱོན་ལ་ཀི་ལོ་མི་ཊར་ ༣༣༡༢ སུམ་སྟོང་སུམ་བརྒྱ་བཅུ་གཉིས་དང་། མི་འབོར་ཆིག་འབུམ་ལྔ་སྟོང་ལྷག་འཚོ་སྡོད་བྱེད། འཛམ་གླིང་ནང་གི་གངས་རི་མཐོ་ཤོས་ཇོ་མོ་གླང་མའང་རྫོང་འདིའི་ས་ཁོངས་སུ་གཏོགས།