ས་སྐྱ་དང་འབྲི་གུང་གཉིས་བར་འགལ་བ་བྱུང་ཚུལ།

འགྲོ་མགོན་ས་པཎ་གྱི་སྐབས་ནས་ས་འབྲིའི་དབར་གྱི་འགལ་བ་ཡོད་མུས་དང་། འགོ་མགོན་འཕགས་པ་འདས་རྗེས་འབྲི་གུང་པའི་ངོ་ལོག་སྔར་ལས་ཆེ་བ་བྱུང་ཞིང་། ཕྱི་ལོ་ ༡༢༩༠ ལོར་དངོས་སུ་དམག་འཁྲུག་བྱུང་། དམག་འཁྲུག་འདིའི་འབྱུང་ཁུངས་དངོས་ནི་ཕག་གྲུའི་གདན་སར་སྐུ་ཞིག་བསྐོ་མིན་གྱི་སྐོར་ནས་རྩོད་པ་བྱུང་བ་ཡིན་ཞིང་། དེ་ཡང་ཕག་གྲུ་ཁྲི་སྐོར་གྱི་བདག་དབང་དང་འབྲེལ་ནས་རྩོད་པ་བྱུང་བ་ཡིན།