སུང་ཐའེ་ཙུའུ་(༩༢༧-༩༧༥)(རྒྱ་སྐད།: 宋太祖)ཀྲའོ་ཁོང་དབྱིན་(རྒྱ་སྐད།: 赵匡胤)ནི་སུང་རྒྱལ་རབས་ཀྱི་རྒྱལ་ཁབ་འཛུགས་ལཁན་གོང་མཡིན​། ཁོང་ནི་མ་གཞིར་ཀྲོའུ་ཕྱི་མའི་དམག་དཔོན་ཆེན་མོ་ཞིག་ཡིན་ལ་ཀྲོའུ་ཧྲི་ཙུང་གིས་ཡིན་ཆེས་བརྟན་པོ་བྱེད། ཀྲོའུ་ཧྲི་ཙུང་གྲོངས་རྗེས། ཁོང་གིས་ཁྲེན་ཆའོ་ས་ཆར་དམག་འགྱུར་བསླངས་ནས་རང་ཉིད་གོང་མ་མཛད་དེ་སུང་རྒྱལ་རབས་བཙུགས། ཁོང་གིས་དམག་འགྱུར་ལ་བརྟེན་ནས་སྲིད་དབང་བླངས་པ་ཡིན་པས། སྲིད་དབང་བཅད་བཟུང་དང་དམག་དཔོན་གྱིས་སྒེར་གཅོད་བྱེད་པ་སོགས་ཀྱི་ཉེན་ཁ་གསལ་བོར་མཁྱེན་གྱིན་ཡོད་པར་བརྟེན། གོང་མརྒྱལ་པོ་བྱས་ནས་ལོ་ངོ་གཅིག་ཀྱང་མ་འགོར་པར། གསོལ་སྟོན་མཚན་གསོལ་ལམིང་གཡར་ནས་དྲིན་གཟོ་དང་དྲག་ཤུལ་སྦྲགས་མར་སྤྱད་དེ་དམག་དཔོན་འགའ་ཞིག་ལ་དམག་དབང་སྤྲོད་དུ་བཅུག་པ་ལ། ལོ་རྒྱུས་སྟེང་དུ་"ཆང་ཕོར་བཏེགས་ནས་དམག་དབང་བླངས་"ཞེས་སུ་བརྗོད། དུས་དེ་ནས་བཟུང་སྲིད་དབང་དང་དམག་དབང་། ནོར་དབང་སོགས་ཚང་མ་དབུས་སྲིད་དུ་དབང་བར་མཛད་དེ་དབུས་སྲིད་དུ་དབང་ཆ་གཅིག་སྡུད་བྱེད་པའི་ལམ་ལུགས་ལ་ཤུགས་སྣོན་མཛད།[]

པར་རིས་བར་འཁྱམས།

རྩོམ་སྒྲིག

ཟིན་ཐོ་འམ་དཔྱད་གཞི།

རྩོམ་སྒྲིག

དཔྱད་གཞིའི་དཀར་ཆག:

  1. ལོ་རྒུས་བཤད་པ། ༼ཀྲུང་གོའི་བྱིས་པའི་ཤེས་བྱ་ཀུན་བཏུས།༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༧

དཔྱད་གཞིའི་དཀར་ཆག།

རྩོམ་སྒྲིག

ད་དུང་གཟིགས།

རྩོམ་སྒྲིག

ཕྱི་ཕྱོགས་དྲ་མཐུད།

རྩོམ་སྒྲིག