སེལ་འོ་སུ་འན་གྱི་སྐད

སེལ་འོ་སུ་འན་གྱི་སྐད (ślōnskŏ gŏdka, ślōnski, མཚམས་ལ་རེར་ད་དུང po naszymuཞེས་སུ་འབོད) ནི་ཕོ་ལན་རྒྱལ་ཁབ་ཀྱི་སེལ་འོ་སུ་འན་ས་ཁུལ་གྱི་མིས་ཤོད་བཞིན་པའི་སྐད་ཆ་ཞིག་ཡིན། དེ་ལས་གཞན་ད་དུང་ཆད་སི་ཁོ་སྤྱི་མཐུན་རྒྱལ་ཁབ་དང་འཇར་མན་དུ་སྐད་རིགས་འདི་འཆད་མཁན་ཡོད་ལ། སྤྱི་ལོ ༢༠༠༢ སེད་འོ་སུ་འན་གྱི་མི ༥༦ ༠༠༠ ཉེ་བ་ཙམ་གྱི་སེལ་འོ་སུ་འན་གྱི་སྐད་ཁོ་ཚོས་ཕ་སྐད་ཡིན་པར་ཁྱབ་བསྒྲགས་བྱས། འོན་ཀྱང་ཚོད་དཔག་ལྟར་ན་མི་གྲངས ༡ ༢༥༠ ༠༠༠ ཉེ་བ་ཙམ་གྱི་སྐད་འདི་རྒྱག་བཞིན་ཡོད། སེལ་འོ་སུ་འན་ནི་ཕོ་ལན་སྐད་དང་ཉེ་ལ་དེའི་རྐྱེན་གྱི་སྐད་རིགས་སྨྲ་བ་ཚོས་སྐད་འདི་ཕོ་ལན་སྐད་གྱི་ནང་གསེས་ཡུལ་སྐད་ཅིག་ལ་ངོས་འཛིན་མཁན་ཡང་ཡོད་དོ། །

སེལ་འོ་སུ་འན་གྱི་སྐད (G1, G2)