ལྷ་ས་ཆོས་འཛིན་ཉི་འོད་དྭ་ཕྲུག་ཁང་གི་བསྟན་འཛིན་ཆོས་སྒྲོན་དང་༼གཟི་མིག་དགུ་པ་༽རོལ་ཚོགས་ཀྱི་གཞས་པ་ཟླ་བ་རྡོ་རྗེ་གཉིས་ཀྱིས་མཉམ་དུ་བཏང་བའི་གླུ་གཞས་

གཞས་ཚིག་

རྩོམ་སྒྲིག

ནམ་མཁའི་སྐར་མ་སྨིན་དྲུག མཇལ་འདོད་བློ་ལ་ཡོད་ཀྱང་། གནམ་ལ་སྐས་འཛེག་འཛུགས་པའི། ཐབས་ཤེས་ང་ལ་མི་འདུག

ང་ཡི་ཆུང་འདྲིས་བྱམས་པ། རྨི་ལམ་ནང་གི་ལྷ་མོ། སྙིང་གཏམ་མ་བཤད་གོང་ལ། སྤྲིན་པའི་བསེབ་ལ་ཡལ་སོང་།

གསར་གྲོགས་བྱམས་པའི་བརྩེ་དུང་། ཕ་རིའི་སྤང་གི་མེ་ཏོག ཞལ་ཁ་མ་ཕྱེ་གོང་ལ། སད་དང་སེ་རས་ཁྱེར་སོང་།

ནམ་མཁའི་བླ་མ་དཀོན་མཆོག ཐུགས་རྗེའི་ཅན་གྱིས་གཟིགསརོགས།