རྣམ་དཀར་ལྷ་མོས་བྲིས། (མཁན་པོ་ཨོ་རྒྱན་རིག་འཛིན་གྱིས་རྩོམ་སྒྲིག་བྱས། ༢༠༢༡། ༥། ༡༥།)

File:Dolma kyab.jpg
སྒྲོལ་མ་སྐྱབས། Dloma Kyab

སྒྲོལ་མ་སྐྱབས། གངས་ཅན་པ་སྒྲོལ་མ་སྐྱབས། (Romanize: Dolma Kyab; Wylie: Sgrol ma skyabs) བོད་གཞས་ཀྱི་མཁའ་དབྱིངས་ལ་འཚེར་བའི་སྐར་མ་འོད་ཆེན་ཞིག་ཡིན། ཁོང་ནི་ལོ་རབས་བདུན་ཅུ་པའི་དུས་སྨད་ལ་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀླུ་ཆུ་རྫོང་མ་ངེ་ཧོར་སྐྱེས་སྡེ་བ་ནས་འཚར་ལོངས་བྱུང་ཞིང་། བོད་ཀྱི་གླུ་གཞས་སྒྱུ་རྩལ་གྱི་ཚིག་དབྱངས་ལེན་གསུམ་ཆེད་ལས་ལ་བརྩོན་མཁན་གྱི་གླུ་གཞས་སྒྱུ་རྩལ་པ་ཞིག་ཡིན་པར་མ་ཟད། ཀུན་གྱིས་དགའ་བསུ་ཐོབ་པའི་ཡིག་མཁན་ཞིག་ཀྱང་ཡིན།

སློབ་སྦྱོང་།

རྩོམ་སྒྲིག

སྤྱི་ལོ་ 1999 ལོར་ཁོང་ཉིད་ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་བོད་ཡིག་སྡེ་ཁག་གི་རྩོམ་རིག་དང་ལོ་ཙཱའི་ཆེད་སྦྱོང་ནས་སློབ་མཐར་ཕྱིན་ཅིང་། ལོ་དེའི་ཟླ་7པར་རྔ་བ་ཁུལ་ནོར་སྲིད་ལས་ཁུངས་ནས་གཞུང་ཞབས་བྱ་བའི་ལས་གནས་སུ་ཞུགས་པ་དང་། དེ་རྗེས་

གླུ་གཞས་སྒྱུ་རྩལ་གྱི་ལམ་དུ་ཞུགས་པ།

རྩོམ་སྒྲིག

རིམ་བཞིན་གཟི་ཚ་སྡེ་དགུའི་ཁུལ་ནོར་སྲིད་ཅུས་ཀྱི་སྣེ་ལེན་ལྟེ་གནས་ཏེ་གཟི་ཚ་སྡེ་དགུ་སྐལ་བཟང་ལགས་སྒྱུ་རྩལ་ཁང་ཞེས་པ་ནས་འཁྲབ་སྟོན་གྱི་ལས་ལ་ཞུགས་པ་དང་སྦྲགས་གླུ་གཞས་སྒྱུ་རྩལ་གྱི་ལམ་ལ་ཐོག་མར་ཞུགས་འགོ་བརྩམས། སྔ་ཕྱིར་བྱ་བའི་བར་གསེང་ནས་སི་ཁྲོན་རོལ་དབྱངས་སློབ་གླིང་དང་སྒྱུ་རྩལ་སློབ་གྲྭ་སོགས་ནས་གླུ་གཞས་སྒྱུ་རྩལ་གྱི་གཞུང་ལུགས་དང་སྐད་ངག་ལ་སྦྱངས་བ་ཅི་ལྕོགས་བྱས། 2003 ལོ་ནས་ 2006 ལོའི་བར་སི་ཁྲོན་མི་རིགས་གླུ་གར་ཚོགས་པ་ནས་འཁྲབ་སྟོན་གྱི་ལས་ཀ་གཉེར། 2004 ལོར་ཆེད་སྒྲིག་ཐོག་མ«གངས་ཅན་པ»འགྲེམས་སྤེལ་བྱས་པར་མ་ཟད་ཁྲེང་ཏུའུ་ཅིན་ཁྲིན་སྒྱུ་རྩལ་ཕོ་བྲང་ནས་ཐོག་མའི་གླུ་གཞས་ཆེད་ཚོགས་ཀྱང་བདེ་ལེགས་ངང་འཚོགས།

སྙན་གྲགས་རྒྱས་ཚུལ།

རྩོམ་སྒྲིག

2005 ལོར་མཚོ་སྔོན་བོད་སྐད་རླུང་འཕྲིན་བོད་ཡུལ་དུ་བསྐྱོད་པ་ལས་རྨ་ཁུགས་དང་པོའི་ལྷན་འཛོམས་ཞེས་པའི་སྤྲོ་ཚོགས་སུ་ཞུགས་ཏེ«གངས་ཅན་པ»ཞེས་པའི་གླུ་གཞས་ཀྱིས་གྲགས་པས་ཁྱབ་ཅིང་ཉན་མཁན་མང་པོར་བག་ཆགས་ཟབ་མོ་བཞག་པས་ཀུན་གྱིས་ཁོང་ལ་གངས་ཅན་པ་ཞེས་འབོད་པ་དང་མཚམས་གང་ཞིག་ནས་གཞས་མིང་མི་ལ་ཐོགས་པར་གྱུར། དེ་ཡང་སྔ་ཕྱིར་བོད་འབྲེལ་ས་ཁུལ་གྱི་སྤྲོ་ཚོགས་ཆེ་གྲས་རབ་དང་རིམ་པ་མང་པོར་ཞུགས་པ་དང་། དུས་ད་ལྟའི་བར་གླུ་གཞས་ཀྱི་ཚིག་དབྱངས་བརྩམས་ཆོས་བརྒྱ་ཕྲག་ལས་བརྒལ་བས་བོད་མདོ་དབུས་ཁམས་གསུམ་ཀུན་ལ་སྙན་གྲགས་ཀྱིས་ཆོད་ཅིང་བོད་གཞས་སྒྱུ་རྩལ་པ་རྣལ་མ་ཞིག་ཏུ་ཆགས།

བྱས་རྗེས།

རྩོམ་སྒྲིག

2008 ལོར་མི་སྒེར་གྱི་གཞས་དབྱངས་བརྩམས་ཆོས་ཆེད་སྒྲིག«རྩམ་པ་ཕ་ཡུལ»ཞེས་པ་འགྲེམས་སྤེལ་བྱས་པས་བོད་ཀྱི་ཆེད་ལས་མི་སྣ་དང་ཤེས་ཡོན་པའི་སྡེ་ནས་གདེང་འཇོག་ཚད་མཐོ་གནང་། 2008ལོའི་ལོ་མཇུག་ལ«སེམས་ཀྱི་མཆོད་མེ»ཞེས་པའི་སྒེར་གྱི་གླུ་གཞས་ཆེད་ཚོགས་གཉིས་པ་གཙོས་གྲོང་ཁྱེར་གྱི་ཀན་ལྷོ་ཟློས་གར་ཁང་ནས་འཚོགས། 2014 ལོར་མཚོ་སྔོན་བརྙན་འཕྲིན་ཁང་དང་མཉམ་འབྲེལ་སྒོས་མི་སྒེར་གྱི་གླུ་གཞས་ཆེད་ཚོགས་གསུམ་པ«གངས་རིའི་སྐར་རྒྱན»ཞེས་པ་འཚོགས། 2016 ལོར་ཀན་ལྷོ་ཁུལ་བོད་ཀྱི་ཡིག་གཟུགས་མཐུན་ཚོགས་སུ་ཞུགས་ཏེ་ཡིག་གཟུགས་སྒྱུ་རྩལ་ལ་སྦྱངས་བ་བྱེད་མུས་མཆིས། 2017 ལོར་མདོ་ཁམས་ཡུལ་གྱི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་དྲུག་པའི་གདན་ཞུའི་སྐུ་མགྲོན་དང་སྤྱིའི་དཔྱད་འདེམས་པར་བསྐོས། 2020 ལོར་ཡང་བསྐྱར་མི་རིགས་མཐུན་སྒྲིལ་རྟགས་མའི་སྒྲ་སྙན་རྡུང་ལེན་འགྲན་སྡུར་སྐབས་བདུན་པའི་སྤྱིའི་དཔྱད་འདེམས་པ་དང་མཛུབ་སྟོན་དགེ་རྒན་ལ་བསྐོས། སྔ་གཞུག་ཏུ་མི་སྒེར་དང་མཉམ་འབྲེལ་གྱི་བརྩམས་ཆོས་འོད་སྡེར་ཉི་ཤུར་ཉེ་བ་འགྲེམས་སྤེལ་བྱས་པས་བོད་ཕྱི་ནང་ཀུན་ལ་ཚད་མཐོའི་དགའ་བསུ་ཐོབ་པའི་གླུ་གཞས་སྒྱུ་རྩལ་པ་ཞིག་ཡིན་ནོ། །