སྟོན་པ་ཡེ་ཤུའི་ཆོས་ཚོགས།

སྟོན་པ་ཡེ་ཤུའི་ཆོས་ཚོགས། འདི་ནི་ཕྱོགས་རིས་མེད་པའི་ཆོས་ཚོགས་ཞིག་རེད། 1917ལོར་ཀྲུ་གོའི་པེ་ཅིང་དུ་དབུ་བརྙེས། ད་ལྟ་རྒྱལ་ཁབ་གསུམ་བཅུ་དང་གླིང་ཆེན་དྲུག་ནང་དད་པ་བྱེད་མཁན་ཁྱོན་མི་གྲངས་ས་ཡ་250ལྷག་ཡོད། ཆོས་ཚོགས་འདི་ནི་དུས་རབས་ཉི་ཤུའི་ཡང་མགོར་ཐོག་མར་བྱུང་བའི་ཡེ་ཤུའི་ཆོས་ལུགས་ཀྱི་Pentecostགྲུབ་མཐའི་ཁོངས་སུ་གཏོགས། ཁོ་ཚོའི་དམིགས་ཡུལ་ནི་སྟོན་པ་ཡེ་ཤུ་ཐེངས་གཉིས་པར་སྐུ་བལྟམས་གོང་འཕྲིན་བཟང་མཛམ་གླིང་ཡོངས་ལ་ཁྱབ་གདལ་གཏོང་རྒྱུ་དེ་རེད། ཆོས་ཚོགས་འདིའི་ཆེས་རྩ་ཆེའི་རྨང་གཞིའི་དམ་ཚིག་ཆེ་བ་བཅུ།

  1. ལྷའི་ཐུགས་དགོངས་ལ་དད་པ།
  2. ཁྲུས་དབང་ལ་དད་པ།
  3. ཞབས་ཁྲུས་དབང་ལ་དད་པ།
  4. ལྷ་བཤོས་ལ་དད་པ།
  5. བདེ་བར་གཤེགས་པའི་ཉིན་མོར་དད་པ།
  6. སྟོན་པ་ཡེ་ཤུ་ལ་དད་པ།
  7. དམ་པའི་གསུང་རབ་ལ་དད་པ།
  8. མགོན་སྐྱབས་ལ་དད་པ།
  9. ཆོས་ཚོགས་ལ་དད་པ།
  10. ཆེས་མཐའ་མའི་བརྡར་ཤ།
སྟོན་པ་ཡེ་ཤུའི་ཆོས་ཚོགས།