སྤགས་ཆང་
སྤགས་ཆང་། ཟན་ཆང་། ཆང་ལྟར་བསྙལ་ཏེ་ལངས་པའི་སྤགས།
སྤགས་ཆང་གི་ལོ་རྒྱུས།
རྩོམ་སྒྲིགཟན་ཆང་ནི། རྩམ་པའམ་སྤགས་ལ་ཆང་རྩི་བསྲེས་ཏེ་བསྙལ་བའི་རྗེས་སུ་དབྱིབས་བཟོ་ནར་མོ་དང་སྒོར་ལེབ་སོགས་བཟོས་ཏེ་སྐམ་དུ་བཅུག་པའི་ཟས་རིགས་མངར་སྐྱུར་གྱི་བྲོ་བ་ཞིམ་པོ་ལྡན་པ་ཞིག་སྟེ། ལྟོགས་སྐོམ་གྱི་གདུང་བ་སེལ་ཐུབ་པའི་དམིགས་བསལ་གྱི་ཁྱད་ཆོས་ལྡན་པ་ཞིག་ཡིན། ཟས་རིགས་དེ་ནི་གཙོ་ཆེ་བ་དབུས་གཙང་ས་ཁུལ་དུ་སྤྱོད་ཁྱབ་ཆེ་བ་ཞིག་ཡིན།
སྤགས་ཆང་གི་བཟོ་སྟངས།
རྩོམ་སྒྲིགམདོར་བསྡུས་ཞིག་བྲིས་ན། ཐོག་མར་ཡོང་ཚོད་ཀྱི་རྩམ་པ་སྣོད་ནང་བླུགས་ཏེ་ཆུ་ཁོལ་ཏོག་ཙམ་བླུགས་ནས་བརྫི་དགོས། དེ་རྗེས་ནམ་རྒྱུན་གྱི་སྤགས་དང་འདྲ་བ་ཆགས་དུས་ཆང་བསྙལ་བྱེད་ཀྱི་ཁོག་མ་སོགས་ཀྱི་སྣོད་ནང་བླུགས་ནས་དེའི་སྟེང་དུ་ཆང་རྩི་གཏོར་དགོས། ཆང་རྩི་མང་ཉུང་ཡང་ཉམས་མྱོང་ལ་བརྟེན་ནས་གཏོར་དགོས། དེ་ནས་ཆང་བསྙལ་བ་ཇི་བཞིན་སྤགས་བླུགས་ཡོད་པའི་སྣོད་འདི་ཉལ་ཆས་སོགས་ཀྱི་བཏུམས་ནས་བསྙལ་ནས་བཞག་དགོས། ངེས་པར་དུ་དོ་སྣང་བྱེད་དགོས་པ་ཞིག་ཡོད་དེ། དྲོད་ཚད་ཚ་དྲག་ན་སྤགས་ཆང་སྐྱུར་མོ་ཆགས་པ་དང་དྲོད་ཚད་ཆུང་དྲག་ན་སྤགས་ལངས་ཀྱི་མ་རེད། དེར་བརྟེན་སྤྱིར་ཉམས་མྱོང་ནི་རང་ཉིད་ཀྱི་མཛུབ་མོ་སྤགས་ཀྱི་ནང་དུ་བཞག་ན་དྲོད་ཚད་ཏོག་ཙམ་ཡོད་པ་དང་རླངས་པ་མི་བྱེད་པ་དེ་འདྲ་ཞིག་དགོས། དེ་རྗེས་ག་ལ་གང་འཚམས་ཀྱིས་སྤགས་ཆང་གི་དྲི་མ་འཐུལ་ཡོང་གི་རེད། དེ་ནས་སྤགས་ཆང་ཡར་སླང་ན་ཆོག སྤགས་ཆང་ཀྱང་ལངས་ཡོད་ངེས་རེད།