སློབ་དེབ་ཅེས་པ་སྒྲ་དོག་འཇུག་གི་དབང་དུ་བྱས་པའི་སློབ་གཞིའི་དོན་ཏེ། སློབ་ཁྲིད་རྩ་གནད་གཞིར་བཟུང་ནས་བརྩམས་པའི་སློབ་གཞི་ལ་ཟེར། སྤྱིར་སློབ་གྲྭ་མི་འདྲ་བ་ལ་སློབ་དེབ་མི་འདྲ་བ་ཡོད། ཡིན་ན་ཡངསློབ་དེབ་ཅེས་པ་ད་སྔར་རྒྱུས་ཡོད་པའི་ཤེས་རིག་དང་ཉམས་མྱོང་ཐུན་མོང་བ་རྣམས་རིགས་བསྡུས་ནས་གསལ་བཤད་བྱེད་པ་ལས་ཞིབ་འཇུག་གི་འབྲས་བུ་སྟོན་བྱེད་མ་ཡིན་པས་དེར་བརྟག་དཔྱད་གསར་པའི་སྐོར་དང་ཕྱོགས་རེ་བའི་ལྟ་བ་ བཀོད་པ་མ་ཡིན་ནོ། །